Skip to content

༄༅། །ཆོས་རྗེ་རིན་པོ་ཆེའི་གསུང་སྒྲོས་གནད་ཟབ་མོ་དྲིལ་བ་ཆོས་བརྒྱད་མགོ་སྙོམས་ཀྱི་ཁྲིད་ཟབ་མོ་བཞུགས་སོ། །

法王藏巴甲热教言殊胜法要

平齐八风之引导

རྒྱལ་བ་རྒོད་ཚང་པས།

郭仓巴 讲解

ཆོས་དབྱིངས་རྣམ་དག་བདེ་བ་ཆེན་པོ་ལས། །

清净法界无漏大乐中,

ཕྲིན་ལས་མཐར་ཕྱིན་གཟུགས་སྐུ་རྣམ་གཉིས་ཀྱིས། །

事业圆满显现化报身,

འགྲོ་ཀུན་བདེ་ལ་འགོད་པའི་གཉེན་གཅིག་པོ། །

诸众安置解脱唯一怙,

ཀུན་མཁྱེན་སངས་རྒྱས་ཐུགས་རྗེ་ཅན་ལ་འདུད། །

顶礼遍智佛陀大悲尊。

ཆོས་ཐམས་ཅད་རྐྱེན་ཐོག་ཏུ་སྤུངས་པ་ཚོགས་ཆོས་ཆོས་བརྒྱད་མགོ་སྙོམས་ཀྱི་ཁྲིད་ལ། བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས། གསང་སྔགས་ལ་སྤྱོད་པ་བཞི་རུ་བཤད་པ་ལས། ཀུན་ཏུ་བཟང་པོའི་སྤྱོད་པ་ནི། རང་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་རྟོགས་པ་དེ་ཡིན། དེ་ལ་བརྟན་པ་ཐོབ་ནས། གསང་བའི་སྤྱོད་པ་ཉམ་ང་མེད་པ་སེང་གེ་ལྟ་བུར་བྱས་པས། མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའི་ནུས་པ་རྙེད་པ་དང་། སྟག་གི་ལྤགས་པ་གྱོན། རུས་རྒྱན་བཏགས། ཕྱག་རྒྱ་ཁྲིད་ནས། མངོན་ཤེས་དང་རྫུ་འཕྲུལ་གྱིས་གཞན་མི་དད་པ་བཟློག་ཅིང་། ཟླ་བ་གསུམ་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱས་ནས། ཆོས་བརྒྱད་ལ་རོ་སྙོམས་བྱེད་པར་བཤད་པ་ཡིན་ཀྱང་། བོད་ན་ཚོགས་ཆོས་དེའི་སྲོལ་མེད་པས་ན། དེའི་དོད་པོ་མི་ཡི་སློབ་དཔོན་བྱེད་པ་དང་། གྲོང་གསེབ་ཏུ་འཁྱམས་པའི་དུས་སུ་ཆོས་བརྒྱད་མགོ་སྙོམས། རྐྱེན་ངན་ལམ་དུ་འཁྱེར་བ་ཡིན།

在此宣讲一切法解说为缘生缘灭之会传法——平齐世间八风(八法)之引导。

上师圆满正等觉佛陀亲口云:“密法有四种行,其中“普贤行”就是自心证悟了无生法身佛的境界。在此境界中,当获得定力之时,就行持如同狮子一般毫无恐惧地“密行”修法,由此将会获得神通、神变等各种法力。此时身着虎皮,佩戴骨饰,带着手印母(明妃),以神通、神变去感化不恭敬的人,并修持“明禁行”三个月,而一味世间八风。

