Skip to content

༄༅། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྲིད་བཞུགས་སོ། །

慈悲菩提心引导文

རྒྱལ་དབང་ཀུན་དགའ་དཔལ་འབྱོར།

嘉旺棍嘎巴觉 著

ན་མོ་མ་ཧཱ་མུ་དྲཱ་ཡ།

拿摩嘛哈木扎耶!

བྱམས་སྙིང་རྗེའི་ཁྲིད་ཀྱི་རིམ་པ་སྐལ་ལྡན་དགའ་བ་པདྨའི་ཆུན་པོ་ཞེས་བྱ་བ།

慈悲心引导次第——有缘者所喜莲花束

འགྲོ་བ་ཀུན་གྱི་སྙིང་ལས་བྱུང་བའི་དགའ་མའི་རོལ་རྩེད་སྙིང་པོ་འདི། །

一切有情心所空行母乐髓,

མཐའ་ཡས་བདེ་ཆེན་སྐྱེད་པར་བྱེད་པའི་རྡོ་རྗེ་དང་བཅས་བདེ་བའི་གནས། །

生起无限大乐金刚及乐处,

མཆོག་ཏུ་གྲུབ་པ་ངོམ་པ་མེད་པར་རབ་ཏུ་གསོལ་བའི་དགའ་མ་མཆོག །

殊胜所成无法餍足胜明妃,

མཁའ་ལ་སྤྱོད་དང་བདེ་ཆེན་ལ་རོལ་སྙིང་རྗེར་འདུད་དོ་ཤེས་པར་མཛོད། །

当知空行大乐礼敬大悲心。

མ་ནོར་བཀའ་བརྒྱུད་ཀུན་གྱི་ལམ་བཟང་པོ། །

一切噶举无误之胜道,

རྒྱ་བོད་ཤིང་རྟའི་འགྲོས་ལས་ལེགས་འོངས་ཤིང༌། །

印藏大乘师所引进法,

གྲུབ་མཆོག་འགྲོ་མགོན་གསུང་གི་མན་ངག་རྣམས། །

大圣怙主言教诸窍诀,

རྒྱལ་དབང་བདག་གིས་དགའ་བས་རབ་ཏུ་སྨྲ། །

嘉旺吾以欢喜心宣说。

འདིར་ལམ་ཟབ་མོ་ཐམས་ཅད་ཀྱི་གནད་སྐལ་ལྡན་ཐམས་ཅད་བྱང་ཆུབ་ཏུ་བགྲོད་པར་བྱེད་པ་ལ་རིང་པ་མ་ཡིན་པའི་ལམ་གྱི་རིམ་པ་ནི་བྱམས་པ་དང་སྙིང་རྗེ་ལ་འདུས་པར་ཤེས་དགོས་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པ་ལགས་སོ།། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ་ཞེས་སོ།། དེས་ན་རྩ་བ་དང་ཡན་ལག་གི་ཚུལ་གྱིས་རིམ་པར་ཕྱེ་བའི་ཚུལ་ལྟ་བུར་མི་སྟོན་པར། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚུལ་གྱིས་སྟོན་ལ། ཐུན་མོང་བའི་ཚུལ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་དང་གསུམ་སྒོམ་ལ།

应当了知,诸深道之要领,一切有缘者走向菩提之道次第,均包含在慈悲心当中。如《摄正法经》云:“观世音菩萨白佛言:出有坏,菩萨摩诃萨,学多法不成;出有坏,菩萨摩诃萨,唯当学一法,何为学一法?此乃大悲心;出有坏,何人具大悲,彼获诸佛法,了如指掌矣。”

