Appearance
Appearance
༄༅། །མྱུར་ལམ་འཕོ་བའི་རྣལ་འབྱོར་དཔལ་འབྲུག་པའི་ཉམས་བཞེས་འཇག་ཚུགས་མ་བཞུགས་སོ།།
吉祥竹巴噶举实修密法
མི་ཕམ་ཡར་འཕེལ་དབང་པོ།
米旁雅培旺波
དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །
具德殊胜上师足下敬顶礼
དཔལ་གྱི་འབྱུང་གནས་བཤད་སྒྲུབ་བསྟན་པའི་དཔྱིད། །
འགྲོ་ཀུན་སྐྱབས་ཀྱི་མཆོག་གྱུར་རྡོ་རྗེ་འཆང་། །
ཐུགས་རྗེའི་གཏེར་ཆེན་ཁམས་གསུམ་ཆོས་ཀྱི་རྒྱལ། །
གསུམ་ལྡན་རྗེ་བཙུན་རྣམ་གཉིས་ཕྱག་བྱའི་ཡུལ། །
功德之源讲修法,
众生怙主金刚持,
大悲宝藏三界主,
三具两尊应礼处。
རྒྱལ་བསྟན་ཆོས་སྒོ་བགྲང་ཡས་ཀུན་གྱི་སྙིང་། །
བླ་མེད་རྒྱུད་སྡེའི་རྩེར་ཐོན་རྨད་བྱུང་རྒྱུད། །
དགོངས་དོན་གྲུབ་པའི་ཞལ་སྐྱིན་ཟབ་རྒྱས་ལས། །
མྱུར་ལམ་འཕོ་བའི་གདམས་པ་འདིར་བཤད་བྱ། །
无量法门之精华,
无上续部顶尖续,
意义精要深广义,
宣说破瓦捷径法。
དེ་ཡང་རྒྱུད་གཞུང་ལས། འཕོ་བའི་བྱེ་བྲག་ཤིན་ཏུ་མང་། །སྦྱངས་ཏེ་འཕོ་དང་ཏིང་འཛིན་དང་། །སྲོག་དང་རྩོལ་བས་འཕོ་བ་དང་། །རྣམ་ཤེས་བླ་མར་འཕོ་བ་དང་། །བཙན་ཐབས་དག་ཏུ་འཕོ་བ་དང་། །སྤྲོས་མེད་ཆོས་སྐུའི་འཕོ་བ་དང་། །སྤྲོས་བཅས་གཟུགས་སྐུའི་འཕོ་བ་དང་། །ལོངས་སྤྱོད་རྫོགས་སྐུའི་འཕོ་བ་དང་། །སྤྲུལ་པའི་སྐུ་ཡི་འཕོ་བ་དང་། །ཡིད་འོང་ཌཱ་ཀིའི་འཕོ་བའོ། །ཞེས་འཕོ་བའི་རྣམ་གྲངས་བཅུ་གཅིག་སྤྱིར་བསྟན་ནས།
在《续部》中云:“往生之法种类多,修持气脉之往生,修持禅定之往生,命风之往生,造作风之往生,神识上师之往生,强制性之往生,无戏法身之往生,戏论色身之往生,圆满报身之往生,应化身之往生,悦空行母之往生。”如此,密续中讲破瓦法分十一种。
དེ་ཡང་། དབང་པོ་ཐ་མ་བསྐྱེད་རིམ་དུ་འཕོ་བ། འབྲིང་སྒྱུ་ལུས་སུ་འཕོ་བ་དང་། རབ་འོད་གསལ་དུ་འཕོ་བ་ཞེས་གསུམ་དུ་བསྡུས་པའི།
སྦྱངས་ཏེ་འཕོ་བ། ཏིང་ངེ་འཛིན་གྱི་འཕོ་བ། སྲོག་རླུང་གིས་འཕོ་བ། རྩོལ་བའི་རླུང་གིས་འཕོ་བ། རྣམ་ཤེས་བླ་མའི་འཕོ་བ། བཙན་ཐབས་སུ་འཕོ་བ། རྫས་ཀྱི་འཕོ་བ་དང་བཅས་དྲུག་དང་པོ།
སྤྲོས་བཅས་གཟུགས་སྐུའི་འཕོ་བ་དང་། ལོངས་སྤྱོད་རྫོགས་སྐུའི་འཕོ་བ་དང་གཉིས་བར་མ།