但是,在藏地没有如此的会行方式,因此替代般的修法,是当做他人的轨范师(师父),或在城中闲游之时就要平齐八风,将恶缘转为道用。

ཚོགས་སྤྱོད་མཐར་ཕྱིན་པ་དང་། རི་བོའམ། རི་བོའི་སུལ་ལ་སོགས་པའི་དབེན་གནས་སུ་ཕྱིན་ནས། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པས་ཀུན་རྟོག་ཕྲ་མོ་བཅད་ནས་སངས་རྒྱ་བར་བྱེད་པ་ཡིན་གསུངས། ད་ལྟ་འོ་སྐོལ་ལ་མངོན་ཤེས་མེད་པས་ཚོགས་ཆོས་ལ་བྱ་བའི་ནུས་པ་མེད་ཀྱང་། ཆོས་བརྒྱད་ཀྱི་གསེབ་ན་སྐེ་ཕྱིང་ངེ་ཡོད་པས། དེ་ལམ་དུ་ཁྱེར་བ་དེ་ཀ་ཚོགས་སྤྱོད་ཡིན་ཏེ། ཚོགས་སྤྱོད་ཀྱི་དུས་སུ་ཆོས་བརྒྱད་མགོ་སྙོམས། རྐྱེན་ངན་གྲོགས་སུ་ཁྱེར་ཅེས་གསུངས་པས། དང་པོ་ཟློག་སྒོམ་སྔོན་དུ་སོང་བས། ཆོས་བརྒྱད་ལ་རོ་སྙོམས་བྱ།

当圆满完成会行修法时,方可前往山林或者山谷等寂静处,行持“无边尊胜行”,即断除细微的分别念而圆满证得佛果。

虽然目前我们没有神通,不具备行持会行能力,但是,因为我们八风问题尤为突出,若能将八风转为道用,也是行持会行之法,因为行持会行就是要平齐八风,将逆缘转为顺缘。”

因此,应当先修好回遮之修,由此将一味世间八风。

དེ་ཡང་ཟློག་སྒོམ་ནི། རྐྱེན་བཟང་ངན་ཐམས་ཅད་མི་སྤོང་བར་ལམ་དུ་ཁྱེར་བས། གཉེན་པོའི་མི་ཟློག་བསྒོམ། ངོ་བོ་བདེ་སྡུག་ཐམས་ཅད་རོ་སྙོམས་པས། འབྲས་བུ་རེ་དོགས་དང་བྲལ་བ་ཡིན་གསུངས། དེ་ཡང་འགལ་མཐུན་གང་བྱུང་ཡང་དེའི་དབང་དུ་མི་གཏོང་བ་རོ་སྙོམས། དེ་ལ་མཐུན་རྐྱེན་བྱུང་ན་དགའོ་སྙམ་པ་བྱས་ལ་ཕྱག་རྒྱ་ཆེན་པོའི་ངང་ལས་མ་གཡོས་པར་ཆགས་སེམས་མེད་པར་རོ་སྙོམས། འགལ་རྐྱེན་བྱུང་ན་དགའོ་སྙམ་པ་བྱས་ལ་སྡང་སེམས་མེད་པར་རོ་སྙོམས། མཐུན་འགལ་གཉིས་ལས་འཇིག་རྟེན་གྱི་ཆོས་བརྒྱད་ལས་མ་འདས་ཏེ། འཇིག་རྟེན་ཆོས་བརྒྱད་ནི། རྙེད་མ་རྙེད། གྲགས་མ་གྲགས། སྟོད་དང་སྨད་པ་དང་། བདེ་དང་དུཿཁ་ལ་འཇིག་རྟེན་ཆོས་བརྒྱད་ཅེས་གསུངས་པས།

所谓回遮之修就是不对治、不遣除一切顺缘和逆缘,而将其转为道用,即一切苦乐于自性大手印中一味,由此在果位上就远离了希忧。

无论遇到任何顺缘还是逆缘,均不受影响,而要将其一味。比如,遇到顺缘时心想:遇到顺缘也好,对此不起丝毫的贪心,并如如不动地一味于大手印境界中。

若遇到逆缘,同样心想:遇到逆缘也好,并毫无嗔心的将其一味。

无论是顺还是逆,均离不开世间八风。

世间八风,如云:“利与衰,誉与毁,称与讥,乐与苦。”

