Appearance
Appearance
༈ ཟབ་ལམ་འཕོ་བའི་གདམས་པ་བཞུགས་སོ།།
བླ་མ་དང་འགྲོ་འདུལ་ཐུགས་རྗེ་ཆེན་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། དང་པོ་ཀུན་སློང་གི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་འཕོ་བའི་རྣལ་འབྱོར་བསྒོམ་སྙམ་པའི་ངང་ནས་རང་མདུན་པདྨ་དང་ཟླ་བའི་གདན་ལ། སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་བདེ་གཤེགས་སྣང་བ་མཐའ་ཡས་གསལ་བའི་མདུན་དུ་བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དེང་ནས་བཟུང་བླ་མེད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །མུ་མཐའ་མེད་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པའི་ངང་ནས་སྐྱབས་ཡུལ་རང་ལ་བསྟིམ།
顶礼、皈依与上师无二无别之观世音菩萨。
首先以动机的门中心想:为了度化一切有情修持深道破瓦法瑜伽。于是在自己的前方观想:莲花和月轮之坐垫上,三宝总集之自性善逝无量光佛。
在此前面,自己和尽虚空一切有情,从即日起皈依,乃至获得无上菩提果之间。心想:无量无边的一切有情安置于无上菩提之果位,如此之发心,将皈依境融入于自身。
རང་ལུས་གདོས་བཅས་ཀྱི་དངོས་སྣང་མི་དམིགས་པར་སྟོང་པར་སྦྱངས། སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་མདངས་ལས། འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ། དར་གྱི་སྟོད་གཡོགས་དང་ཤམ་ཐབས་སོགས་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆ་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་སྐུའི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་མདའ་སྨྱུག་འབྲིང་པོ་ཙམ། མར་སྣེ་ལྟེ་འོག་ཕུག་རྡུགས་སུ་ཡོད་པ། ཡར་སྣེ་སྤྱི་བོར་ཧ་རེ་སོང་བ། རྩ་དབུ་མའི་ནང་སྙིང་གའི་ཐད་པདྨ་དང་ཟླ་བའི་གདན་ལ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿ ཡིག་དཀར་པོ་འཕར་ལིང་ངེ་བ་ཞིག་གསལ་བཏབ་ནས།
自身实体之相无缘净化于空性中,观想:远离生、住、灭之形象,圣者观世音菩萨,身色洁白,一面四臂,第一双手合掌于胸前,下双手持着水晶念珠和白莲花,以肩披和裙子等圆满报身之各种服饰所庄严,双足以金刚跏趺坐在莲花和月垫上,其体内中央之中脉,外白内红,中等箭杆许,下端于脐下封闭,上端于头顶开口,心间位置中脉内莲花和月垫上,有自己意识之自性,颤动的白色(ཧྲཱིཿ )“舍”字。