སྤྲོས་མེད་ཆོས་སྐུའི་འཕོ་བ་དང་། སྤྲུལ་པའི་སྐུ་ཡི་འཕོ་བ་དང་། ཡིད་འོང་ཌཱ་ཀིའི་འཕོ་བ་རྣམས་གསུམ་པར་བཞག་པའི།
དང་པོ་ལ་ས་བཅད་དྲུག་གི་རྣམ་ཤེས་བླ་མའི་འཕོ་བ་འདི་ལ། དུས་སྒོའི་གནད་བསྟན་པ། སྦྱང་བ་དངོས། ལས་ལ་སྦྱོར་བ་གསུམ་གྱིས་བསྟན་ཏེ།
这均可归纳为:下根者生起次第中往生、中根者幻化身中往生、上根者光明中往生。
其中,修持气脉之往生,修持禅定之往生,命风之往生,造作风之往生,神识上师之往生,强制性之往生或以实物之往生,为下根者往生。
戏论色身之往生,圆满报身之往生,为中根者往生。
无戏法身之往生,应化身之往生,悦空行母之往生,为上根者往生。
下根者六种往生之一,神识上师之往生又分三部分:
一、时机和神识出体门之要点;二、正行修练方式;三、实际运用。
དང་པོ་ལ། དུས་སྒོའི་གནད་གཉིས་ལས། དུས་ནི་ཕྱི་ནང་གསང་བའི་འཆི་ལྟས་བརྟགས་པ་ནཱ་རོ་ཞབས་ཀྱིས་མཛད་པ་སོགས་དང་། རྒྱུད་ལས་གསུངས་པ་བཞིན་ལེགས་པར་བརྟགས་ཏེ། རྡོ་རྗེའི་བཟླས་པ། བུམ་པ་ཅན། ཐིག་ལེ་ལྡོག་པ་སོགས་དང་། ཚེ་དཔག་མེད་ལ་སོགས་པའི་འཆི་བ་བསླུ་བ་སོགས་ཀྱིས་བསླུ་ཞིང་། དེས་མི་ལྡོག་པར་ཅིས་ཀྱང་འཆི་ན་ལོང་ཡོད་ཙམ་ནས་འཕོ་སྟེ། གཞན་དུ་བཟློག་མེད་ཀྱི་འཆི་ལྟས་མ་བྱུང་བར་འཕོས་ན་ལྷ་བསད་པའི་ལྟུང་བར་འགྱུར་བས། དུས་ལ་བབ་ན་འཕོ་བྱ་སྟེ། དུས་མིན་ལྷ་ནི་གསད་པར་འགྱུར། །ཞེས་སོ། །
一、时机和神识出体门之要点:
时机之要点,需依照那若巴所著的观察法和续部中所描述的方法,加以观察内、外、密之死亡征兆。
之后,以金刚念风、瓶风、明点逆行、观修无量寿佛等方式抢救死亡。
如果发现此等方式均无济于事,而必死无疑之时,便可修诵往生法。倘若尚未出现无可逆转的死亡征兆之前念诵破瓦法,则有杀害佛菩萨之罪过,如云:“是时当往生,非时勿杀佛。”
སྒོ་ནི་གཞུང་ལས། ལམ་བཟང་པོ་ལ་ཡིད་འོང་གནས། །ལམ་ངན་གྱིས་ནི་སྲིད་པར་སྐྱོན། །ཐིག་ལེ་ལྟེ་བ་སྟེང་དང་ནི། །མིག་སྣ་སྲིད་སྒོ་རྣ་བ་དང་། །ཆུ་དང་ཆུ་མིན་སྒོ་མཚན་ཉིད། །ཅེས་ནས། འདི་ལྟའི་སྒོ་ཡི་ཁྱད་པར་ལས། །འཁོར་བའི་བྱེ་བྲག་ཏུ་འགྱུར་བས། །ཚངས་པའི་གནས་ནས་འཕོ་བར་བྱ། །ཞེས་པའི་བར་གྱིས་བསྟན་པ་ལྟར། ལྟེ་བ་ནས་འཕོས་ན་འདོད་ཁམས། སྨིན་མཚམས་གཟུགས་ཁམས། མཚོག་མ་གཟུགས་མེད་ཀྱི་ཁམས། །སྣ་གནོད་སྦྱིན། རྣ་བ་མིའམ་ཅི། མིག་མི། ཁ་ཡི་དྭགས། ཆུ་ལམ་དུད་འགྲོ། བཤང་ལམ་དམྱལ་བར་སྐྱེ་བའི་སྒོ་རྣམས་སྤངས་ནས། ཚངས་པའི་གནས་ཏེ་སྤྱི་གཙུག་དབུ་མ་སྦྱངས་པའི་ཡས་སྣ་ནས་འཕོ་བར་བྱའོ། །