因此,不做根本和支分次第分析的方式讲解,而是以共同和不共的方式进行讲解。

全文分二:甲一、共同方式;甲二、不共方式。

甲一、共同方式分二:乙一、众生缘悲;乙二、法缘悲。

དེ་ཡང་དང་པོ་སྒོམ་པའི་ཚུལ་ནི། འགྲོ་མགོན་རྒྱ་རས་ཀྱི་ཞལ་ནས། མ་ནམ་མཁའ་དང་མཉམ་པ་ཞེས་པའི་ཚིག་འདི་རང་གནད་ཆེ་བ་ཡིན། ཞེས་གསུངས་པ་དང༌། སེམས་ཅན་རྣམས་ལ་བྱམས་པ་བསྒོམ། །སྟོང་ཉིད་སྙིང་རྗེའི་ཡེ་ཤེས་སྐྱེ། །ཞེས་གསུང་པ་ལྟར། དང་པོར་སྙིང་རྗེ་རྒྱ་ཆེན་པོར་སྒོམ་པར་མི་ནུས་པ་ལ། རང་གི་ཕ་མ་ཡིད་ལ་བསམས་ཏེ། འདི་རྣམས་ཀྱི་བདག་ལ་མཁོ་བའི་ཡོ་བྱད་དུ་མ་ཞིག་གི་ཕན་བཏགས་པས། བདག་ལ་དྲིན་ཆེ་བ་གཅིག་ཡིན། ཁྱད་པར་དུ་མ་འདི་བདག་ལུས་ལ་ཁུར་བའི་དུས་ནས་བཟུང་སྟེ། ལུས་ཀྱི་སྐྱེད་མ་རྫོགས་ཀྱི་བར་དུ་བདག་ལ་ཕན་བརྗོད་དུ་མེད་པ་བཏགས་པ་ཡིན་ཀྱང༌། ཁམས་གསུམ་གྱི་འཁོར་བའི་རྒྱ་མཚོ་ཆེན་པོ་རུ་ཁྱེར་བ་ལ་བདག་གིས་བྱང་ཆུབ་ཀྱི་ལམ་གྱི་གྲུ་བཙུགས་ནས་བདེ་ཆེན་གྱི་སྐམ་སར་ཕྱིན་པའི་ཐབས་ཅིག་བྱ་དགོས།

乙一、众生缘悲:

首先是观修的方法,如怙主藏巴甲热云:“此(等虚空一切诸母有情皈依上师清净法身佛,等虚空一切诸母有情皈依上师圆满报身佛,等虚空一切诸母有情皈依上师慈悲化身佛,等虚空一切诸母有情皈依上师珍宝自性佛)四皈依偈颂尤为重要。”又云:“一切有情修慈心,生起空性大悲智。”先将无法修持大悲心的众生观想为自己的父母,并心想:“从无始以来,此等一切有情赐予我诸多生活资具,特别是今世的母亲,自从怀胎以来直到我长大成人,给予了我无数次的母爱,对我恩重如山。因此,我要打造通往菩提道的渡船,尽所有办法让三界轮回苦海中堕落的一切父母有情,均能到达永久安乐的大陆彼岸。”

དེ་ཡང་དཀོན་མཆོག་གསུམ་འདུས་ཀྱི་བླ་མ་རིན་པོ་ཆེ་མཁྱེན། ཞེས་གསོལ་བ་བཏབ་ནས། དྲིན་ཅན་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་ཏེ་སངས་རྒྱས་ཐོབ་པ་གྱུར་ཅིག་ཅེས་ངག་ཏུ་ཡང་བརྗོད། ཡིད་ལ་ངེས་ཤེས་མ་སྐྱེས་ཀྱི་བར་དུ་བསྒོམས་ལ། དེ་ནས་རྒྱ་ཇེ་ཆེར་བཏང་སྟེ་གཉེན་རྣམས་དང༌། དགྲ་རྣམས་ལ་དམིགས་པའི་སྙིང་རྗེ་བསྒོམ་སྟེ། མཐར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཡང་དེ་བཞིན་ནོ། །དེ་ནས་རྒྱས་པར་སྤྲོས་ཏེ། སྒོམ་ལ་ངེས་པ་རྙེད་དགོས་ཏེ། བདེ་གཤེགས་རིན་པོ་ཆེའི་གསུང་ལས། སྙིང་རྗེའི་རླན་དང་མི་ལྡན་ན། །བྱང་ཆུབ་ཀྱི་མེ་ཏོག་མི་འཁྲུངས་པས། །སྟོང་རྐྱང་ལ་བྱང་ཆུབ་མ་རེ་ཨང༌། ཞེས་གསུངས་པ་དང༌། འགྲོ་མགོན་ཞང་རིན་པོ་ཆེས། ཚད་མེད་ཀྱི་ལམ་ལ་བྱི་དོར་བྱས། །ངེས་ཤེས་ཀྱི་རང་གཟུགས་མཐོང་ངོ་བུ། །ཞེས་གསུངས་པ་ལྟར་རོ། །