དང་པོ་རྙེད་པ་ཆོས་བརྒྱད་ནི། ཐ་ན་ཟན་རྡོག་གཅིག་སྟེར་བ་ཁབ་དང་སྐུད་པ་གཅིག་སྟེར་བ་ཡན་ཆད་ནས། ཡ་མཐའ་བརྒྱ་ཕོག་སྟོང་ཕོག་ནས་ཞབས་ཏོག་ཅི་བྱུང་ཡང་རྙེད་པའི་ཁོངས་སུ་འདུས་པས་དེ་ལ་དགའ་ཚོར་སྐད་ཅིག་ཀྱང་མེད་པར་ཕྱག་རྒྱ་ཆེན་པོའི་ངང་ལས་མ་གཡོས་པར་བྱས་པས་རང་དོན་དུ་ཆོས་བརྒྱད་མགོ་སྙོམས། །གཞན་དོན་དུ་ཕྱག་རྒྱ་ཆེན་པོའི་ངང་ནས་མི་འདོད་པར་ཇོ་བཟང་ཡང་མི་བྱ་བར། ཕྱི་རུ་གཞན་ཚོགས་རྫོགས་པའི་ཆེད་དུ་སྙིང་རྗེས་བླང་། ནང་དུ་སྒྱུ་མའི་བློས་ཚོགས་གཉིས་རྫོགས་སུ་བཏང་སྟེ། རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པའི་བློས། རང་ཡང་བདག་ཏུ་མི་བཟུང་། ལོངས་སྤྱོད་ན་ཡང་ཟས་ཀྱི་རྣལ་འབྱོར་དང་བསྔོ་བ་སྨོན་ལམ་ལ་སོགས་པ་བྱས་ལ། ཚོགས་གཉིས་རྫོགས་སུ་བཏང་།

(一)、利世间风:

无论是接受小至一袋的糌粑,还是一针一线的给予,或是大至百千万的供养,这均属于利益,对此一瞬间也不起欢喜心,而在大手印的境界中如如不动的安住,由此为自己平齐了利世间风。

为了他人,对外,不当脱离世俗的大修行人。为了圆满他人的资粮,于大手印境界中如如不动的慈悲接受他人供养。

于内,以如幻的心将所供养的财物用于积累自他二资粮上。要明了万法如梦如幻的道理,对自己也不执着为我所。每当享用食物时,应当进行食物瑜伽,并同时做发愿和回向。如此将善根、福德用于圆满自他二资粮上。

མ་རྙེད་པ་ནི་ནང་བཟའ་རུ་མེད། ནུབ་གྱོན་དུ་མེད་པ་ཕུན་སུམ་ཚོགས་པ་མི་འབྱུང་ཡང་། འདོད་བློ་སྐད་གཅིག་ཀྱང་མ་སྐྱེས་པར་ཕྱག་རྒྱ་ཆེན་པོའི་ངང་ལས་མ་གཡོས་པར། གནས་ལུགས་ཀྱི་ངང་དུ་སྦད་ལིང་ངེ་བསྡད་པས་རང་དོན་དུ་ཆོས་བརྒྱད་མགོ་སྙོམས། གཞན་དོན་དུ་ཐོག་མ་མེད་པ་ནས་ཀྱི་སེར་སྣའི་སྒྲིབ་པ་སྦྱངས་ཏེ། སེམས་ཅན་ལ་སྙིང་རྗེ་དུང་གིས་བསྒོམས་ལ། བདག་ལ་ནང་བཟའ་རྒྱུ་མེད། ནུབ་གྱོན་རྒྱུ་མེད་ཕུན་སུམ་མ་ཚོགས་པ་འདི་ལ་བསྟེན་ནས། སེམས་ཅན་ཐམས་ཅད་ཀྱིས་སེར་སྣ་བྱས་པའི་སྡིག་པ་ཐམས་ཅད་དག་པར་གྱུར་ཅིག ། ཅེས་སྨོན་ལམ་བཏབ། ནང་དུ་ཞེན་པ་མཐའ་དག་བཟློག་སྟེ། འདོད་ཡོན་བྱུང་བ་ལ་དགོས་པ་མེད་པ་བྱས་ལ། ཞེན་པ་བཙན་ལོག་ལ་བཏང་།

(二)、衰世间风:

即便一点也不富足,甚至贫穷到连早上吃不上早餐,晚上找不到被子盖的地步,然而,此时不生起一刹那的贪求之心,而如如不动地安住于了义大手印实相境界中,由此为了自己平齐了衰世间风。

为了他人,应当要消除从无始以来因吝啬所造成的一切罪障,并且对一切有情发慈悲心,发愿:我早上吃不上早餐,晚上也找不到被子盖,极其贫穷、衰败,愿以此衰败净除一切有情因吝啬所造成的全部罪业。

于内,应制止一切贪欲心,要修的对一切妙欲皆无所求,而每当生起贪心时,应当立即强行断除。

གྲགས་པ་ཆོས་བརྒྱད་ནི། འཇིག་རྟེན་ཁམས་སུ་གྲུབ་ཐོབ་སངས་རྒྱས་ཟེར་ནས། རྩོད་མེད་དུ་གྲག་ཀྱང་སྒྲ་གྲགས་སྟོང་སྒྱུ་མ་ལྟ་བུར་ཤེས་ནས་དགའ་ཚོར་མེད་པར་བྱས་ན་རང་དོན་དུ་རོ་སྙོམས། གཞན་དོན་དུ་ཕྱི་རུ་མཐོང་ཐོས་ཐམས་ཅད་གདུལ་བྱར་སྨོན་ལམ་གདབ། བདག་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེག་པ་ཐམས་ཅད་བདག་གི་གདུལ་བྱར་སྐྱེས་ནས་ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བར་གྱུར་ཅིག ། ཅེས་སྨོན་ལམ་བཏབ་པས་ལས་འབྲེལ་དུ་བསྒོམ། ནང་དུ་ང་རྒྱལ་སྐད་ཅིག་ཀྱང་མ་སྐྱེས་པར་བྱའོ། །

(三)、誉世间风:

即便你名扬四海,世人皆称你是成就者、真佛,但自己要知道,赞誉之声皆是空无之音,如同幻化,故而为此不应生起丝毫的喜悦感,如此为了自己将一味了誉世间风。

为了他人,对外,将所见所闻一切有情,皆发愿成为我的所化众生。发愿:愿见我者、闻我者、思我者、触我者一切有情,均生为我的所化对象,于一生一世当中证得圆满佛的果位,并观想:我如此发愿即是宿世之因缘,因此,于内不应妄生一瞬间的傲慢心。

མ་གྲགས་པ་ལ་ནང་ན་རང་ལ་ཕུན་སུམ་ཚོགས་པ་ཕྱིར་མི་གཅིག་གིས་ཐོས་པ་མེད་ཀྱང་ཕྱག་རྒྱ་ཆེན་པོའི་ངང་ནས་མི་དགའ་བ་མེད་པར་རང་དོན་དུ་རོ་སྙོམས། གཞན་དོན་དུ་ཕྱི་རུ་བདག་འཛིན་གཏོང་བའི་སློབ་དཔོན་དུ་བསྒོམ། མ་གྲགས་པ་ལ་མི་དགའ་བ་མེད་པར་དགའ་བ་བསྒོམ་སྟེ། ཡོན་ཏན་གསང་ན་འཕེལ་བས་ཀྱང་དགའ། བདག་འཛིན་ཐོངས་བས་ཀྱང་དགའ་སྙམ་དུ་བྱ། ནང་དུ་ཡུལ་ཡོན་ཏན་ཅན་གྱིས་ཡོན་ཏན་མ་བརྗོད་པའི་སྡིག་པ་དག་པར་བསྒོམ། མ་གྲགས་པ་འདི་ཡུལ་ཡོན་ཏན་ཅན་གྱི་ཡོན་ཏན་མ་བརྗོད་པའི། ལས་ངན་ཡིན་པས་འདག །མ་གྲགས་པ་འདིས་སེམས་ཅན་ཐམས་ཅད་ཀྱིས་ཡུལ་ཡོན་ཏན་ལ་གྲགས་པ་མ་བརྗོད་པའི་ལས་ངན་འདག་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ་གསུངས།