神识出体门之要点,如云:“善道引善趣,恶道遭有苦,明点脐囟门,眼鼻口耳朵,尿道及肛门。”,又云:“此等分别门,皆是轮回门,当选梵净穴。”。
若从眉间出,则是色界;若从脐间出,则是欲界;若从囟门出,则是无色界;若从鼻子里出,则是夜叉;若从耳朵里出,则是非人;若从眼睛里出,则是人;若从口中出,则是饿鬼;若从尿道中出,则是畜生;若从肛门中出,则是地狱,故而,应当杜绝此(九个)门,而要选择从中脉上端,头顶之梵净穴当中往生。
གཉིས་པ་སྦྱང་བ་དངོས་ལ། ཁྲིད་གཞུང་བསྲེ་འཕོ་སྙན་རྒྱུད་གཉིས་ཀ་ནས་བུམ་ཅན་བཟུང་སྟེ་བྱ་བར་གསུངས་པ་ནི། རྒྱུད་ཀྱི་དགོངས་པ་ཡིན་ཀྱང་རླུང་དང་བསྟུན་ན་འབྱོངས་དཀའ་བས་འདིར་འགལ་བ་མེད་ཕྱིར་ཁྱད་མེད་པས། མྱུར་ཁྱད་ཀྱི་དབང་དུ་བྱས་ཏེ། དང་པོ་འཕོ་བ་ལམ་གྱི་བསུན་མ་བསྒོམ་སྙམ་དུ་བྱང་ཆུབ་མཆོག་ཏུ་སྐྱབས་འགྲོ་དང་སེམས་བསྐྱེད་བྱ།
二、正行修练方式:
在《和合往生法》和《耳传窍诀》两个引导文当中讲:“始从瓶风修持”。这虽然是密续的精神,但破瓦法依止瓶风来修,对初学者而言,相对较难娴熟。不依止瓶风而修持破瓦法,也能够达到同样的效果。故而为了使初学者尽快娴熟深道破瓦法,首先要皈依和发菩提心。
༈ ཨོཾ་སྭ་བྷཱ་ཝས་སྦྱངས་ནས། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པའི་གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱཾ་ག་བསྣམས་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་པད་ཉི་དང་རོའི་སྙིང་ག་ནས་མནན་ཏེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར།
嗡 所巴瓦秀大 沙瓦 大马 所巴哇 秀多杭,以此一切观为空性。
于空性中,自我金刚瑜伽母,身色红如宝石光,一面二臂三眼,右手持弯刀高举于虚空,左手持盛血颅器当胸,五枯颅为顶严,五十滴血湿颅为璎珞,五骨印所庄严的手肘处持象征父尊嘿汝噶之天杖,赤裸十六年华青春貌,右足屈、左足伸,踏立在莲花、日轮之上,于死尸心间、智慧火焰炽燃之中央。
ཕྱི་ལྷའི་རྣམ་པ། ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུར་ལུས་ཚད་ཙམ་གསལ་བའི་ཁོང་པའི་དབུས་དྲང་པོར་དབུ་མ། དམར་བ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ། གསལ་བ་ཏིལ་གྱི་མར་མེ་ལྟ་བུ། དྲང་བ་ཆུ་ཤིང་གི་སྙིང་པོ་ལྟ་བུ། སྟོང་པ་ཤོག་བུ་ཁོང་སྟོང་ལྟ་བུ། མཚན་ཉིད་བཞི་ལྡན་མདའ་སྨྱུག་འབྲིང་པོ་ཙམ་པ། མར་སྣ་ལྟེ་འོག་སོར་བཞིར་ཟུག་པ། ཡར་སྣ་ཚངས་བུག་ཏུ་ཁ་ཡེལ་གྱིས་བྱེ་བའི་སྙིང་གའི་ཐད་ཀྱི་ནང་དུ་རང་གི་སེམས་ཉིད་ཧཱུྃ་གི་རྣམ་པར་གསལ་བཏབ།