于是祈祷并呼唤:佛法僧三宝之总集——上师仁波切垂念我!愿今世的大恩父母为主等虚空一切有情解脱六道轮回而获得圆满佛陀的果位!心里也如此观想,直到对此生起真实的信心为止。如此将观修悲心的所缘范围逐步扩展至所有的亲友、仇敌及等虚空一切有情。

如此广泛地修持慈悲菩提心,并要获得定力。如善逝帕莫竹巴仁波切云:“若不具备悲心湿,无法生出菩提花,莫求单空菩提哦!”怙主香仁波切亦云:“擦拭无量道,能见信解性。”

ཆོས་ལ་དམིགས་པའི་སྙིང་རྗེ་ནི། སེམས་ཅན་འདི་རྣམས་མི་དགའ་བ་དང༌། ཕྲད་དོགས་པ་དང༌། དགའ་བ་དང་། བྲལ་དོགས་པ་དང༌། རེ་བ་འབྲས་བུ་མེད་པ་ཁོ་ན་ཉམས་སུ་མྱོང་ནས་སྡུག་བསྔལ་བ་ཁོ་ནའི་རང་བཞིན་ཅན་དུ་སྣང་བ་འདི་རྣམས་སྙིང་རྗེ་སྙམ་དུ། སྔར་གྱི་ཉེ་བ་དང་རིང་བ་བཞིན་དུ་ཉམས་སུ་བླང༌། དེ་ལ་ངེས་པ་རྙེད་པར་མ་གྱུར་གྱི་བར་དུ་བསྒོམ། ངེས་པ་རྙེད་པ་དང༌། སེམས་ཅན་འདི་རྣམ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ནམ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པ་ལ། ཀུན་བཏགས་ཀྱི་བློ་ངོར་དོན་ལ་མེད་བཞིན་དུ། ཨ་འཐས་ཀྱིས་ཡུལ་དེ་མ་ཡིན་གྱི་བློས་ཡོད་དོ་སྙམ་སྟེ། བདེན་ཞེན་གྱི་དབང་གིས་ཁམས་གསུམ་འཁོར་བ་ན་འཁྱམས་པ་འདི་ལ་སྙིང་རྗེ་བསྒོམས་ཚུལ་སྔར་བཞིན་བྱས་ལ་ངེས་པ་མ་རྙེད་ཀྱི་བར་དུ་བསྒོམ་དགོས་སྟེ། མདོ་སྡེ་རྒྱན་ལས། བདེ་དང་སྡུག་བསྔལ་རྒྱུ་དག་ལས། བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །ཞེས་དང་མཐུན་པར་བྱའོ། །

乙二、法缘悲:

心想:“此等一切有情总是担心遇到自己不喜欢的,同时也担忧失去自己喜欢的,渴望得到些没有结果的,因这些种种的希忧,感受着无穷无尽的痛苦,而显得极为可怜。”如前一样对所有的亲友及仇敌修持悲心,直到对此生起真实的慈悲心为止。

生起真实的慈悲心之后接着观想:“事实上一切法的自性是空性,一切有情的自性也是空性,但是,在遍计心识上出现了事实上不存在的幻觉。虽然对境上的一切皆虚幻不实,但实执的心却误以为真实存在。众生因贪执的心导致飘泊于三界轮回当中,而显得极为可怜。”如前一样(对所有的亲友及仇敌)修持悲心,直到对此生起真实的慈悲心为止。即如同《经庄严论》云:“菩萨之慈心,苦乐因中生,智者之悲心,因师自性生。”