(四)、毁世间风:

于内,虽然自己具有许多功德,但外面却无人理睬,都不闻不问,此刻不该有不悦之心,应安住于大手印当中,即是为了自己而一味。

为了他人,对外观想:毁谤的人就是使自己去除我执的善知识,因此,被毁谤时不但不生气,而且应当要观修随喜心。心想:功德是保密了才会增长,因此应当随喜。由此可以去除我执,因此应当欢喜。

于内观想:净除该赞誉他人功德但不赞誉而产生的罪业。以不悦的心毁谤他人功德,就是造恶业。发愿:愿以此毁谤,能消除一切众生因毁谤他人功德而造做的一切罪业。

བསྟོད་པ་ནི་རང་གི་མདུན་དུ་བསྟོད་སྒྲ་སྣ་ཚོགས་གཏོང་ཡང་། སྒྲ་གྲག་སྟོང་སྒྱུ་མ་ལྟ་བུར་ཤེས་ནས་དགའ་ཚོར་རོ་སྙོམས། གཞན་དུ་ཕྱི་རུ་དཀར་པོའི་ལས་ཀྱིས་སྨོན་ལམ་གྱི་རྟེན་བྱས་ཏེ། དགའ་ཚོར་གྱི་རྟོག་པ་མེད་པར་ཕྱག་རྒྱ་ཆེན་པོ་ལས་མ་གཡོས་པར། བདག་ལ་དད་གུས་གྱིས་བསྟོད་ཅིང་། གསོལ་བ་འདེབས་པ་དང་། རྣམ་ཐར་བརྗོད་པ་འདི་ལ་བརྟེན་ནས་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ། ནང་དུ་གྲགས་སྟོང་དུ་རོ་སྙོམས། བསྟོད་སྒྲ་སྣ་ཚོགས་སུ་གཏོང་བ་དེ་ཉིད་ལ་སྤང་བླང་མེད་པར། སྒྲ་གྲག་སྟོང་ཕྱག་རྒྱ་ཆེན་པོའི་ངང་དུ་དྲན་པས་ཚིར་གྱིས་བཟུང་ངོ་། །

(五)、称世间风:

每当有人在你面前以各种各样方式来称赞你时,自己要知晓,这种称赞之声是空无之悦音,如同幻化。如此了知而一味了喜悦感。

为了他人,对外,白业(善缘)是发誓愿之所依,不该有喜悦的分别念,应安住于大手印当中,并于此境中如如不动的发愿:于我因恭敬而被称赞、祈祷、讲述传记等之缘,愿一切有情获得无上菩提之果位。

于内,声空一味,对各种各样方式被称赞的音声均无有取舍,而保持正念于大手印声空无别的境界中。

སྨོད་པ་ན་དམ་ཚིག་མེད་སྡོམ་པ་མེད་ཟེར་ནས་སྨད་སྒྲ་སྣ་ཚོགས་གཏོང་ཡང་ཁོང་ཁྲོ་སྣ་གཅིག་མ་སྐྱེས་པར་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་པས་རང་དོན་ཆོས་སྐུར་རོ་སྙོམས། གཞན་དོན་དུ་ཕྱིར་ནག་པོའི་ལས་ཀྱིས་སྨོན་ལམ་གྱི་བརྟེན་བྱ། བདག་ལ་མ་དད་ཅིང་བསྐུར་པ་འདེབས་པ་དང་། བརྙས་ཤིང་བསམ་སྦྱོར་ངན་པ་དང་ངན་སྨྲས་དང་རྒྱ་སྐད་གཏོང་བ་དེ་དག་ལ་བརྟེན་ནས་བདག་གི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཁོང་སངས་རྒྱ་བའི་ལམ་གྱི་གེགས་སུ་མི་འགྲོ་བར་གྱུར་ཅིག །བདག་གི་གདུལ་བྱར་གྱུར་ཅིག ། བདག་གི་གདུལ་བྱར་གྱུར་ནས་ཚེ་གཅིག་ལུས་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །ཅེས་སྨོན་ལམ་གདབ། སྨོན་པ་འདིས་ཀྱང་ངན་འབྲེལ་དུ་འགྲོ་བ་ཡིན་གསུང་། ནང་དུ་རང་གིས་གཞན་ལ་སྨད་པའི་སྡིག་པ་འདག་པ་དང་། བཟོད་པ་སྒོམ་པའི་སློབ་དཔོན་ཤེས་པར་བྱ་སྟེ། ངས་བཟོད་པ་ཐུབ་བམ་མི་ཐུབ་བལྟ་བའི་སློབ་དཔོན་ཡིན་སྙམ་དུ་བསམ། ཁོང་ཁྲོ་མ་སྐྱེས་པར་བྱ་གསུང་ངོ་། །

