Appearance
Appearance
༈ རྣལ་འབྱོར་པ་རབ་དགོངས་པ་ཀློང་དུ་ཆུད་པ་རྣམས་ཀྱིས་ནི།
འཕོ་བྱ་འཕོ་བྱེད་ལས་འདས་ཤིང་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་རང་གི་སེམས་ཉིད་གཞི་མེད་སྟོང་གསལ་ངོས་བཟུང་དང་བྲལ་བའི་ཀློང་དུ་སོར་ཆུད་ནས། བསྐྱབ་བྱའི་རྒྱུ་ཟད། བསྐྱབ་ཡུལ་གྱི་ཡུལ་ཟད་པའི་དམིགས་མེད་སྟོང་གསལ་འཛིན་སྣང་དང་བྲལ་བ་འཁོར་འདས་གཉིས་སྣང་གི་རྟོག་ཚོགས་ཐམས་ཅད་བར་སྣང་ལ་རི་མོ་བྲིས་པ་ལྟར་རྗེས་མེད་རང་ཡལ་ཤར་གྲོལ་རིས་མེད་ཅིང་སྐྱེ་བ་དང་འཆི་བའི་བློ་ལས་འདས་ཤིང་བདག་གཞན་གཉིས་སུ་མ་གྲུབ་པས་འཕོ་བ་འདེབས་པའི་ཡུལ་ཟད། བསྒོམ་མེད་བློ་བྲལ་རྟོགས་པའི་གང་ཟག་དེའི་སྙན་ལམ་དུ་ཚེ་འདས་ཐོས་ཚད་རིགས་དྲུག་གི་སྐྱེ་སྒོ་ཆོད་ནས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་ངེས་སོ། །ཞེས་ཚེ་འདས་ཀྱི་རྣམ་ཤེས་སྤར་དམིགས་འདི་ཉིད་རང་གི་སློབ་མའི་མཆོག་གྱུར་འཇོ་རི་བྱང་སྤྲུལ་ནས་བསྐུལ་ངོར། འཕོ་མེད་ནམ་མཁའི་རྣལ་འབྱོར་པ་ ༧ཤཱཀྱ་ཤྲཱིས་ཐུན་སེང་ལ་བྲིས་པ་དགེ་བས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ཐོབ་པའི་རྒྱུར་གྱུར་ཅིག།
已超越了能迁所迁,三时一切善逝圆满的恢复于自己的心性无根、空明、离辨的境界中。既尽了能度,又尽了所度,无缘空明、远离所取之现象,轮涅二取之一切分别念如同天空中绘画一般,无痕无迹地自然消失,生起即解脱,不偏不倚,远离了生死之念,尚不成立自他之分,故而尽了助念破瓦之对境。如此证悟《无修离心》之补特伽罗耳朵里所闻到的一切亡者,皆能永脱六道轮回,而获得永不退转之果位。
如此迁引亡者意识之所缘,因自己的殊胜弟子江普向秋活佛之请求,无迁虚空之瑜伽士·夏加师利于坐间著作。祈愿此善根成为尽虚空一切有情获得不退转地之因。
古普·钦哲仁波切译汉。陈润泽居士和朱红霞居士校对汉文。