དེ་ལྟར་གོམས་པའི་ཤུགས་ཀྱི་བློས་བརྩོན་འགྲུས་ཆེར་མ་སྐྱེད་ཀྱང༌། ངམ་ངམ་ཤུགས་ཀྱིས་སྙིང་རྗེའི་རྒྱུན་བཅོས་མ་མ་ཡིན་པ་སྐྱེ་བ་དང༌། འཁོར་བའི་སྣང་བ་ལ་ཞེན་པ་ལོག་པའི་རྟགས་ཐོར་བུ་འབྱུང་སྟེ། རྒྱས་པར་གཞན་དུ་བཤད་དོ། །འདི་དཔལ་ཟླ་བ་གྲགས་པས་གསུང་པ་ལྟར་ཡིན་ཏེ། ལུས་ཀྱི་བ་སྤུ་ཡང་ནི་ལྡང་བར་གྱུར་པ་གང༌། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་གསུངས་པ་བཞིན་ནོ། །

如此串习的心,即便不精进努力,也自然而然会生起无伪的悲心,同时对轮回也会产生一些厌烦心(对此另做详细解释)。即如同月称菩萨所云:“由喜引生泪流注,周身毛孔自动竖,彼身已有佛慧种,是可宣说真性器。”

甲二、不共方式。

གཉིས་པ་ཐུན་མོང་མ་ཡིན་པ་སྒོམ་པའི་ཚུལ་ནི། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། ཀུན་རྫོབ་ཐབས་བདེ་བ་ཆེན་པོ་ལ། དོན་དམ་སྟོང་པ་ཉིད་གཞོམ་དུ་མེད་པ། གཉིས་སུ་མེད་པའམ། དབྱེར་མེད་པའི་ཡེ་ཤེས་སྒོམ་མོ། །དེ་ཡང་རྣམ་པ་སྣ་ཚོགས་སུ་གར་བསྒྱུར་བའི་མ་འགགས་པའི་རིག་པའི་རྩལ་དང༌། དེའི་རང་བཞིན་ནམ་གཤིས་ལུགས་ལ་ཐ་དད་དུ་འཛིན་པའི་བློ་དང་བྲལ་བའི་ཡེ་ཤེས་གཅིག་བཅོས་མིན་དུ་འཆར་བ་ནི། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་ཞེས་པའི་ཐུན་མོང་མ་ཡིན་པའི་ལམ་གྱི་རང་སྐད་ཡིན་ལ། འདི་ཡི་གནད་ཤེས་ན། ཟུང་འཇུག་ཡིད་ལ་མི་བྱེད་པའི་གདངས་ལ་སྙིང་རྗེ་མེད་པར་འདོད་པ་དང༌། དོན་དམ་སེམས་བསྐྱེད་ཀྱིས་སེམས་བསྐྱེད་ཀྱི་གོ་མི་ཆོད་ཅེས་པའི་གྲུབ་པའི་མཐའ་རྣམས་ནི་གྱི་ནའི་ཚིག་ཙམ་དུ་ཤེས་པར་འགྱུར་རོ། །

乙一、无缘悲:

即修持世俗菩提心和胜义菩提心。修持世俗谛方便大乐(悲心)和胜义谛不可摧、无二、无别的空性智慧。

远离于种种游舞的不灭智力和其自性或本质执着为别异的心识,而无伪地生起智慧,则是所谓的空性大悲藏,是不共道的名称。如果了知上述要点,就能明白不作意的双运中没有悲心,发胜义菩提心不属于发心等,个别教派的偏见皆是鄙人的言辞而已。