(六)、讥世间风:

虽然有人说你不守誓言、无戒律等,以各种音声来讥讽你,但你对此一点也不起嗔恨心,只安住于大手印当中,由此为自己于法性中一味了。

为了他人,对外,黑业(恶缘)是发誓愿之所依,发愿:对我不恭敬的人,虽讥讽我、歧视我、攻击我、恶意伤害我,但愿以此讥讽之音能清净我的一切业障。愿以此因,不会变成他(她)修佛时佛道上的障碍,愿他(她)成为我的所化对象。成了我的所化对象后,愿他一生一世中能证得无上正等正觉果位,如此发愿将恶缘转变成善缘。

于内,要知晓,由此既可以清净自己讥讽他人的罪业,这也是修持忍辱波罗蜜的轨范师(师父),因此一点也不应生起嗔恨心。心想:他是我的轨范师(师父),来考验我是否修好安忍波罗蜜多。

བདེ་བ་འདི་ནི་ཟས་ཞིམ་པོའི་བདེ་བ། གོས་དྲོན་པོའི། གཏམ་སྙན་པོའི། གྲོགས་དགའ་བའི། གཟུགས་སྡུག་པའི། སྒྲ་སྙན་པའི། དྲི་ཞིམ་པའི། རོ་མངར་བའི། རེག་བྱ་འཇམ་པའི་བདེ་བ་ལ་སོགས་པ་ཟག་བཅས་ཀྱི་བདེ་བ་ཅི་བྱུང་ཡང་མ་ཞེན་པར་བྱས་པས་རང་དོན་དུ་རོ་སྙོམས་ནས། གཞན་དོན་དུ་ཕྱི་རུ་བདེ་སྐྱིད་བླ་མའི་དྲིན་དུ་ཤེས་པར་བྱས་ལ། དེ་ཉིད་ཀྱིས་བླ་མ་མཆོད། དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པར་སྨོན་ལམ་གདབ། སེམས་ཅན་ཐམས་ཅད་ཀྱིས་ལུས་སེམས་བདེ་བས་གང་བར་བསྒོམ། ནང་དུ་བདག་འཛིན་ཐམས་ཅད་གཏང་། བདེ་བ་དེ་ལ་སྐད་ཅིག་ཀྱང་མ་ཞེན་པར་བྱའོ། །

(七)、乐世间风:

每当享用美味食品、身着温暖舒适衣服、听闻愉悦的好消息、相遇日夜思念的友爱,以及美好的(五欲)色、声、香、味、触等,无论得到任何有漏的安乐,对此毫无贪欲之心,即是为了自己而一味了。