空朗如吹胀之薄膜般,大小与身相同,其内空之正中央,颜色红如胭脂,芝麻油灯一般明亮,藤子一般正直,内部空如卷纸,如此具有四种性相的中脉,粗细如中等的箭,其下端于脐下四指处封闭,上端在顶门梵净穴开口,在正对心间位置内,自己的心性明现成“吽”༼ ཧཱུྃ ༽字相。
གལ་ཏེ་མི་གསལ་ན་ཐིག་ལེ་དམར་པོ་འོད་ཟེར་སྲན་མ་ཙམ་དུ་བསྒོམ་པ་འདམ་ཀ། དེ་ཡི་སྤྱི་གཙུག་ཏུ་བླ་མ་རྡོ་རྗེ་འཆང་སྐུ་མདོག་བཻཌཱུརྱ་མཐོན་མཐིང་ལྟ་བུ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འོད་ཟེར་སྔོན་པོའི་གུར་ཁྱིམ་གྱི་དབུས་བརྩེ་བའི་སྤྱན་ཞལ་འཛུམ་པ་དང་བཅས་བཞུགས་པར་བསམ།
如若不明晰,则观想一红色光芒明点约豌豆大小,其顶髻上有上师金刚总持,身深蓝色犹如琉璃,一面二臂,手持金刚杵和铃,各种绫罗和珍宝饰庄严,双足金刚跏趺而坐,在蓝光的帐幕之中慈目、微笑而安坐。
སྐུ་ཡི་དབུས་དྲང་པོར་ཡེ་ཤེས་ཀྱི་དབུ་མ་སྟེང་ཟུམ་པ་མར་སྣ་ཁ་བྱེ་བ་རང་གི་དབུ་མའི་ཡར་སྣ་དང་ཁ་སྦྱར་སིང་ངེ་ཡོད་པའི་ཐུགས་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་ཏུ་གསལ། ཡིད་མོས་གུས་གདུང་ཤུགས་དང་ངེས་འབྱུང་སྐྱོ་ཤས་དྲག་པོའི་སྒོ་ནས། རྡོ་རྗེ་འཆང་སོགས་དཀར་བརྒྱུད་བླ་མ་དང་། །ཞེས་པའི་གསོལ་འདེབས་བྱས་པའི་རྗེས་ལ། ཧིཀྐ། ཀ་ཞེས་པའི་སྒྲ་དྲག་ལ་བར་མེད་དལ་བྲེལ་རན་པར་བརྗོད་པ་དང་། རང་གི་རྣམ་ཤེས་ཧཱུཾ་དེ་དབུ་མའི་ནང་ནས་ཡར་སྐར་མདའ་འཕངས་པ་བཞིན་བླ་མའི་ཐུགས་ཀའི་ཧཱུྃ་ལ་ཐུག་པར་སོང་འཕྲལ་མར་ལོག་སྟེ་སྙིང་གར་སླེབ། ཡང་དེ་འཕྲལ་ཡར་འཕངས་ཏེ་ངལ་མི་གསོ་བར་སྐོར་འདེད་དྲག་པོ་བྱ།
佛身的正中央亦观想一个智慧之中脉,其中脉上端是封闭,下端则开口,于自己的中脉上端对接。
之后,于中脉中亦观现一个意智慧的本质༼ ཧཱུྃ ༽“吽”字,并以强烈的恭敬心、厌离心、哀伤心而念诵《金刚持等噶举诸上师》等祈请文,之后用力念“嘿”之声,不间断而快慢合宜,自己神识之“吽”字循中脉内向上如射箭般,射到上师心间“吽”字中,念“噶”立即下转,回到心间,复再立刻上射,不休息反复用力驱动。