མདོར་ན་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཐུགས་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། གཏིང་དཔག་པར་དཀའ་བ། ཟབ་པ་རྒྱ་ཆེ་བ་གཅིག་ཏུ་ངེས་ཤེས་རྙེད་དགོས་ལ། སྟོང་པ་རྐྱང་པའི་ཕྱོགས་སུ་ཞེན་པ་དང༌། སེམས་བསྐྱེད་ཡིན་ན་ཀུན་རྫོབ་སེམས་བསྐྱེད་ཡིན་པར་གོ་བ་རྣམས་ནི། སྦས་དོན་ལམ་གྱི་ངེས་པ་མ་རྙེད་པ་ཁོ་ན་དག་སྟེ། འགྲོ་མགོན་ཞང་གི་ཞལ་ནས། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ། །སྤྲོས་བྲལ་ཙམ་དུ་མ་འཛིན་ཨང༌། །སངས་རྒྱས་ལ་སྐུར་པ་བཏབ་ཉེན་ཡོད། །བྱིས་པའི་ཁ་ལྟས་དོན་མི་རྙེད། །མཐའ་བྲལ་དང་མཐའ་བཅས་ངོ་མི་ཤེས། །མཐའ་བྲལ་ལ་མཐའ་བཅས་སུ་འཛིན་པ་སྣང༌། །འདི་འདྲའི་བྱིས་པ་འོ་རེ་རྒྱལ། །ཞེས་གསུང་པ་ལྟ་བུའོ། །

简而言之,我们要坚信佛陀无上正等正觉具有不可思议的智慧、不可思议的慈悲、不可思议的度化事业、不可思议的拯救力,而且智海深广不可衡量。

凡是偏执于单空的人和发菩提心只理解为世俗菩提心的人,皆是属于尚未获得密义道定解之人。如怙主香仁波切云:“现空无别理,莫执仅离戏,容易毁谤佛,凡夫难见义,不知有无边,离边执有边,如此凡夫苦。”

དེས་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་མཚན་འཛིན་ནམ། གཉིས་ཆོས་ཀྱི་དྲི་ཕྲ་མོས་ཀྱང་མ་གོས་ཤིང༌། སྤང་བླང་དགག་སྒྲུབ་ཀྱི་སྒོམ་སྤུ་རྩེ་ཙམ་གཅིག་ཀྱང་བྱེད་པའི་རྩོལ་པ་བྲལ་བའི་མཉམ་བཞག་དང༌། དེའི་རྗེས་ཤེས་སྙིང་རྗེ་སྐྱེ་བ་གཉིས་དུས་མཉམ་ལ། འདི་རྒྱལ་བ་ཡང་མགོན་པས། སྒོམ་མེད་ཀྱི་རྗེས་ཤེས་སྙིང་རྗེར་སྐྱེ་ཞེས་པ་དང༌། ཐུན་མོང་མ་ཡིན་པའི་ལམ་རིམ་ནས་གསུངས་པ་མཐུན་པ་ལྟར་རོ། །ཅེས་པ་འདི་ཙྭ་ཀོང་མཁའ་འགྲོ་གསང་བའི་ཕུག་ཏུ་རྒྱལ་དབང་གིས་ཉེ་བར་སྨྲས་འདི་རེ་ཤིག་རྫོགས་པའི་ཡི་གེ་པ་ནི། ཤར་སྤོ་འབོར་གྱི་དཀའ་བཅུ་པ་སངས་རྒྱས་འབུམ་མོ། །། །

因此,对器情轮涅所摄一切法的有相执着和二取法丝毫未被垢染,并毫无取舍及破立的观修,远离一切造作的平等住和其后得智当中的悲心将会同时生起。对此嘉瓦央恭巴说:“于无修的后得智当中生起悲心,这符合不共道次第之观点。”

此《慈悲菩提心引导文》由嘉旺棍嘎巴觉随机讲解于杂工空行密岩洞中,来自东边绷波冈的噶久巴·桑杰邦笔录。

2022年5月古普·钦哲仁波切译,陈润泽居士和朱红霞居士校对汉文。愿一切吉祥!

主页