对外,为了他人,要懂得所有的幸福安乐皆是来自上师的恩德所赐,并将幸福安乐供养予上师。由此产生的善根、福德,发愿一切有情永具幸福安乐,并观想一切有情身心充满安乐。

于内,抛弃一切我执,一刹那间也不贪著安乐。

སྡུག་པ་ནི་ན་ཚ་བཀྲེས་སྐོམ་ལ་སོགས་པ་གང་བྱུང་ཡང་། སྤོང་སེམས་མེད་པར་དེ་རང་ཕྱག་རྒྱ་ཆེན་པོར་གསལ་གདབ། རང་དོན་དུཿཁ་རོ་སྙོམས། གཞན་དོན་དུ་ཕྱི་རུ་བྱང་སེམས་ཀྱི་ནད་འདོན་གྱིས་གཞན་གྱི་དུཿཁ་བསྡུས་ལ། སྟོང་ཉིད་དུ་གྲོལ་བར་བསྒོམས། ནང་དུ་ཚེ་ཐོག་མ་མེད་པ་ནས་ལས་ངན་གྱི་སྡིག་སྒྲིབ་སྦྱངས་ཏེ། ན་ཚ་སྡུག་བསྔལ་སོགས་པ་གང་བྱུང་ཡང་། ལས་སུ་ཤེས་པས་སེམས་ཅན་ལ་སྙིང་རྗེ་བསྒོམས་ལ། བདག་གི་ན་ཚ་དུཿཁ་འདི་ལ་བརྟེན་ནས། ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་བདེ་བ་ཆེན་པོས་གང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས་སྔར་གྱི་ལས་ངན་དག་ནས་བདེ་བ་འཕེལ་ནས་འགྲོ་གསུངས།

(八)、苦世间风:

无论遭遇疾病、饥饿等何种痛苦,却没有脱离痛苦的希求,而安住于大手印境界当中,即是为了自己而一味了痛苦。

为了他人,对外,应当修持菩提心,并发愿:愿以此病痛、魔障,能够取受一切众生的所有痛苦,并观想其痛苦解脱于空性当中。

于内,要知晓,承受痛苦能消除从无始以来所造的恶业、罪障,所以无论遇到任何疾病、痛苦,要知道这都是业力所致,并对一切有情发慈悲心,因我的疾病、痛苦,愿我与一切有情的身心充满无漏的大乐。如此发愿便可清净过去所造的恶业(痛苦),同时也可以增长善业(安乐)。

དེ་ཡང་རྐྱེན་བཟང་ངན་ཐམས་ཅད་ཕྲ་གཅོད་སྦོམ་གཅོད་དུ་མི་གཏོང་བའི་བཟང་རྫུ་མཁན་ལ་ཆོས་འདི་ཁོག་ཏུ་མི་ཤོང་བས། ཆོས་སྙིང་ནས་བྱེད་ན་སྙིང་རྗེའི་སེམས་ཅན་གྱི་དོན་བྱེད་པ་ངོ་མཚར་ཆེ་སྟེ། སྔོན་ལ་དཔེ་ཀར་ལ་ཛ་རྡུང་བྱས་ལ། ཕུ་གྲོལ་མདའ་གྲོལ་དུ་བཏང་ནས། ཤ་ཆོད་དང་རུས་ཆོད་དུ་གཏོང་བ་ཡིན། ཆོས་བརྒྱད་མགོ་སྙོམས་འདི། ཆོས་རྗེ་རས་པས། བཀའ་རབ་འབྱམས་མན་ངག་ཐམས་ཅད་དྲིལ་ནས་གསུངས་པ་ཡིན་ནོ། །

ཀུན་མཁྱེན་བརྩེ་ཆེན་རྒྱལ་བ་རྒོད་ཚང་པའི། །

遍智大悲胜者郭仓巴,

གསུང་གི་ཉིང་ཁུ་ཐུགས་ཀྱི་བདུད་རྩི་འདི། །

教言精要内心甘露法,

བདག་གཞན་དོན་དུ་ལྡོམ་བུ་བ་ཡིས་བཀོད། །

为利自他行乞者笔录,

དགེ་བས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །

愿此善根诸众得菩提。

假如一切善恶缘尚不能被粗断细除,而装模作样做修行人,其肚中将无法容纳此法。如果想诚心修法,就得以慈悲心利益众生为要。但是,要利益众生,却得先将八风邪魔驱除,而彻底摆脱世间八风,就要先达到八风吹不动的境界。

此法王藏巴甲热之教言,一切显密佛法之精要——平齐八风之窍诀,由郭仓巴·衮波多杰讲解,行乞者笔录。

2020年11月古普·钦哲译于西宁。在此表示感谢丹增嘉措堪布提供藏文版本,同时也感谢陈润泽居士和朱红霞居士协助反复校对。愿一切吉祥!

主页