འཕོ་བ་རྩེ་གཅིག་གི་གནད་ཡིན་པས། སེམས་དབང་པོའི་སྒོ་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་བྱའོ། །དུབ་པར་གྱུར་ན་ཅུང་ཟད་ངལ་གསོ་ཚེ། བླ་མ་རྡོ་རྗེ་འཆང་ལ་གདུང་བའི་ཡིད་ཀྱིས་གསོལ་འདེབས་གོང་ལྟར་བྱ། ཡང་སྔ་མ་བཞིན་སྦྱངས་ལ་གནད་དུ་བསྣུན་པས་མྱུར་བ་ཉིན་གཅིག །འབྲིང་ཞག་གསུམ། ཐ་མ་ཡང་ཞག་བདུན་གྱི་བར་ལ་ཅི་རིགས་སུ་མི་འབྱོངས་པ་མི་སྲིད་པས། འབྱོངས་པའི་རྟགས་ནི་རབ་འབྲིང་ཐ་མ་གསུམ་འབྱུང་སྟེ། རབ་ལ་སྤྱི་བོ་བརྡོལ་ནས་ཁྲག་དང་ཆུ་སེར་ཐོན་འོང་། འབྲིང་ལ་སྤྱི་བོ་སྐྲངས་འོང་། ཐ་མ་ལ་ཡང་སྤྱི་བོ་ཟ་བ་དང་། འཕྲིགས་པ་དང་འགུལ་བ་འོང་། དེ་རྣམས་བྱུང་ན་འབྱོངས་པའི་རྟགས་ཡིན་ནོ། །
修持破瓦法,专注是要点。因此,内心不散不乱专心致志而修。若疲劳稍作休息后,如前一样,以虔敬心祈祷上师金刚总持,而修练要害,快则一日,中则三日,慢者于七日内不可能不岀现验相。
娴熟之验相分上中下三种:上者头顶上会出现洞穴,并流出些微的血和黄水;中者会出现顶髻红肿;下者会出现头顶瘙痒、松动等现象。如果出现此等验相,则说明破瓦法已娴熟。
ཁམས་བཟང་དུས་སུ་འཕོ་བ་རྟགས་ཐོན་ཐོན་ལེགས་པར་སྦྱང་བར་བྱའོ། །དེ་ལྟར་མ་སྦྱངས་ན་འཕོ་བ་ཐོབ་ཙམ་དང་། མན་ངག་ཡོད་པ་ཙམ་དང་ཤེས་པ་ཙམ་གྱིས་དགོས་དུས་ཕན་པར་དཀའ་འོ། །འཕོ་བར་ཟབ་ན་ཚེ་ལ་གཟན་པ་ཡིན་པས་ཚེ་སྒྲུབ་བྱ་དགོས་ཤིང་། བླ་མ་རྡོ་རྗེ་འཆང་དེ་ཉིད་མགོན་པོ་ཚེ་དཔག་མེད་སེང་ཁྲི་རྒྱབ་ཡོལ་དང་བཅས་པ་གསལ་བཏབ་ནས་ཚེ་དཔག་མེད་ཀྱི་བུམ་པའི་བདུད་རྩི་ལུད་པས་ལུས་ཕྱི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། སླར་ཡང་རང་ལུས་འཆི་བ་མེད་པའི་བདུད་རྩིས་གང་བས་ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བའི་མོས་པ་བྱ་ཞིང་། གཟུངས་རིང་ཐུང་ཅི་རིགས་བརྗོད་པར་བྱའོ། །མཐར་མགོན་པོ་ཚེ་དཔག་མེད་འོད་དུ་ཞུ་ནས་རང་ལ་ཐིམ། ཚངས་བུག་ཀྵ་ཡིག་གིས་བཀག །འོད་ཟེར་གྱིས་ཞལ་བ་བྱས་ལ་བཞག་གོ།
破瓦法应当年富力强、身体健康时修行,修成娴熟、出现验相为止。如果不认真实修,那么仅仅是得到破瓦法的传承,也知道怎么修,但临命终时很难得到实际利益。
如果破瓦法修的很深熟,有可能对寿命有所影响,故而需要修持无量寿佛。
观想,上师金刚总持化成无量寿佛,安坐在庄严的法座上。而后从无量寿佛的宝瓶中流出长寿甘露,流入自己的体内,净除了一切身体内外之病魔与罪障。
由此自身再次充满了无死之甘露,寿命、福德一切犹如上弦月一般越来越增长。之后尽力念诵无量寿佛心咒,长咒和短咒皆可。最后怙主无量寿佛化光融入于自身,梵净穴也以“༼ ཀྵ ༽恰”字和光芒来封闭后便可出坐。