རང་གི་སྤྱི་གཙུག་པདྨ་དང་ཟླ་བའི་གདན་ལ་ངོ་བོ་སྐྱབས་མཆོག་རྩ་བའི་བླ་མ་ལ་རྣམ་པ་བདེར་གཤེགས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་བཻ་ཌཱིུ་ལྷུང་བཟེད་འཛིན་པ། ཆོས་གོས་རྣམ་གསུམ་གསོལ་ཞིང་དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས་མཚན་བཟང་དཔེ་བྱད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་དབུས་སུ་དབུ་མ་ཁ་དོག་དམར་པོ་ཡར་སྣེ་ཕུག་རྡུགས། མར་སྣེ་རང་གི་དབུ་མ་དང་ཁ་སྤྲོད་པ། སྐྱབས་མཆོག་བླ་མའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཧྲཱིཿ ཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་གསལ་ཐེབས་པ་དང་མཉམ་དུ་མོས་གུས་གདུང་བས་ཐུགས་རྒྱུད་བསྐུལ་ནས། དུས་གསུམ་སངས་རྒྱས་འོད་དཔག་མེད་མགོན་ལ། །སྒོ་གསུམ་མོས་གདུང་དྲག་པོས་གསོལ་བ་འདེབས། །ཟབ་ལམ་འཕོ་བ་རྩོལ་མེད་འབྱོང་བ་དང་། །བདེ་ཆེན་རྣམ་དག་ཞིང་དུ་སྤྱོད་པར་ཤོག། གསོལ་འདེབས་གྲངས་མང་བརྗོད་པའི་མཐར།
在自己的头顶莲花和月垫上明观:自性为殊胜之依怙根本上师,形象是红色的善逝无量光佛,一面二臂,双手以等印上托着钵盂,身着三法衣,以头上顶髻、双足轮宝等三十二相八十随好庄严,双足金刚跏趺坐,其体内之红色中脉上端是封闭的,而下端却与自己的中脉对接。
于是观想,殊胜之所依根本上师的心间莲花和月垫上,诸佛意识之自性,红色(ཧྲཱིཿ )“舍”字及符号。与此同时,以强烈的虔敬心激发诸佛相续,之后念诵:“三世佛陀怙主无量光,三门强烈虔敬心祈祷,无勤娴熟深道破瓦法,祈愿往生极乐净土中。”尽力念诵此祈祷文。
ངག་ནས་ཧིཀ་ཞེས་པའི་སྒྲ་དང་ལྷན་ཅིག་ཏུ་སྙིང་གའི་ཧྲཱིཿ ཡིག་དེ་མདའ་འཕང་བ་བཞིན་དུ་བླ་མའི་ཐུགས་ཀའི་ཧྲཱིཿ ལ་ཐུག །སླར་མར་ལོག་སྟེ་ཀ་ཞེས་པས་རང་མལ་དུ་སྡོད། སླར་དེ་ལྟར་ཡང་ཡང་རྟགས་མ་ཐོན་གྱི་བར་དུ་རྩལ་སྦྱངས་ནས་ཐུན་གྱི་མཐར་བླ་མ་ཚེ་དཔག་མེད་དུ་གནས་འགྱུར་བའི་ཕྱག་གི་ཚེ་བུམ་ནས་བདུད་རྩི་ལུད་པས། བདག་གི་ལུས་ལྟེམ་གྱིས་གང་། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། ཚེ་བསྙེན་གྲངས་མང་མཐར་བླ་མ་ཚེ་དཔག་མེད་འོད་དུ་ཞུ་ནས་རང་ལ་ཐིམ་པའི་ངང་དུ་གཞི་ཐོག་ལ་མཉམ་པར་ཡུན་རིང་དུ་བཞག །དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བས་རྒྱས་འདེབས། སྤྱི་བོར་ཁྲག་དང་ཆུ་སེར་མ་ཐོན་གྱི་བར་དུ་ནན་གྱིས་སྦྱངས། ཞེས་པ་འདི་ཡང་ཨ་མཁར་བསྟན་འཕེལ་གྱིས་གཙོས་དགེ་བཤེས་མང་པོས་བསྐུལ་བའི་ངོར། མདོ་ཁམས་བསྟན་པའི་ཉི་མའི་ཞལ་སློབ་༧ཤཱཀྱ་ཤྲཱིས་ཤར་མར་སྤེལ་བ་དགེའོ། །སརྦ་མངྒ་ལཾ།། །།
之后口中念一声“贺嘎”的同时,观想心间的(ཧྲཱིཿ)“舍”字如射箭般的快速上去,碰到上师心间的(ཧྲཱིཿ)“舍”字上。再次下降中念一声“嘎”的时候回到原处。如此反复地加以修炼,直到出现验相为止。
在出坐时观想:上师变成无量寿佛,而手中的宝瓶里流下甘露,流入自身,并充满全身,由此而获得了无死长寿之悉地。
在此尽力念诵无量寿佛心咒。之后观想,上师无量寿佛化光融入于自身,如此在基位上长久入于平等住。最后善根回向大菩提。
破瓦法应当反复修炼,直到头顶上出现血和黄水为止。
此《深道破瓦法窍诀》,因阿堪丹配为主诸多格西之请求,多康丹悲尼玛之弟子,夏加师利迅速著作。愿一切吉祥!
古普·钦哲仁波切译汉。陈润泽居士和朱红霞居士校对汉文。