༈ གསུམ་པ་ལས་ལ་སྦྱར་བ་ནི། འཆི་བར་ཐག་ཆོད་པར་ཤེས་ནས། རང་ལུས་ལྷར་མི་གསལ་བར་ཐ་མལ་དུ་གནས་པ་ཙམ་མ་གཏོགས་སྦྱང་བའི་སྐབས་ལྟར་བསྒོམ། ཧིཀྐ་ངག་ཏུ་བརྗོད་ཐུབ་ན་དང་། དེ་མིན་མ་ཐུབ་ཀྱང་དམིགས་པ་རང་གི་རྣམ་ཤེས་ཐིག་ལེའམ་ཧཱུྃ་གི་རྣམ་པ་དེ་དབུ་མའི་ནང་ནས་ཡར་མདའ་འཕངས་པ་ལྟ་བུར་ཤུགས་བཅས་སུ་སོང་བ། བླ་མའི་ཐུགས་ཀར་ཐིམ་པའི་མཐར། བླ་མ་རང་གང་འདོད་ཀྱི་ཞིང་ཁམས་སུ་གཤེགས་པར་བསམས་པས་ངེས་པར་འཕོའོ། །
三、实际运用:
确定将必死无疑之时,自身即使不能够观想为本尊,但仅仅是以平凡的身躯,若能口诵“嘿、噶”,并观想自己的神识化成明点或吽字相,从中脉内向上如射箭一般用力而去,融入于上师心间,之后上师也任意前往清净之刹土中,如此必定能往生。
གཞན་ལ་འདེབས་པ་ནི། སྐྱབས་འགྲོ་བཞི་སྐོར་དང་སེམས་བསྐྱེད་བྱ། སངས་རྒྱས་ཀྱི་མཚན་སྒྲོག །སྨོན་ལམ་རྣམ་པར་དག་པ་འདེབས། འབྱུང་བ་བཞི་ཐིམ་རིམ་རྫོགས་པའི་རྗེས་ལ། ཕུང་པོ་ལ་བསངས་གཏོར་བྱས་ནས། ཚེ་འདས་ཀྱི་རྣ་བ་གཡོན་པ་ནས་མིང་ལན་གསུམ་བོས་ལ། འོ། ཁྱོད་ཀྱི་ཚེ་འདིའི་སྣང་བ་ནུབ། ཕྱི་མའི་སྣང་བ་ནི་མ་ཤར། ད་ལྟ་སྙིང་ག་ཆོས་ཀྱི་ཕོ་བྲང་ན་རྣམ་ཤེས་བུམ་ནང་གི་མར་མེ་ལྟ་བུར་ཡོད་པས། སྐབས་འདིར་ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། ལམ་ཟབ་མོ་འཕོ་བའི་གདམས་པ་ཉམས་སུ་བླང་སྙམ་པ་གྱིས་ཤིག །
为他人助念破瓦法时,念四皈依偈,发菩提心,诵诸佛圣号,发清净愿。当亡者四大种隐没次第结束之时,可以做临终助念仪式。
首先在亡者的左耳旁边叫三声他(她)的名字,然后便引导:“哦!你今世的幻觉会消失,而会出现各种来世的幻觉。此时,你的神识如同瓶中的油灯一般,就在心间的法界宫殿中。你要从心里皈依、祈祷佛法僧三宝,并观修深道破瓦法窍诀。”
ཅེས་བརྗོད་ནས་དམིགས་པ་འབོགས་པའི་གནད་ནི། རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་ཤེས་དགོས་ཤིང་། དེ་ནས་སྤྱི་གཙུག་གི་བླ་མ་དེ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ཡི་རྩ་དབུ་མའི་མར་སྣ་དང་། ཚེ་འདས་ཀྱི་དབུ་མའི་ཡར་སྣ་གཉིས་ཁ་སྤྲད་ལ། རང་གི་སེམས་དང་གཤིན་པོའི་རྣམ་པར་ཤེས་པ་དབྱེར་མེད་དུ་བསྲེས་ལ་ཧིག་མང་དུ་བརྗོད་པའི་མཐར། ཕཊ་ཀྱི་སྒྲས་བསྐུལ་བའི་སྐབས་རྒྱ་མཐོང་ལ་བྱ་འཕུར་བ་ལྟར་དབུ་མའི་ལམ་བརྒྱུད་དེ་སངས་རྒྱས་ཀྱི་ཐུགས་ཀར་འཕངས། སངས་རྒྱས་ཀྱི་ཐུགས་དང་དབྱེར་མེད་དུ་བསྲེས་ལ་བཞག །དེས་ཚེ་འདས་ཀྱི་རྣམ་ཤེས་ཆོས་དབྱིངས་སུ་བགྲོད་པར་ཐེ་ཚོམ་མེད་དོ། །
同时,引导者金刚阿阇黎则观想:头顶上方的上师金刚总持金刚跏趺而坐,佛的中脉下端与亡者的中脉上端对接,自己的心和亡者的神识合二为一,之后反复念“嘿”,随后念一声“拍”的时候,即如同鸟儿从天窗里飞往天空一般,亡者的神识经过中脉引入佛的心间,与佛心和合、融为一体,之后安住于无念的境界中。如此助念,毫无疑问,亡者的神识定能往生清净的法界中。
དེ་ལྟར་དཔལ་འབྲུག་པའི་གདམས་པའི་གཞུང་ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ལས་གསུངས་པའི་རྣམ་ཤེས་བླ་མའི་འཕོ་བ་འདི་གཉིས་ཀྱིས། ཚེགས་དང་ཡུན་ལ་མ་ལྟོས་པར་རྙིང་མའི་འཇག་ཚུགས་མ་དང་ཁྱད་མེད་མྱུར་དུ་འབྱོངས་པའི་ཕྱག་ལེན་ཟུར་ཁྱད་བཏོན་པ་འདི་ཡང་། རང་གཞན་གྱི་ཆོས་ལ་ཁྱད་པར་ཕྱེ་བའི་ཀུན་སློང་གིས་གཞན་ཆོས་ལ་སྐུར་འདེབས་ནི་ཆོས་སྤོང་གི་ལས་ངན་མི་བཟད་པ་རང་ཐོག་ཏུ་འབབ་པས་ནམ་ཡང་བྱ་བ་མ་ཡིན་མོད།
此吉祥竹巴之教典窍诀,依那若巴尊者在特殊密法《介绍和合往生法要点》当中所讲,神识上师之往生法不需要长修与苦修,也能够达到宁玛巴的《直入茅草破瓦法》同等的成就。为此本人特别专著了本传承破瓦法的修行方法。
当然,如果以分别心动机区分教派、自赞毁他,就是造舍法、谤法罪,故而任何时候都不能造这种罪业。
འོན་ཀྱང་ཆོས་བདག་ངན་པ་འགའ་ཞིག །གཞན་ལུགས་ལ་ངོ་མཚར་མཚར་དང་། ཟབ་ཟབ་མོར་བྱེད་ཅིང་། རང་ལུགས་ལ་ངན་པ་ཞིག་ཏུ་སྨད་ནས་མཚལ་རང་དང་བཙག་མིའི་དཔེ་ལྟར་གྱུར་པ་མང་ཞིག་སྣང་བའི་ཚུལ་ལ་སྐྱོ་ནས། རང་བློ་ལ་ཤར་བ་ལྟར་བྱས་ན་རུང་བའི་མཚན་རྨིས་ཀྱང་གསལ་བར་མཐོང་བས། ལྷ་དང་ཌཱ་ཀིས་རྗེས་སུ་གནང་བར་གོ་སྟེ། དཔལ་ལྡན་བླ་མའི་ཐུགས་རྗེས་འཚོ་བའི་ལྡོམ་པོ་བ་ཡར་འཕེལ་དབང་པོས་སྒྲུབ་པའི་བསྟི་གནས་བསམ་གཏན་ཆོས་གླིང་གི་གཟིམ་སྤྱིལ་བཀྲ་ཤིས་བདེ་ལྡན་དུ་སྦྱར་བའོ།། །།
但是,某些法主(本传承学子)总觉得别人的法教稀有、甚深,而自己的传承却认为低级,甚至歧视、诽谤,这种行为恰好是自己拥有朱砂却不足,还向他人乞求赭石的例子,本人对此情形深感失望。
如今亦出现了可行之瑞祥梦兆,故而觉得佛菩萨、本尊、空行开许可造此论。
因此,依靠具德上师慈悲加持而生活、游方行者雅培旺波,著于成就之地、闭关禅修中心、吉祥寝室中。古普·钦哲仁波切译汉。央措居士和降巴居士校对汉文。