Skip to content

༄༅། །འཕོ་བའི་གསོལ་འདེབས་མཁའ་སྤྱོད་བསུན་མ། །

破瓦法接引净土祈请文

མི་ཁྱོད་རང་གི་ལུས་དབུས་རྩ་དབུ་མ། །

འོད་ཕུང་གི་རྣམ་པའི་སྟོང་རའི་ནང་། །

སེམས་སྐྱེ་མེད་ཧཱུྃ་གི་རྣམ་པར་ལྟོས། །

སྤྱི་བོར་རྗེ་བཙུན་བླ་མ་སྒོམས། །

汝之身体内中央,

光体之相中脉内,

心识观为红哄字,

头顶观想上师尊。

ཚེ་འདི་ལ་ཆགས་ཞིང་ཞེན་པ་བསྐྱུར། །

ནུབ་བདེ་བ་ཅན་དུ་སྨོན་ལམ་ཐོབ། །

ཕ་དཀར་བརྒྱུད་ཀུན་གྱི་ངོ་བོ་ཉིད། །

སྐྱབས་སངས་རྒྱས་ཆོས་དང་དགེ་འདུན་དངོས། །

舍弃今生之贪执,

发愿西方极乐刹,

噶举诸尊之自性,

怙主佛法僧本体。

ལྷ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན། །

དོན་གཅིག་བསྡུས་བླ་མ་རིན་པོ་ཆེར། །

བློ་རྩེ་གཅིག་གུས་པས་གསོལ་བ་འདེབས། །

རྗེས་ཐུགས་རྗེའི་ལྕགས་ཀྱུས་གཟུང་མཛོད་ལ། །

本尊空行诸护法,

总集上师仁波切,

专心恭敬而祈祷,

祈求大悲摄受吾。

གནས་ཁམས་གསུམ་འཁོར་བར་མི་འཁྱམས་པར། །

ནུབ་བདེ་བ་ཅན་དུ་རྗེ་བླ་མའི། །

འཁོར་དག་པའི་ཁྲོད་དུ་སྐྱེལ་བར་མཛོད། །

ངག་དེ་སྐད་བརྗོད་ཅིང་ཡིད་ལ་བསྒོམ། །

不堕三界轮回中,

西方极乐上师处,

清净眷属中求生,

如实口念心观想。

མཆོག་དགེ་བའི་བཤེས་ཀྱིས་ཧཱུྃ་བརྗོད་པས། །

སེམས་ཧཱུྃ་གི་རྣམ་པ་ཡར་ཡར་སོང་། །

ཕ་བླ་མའི་ཐུགས་ཀར་ཐིམ་པའི་མཐར། །

དེ་བདེ་བ་ཅན་དུ་སོང་བར་འགྱུར། །

圣善知识喊哄故,

心哄之相逐步升,

融入上师心间后,

去往极乐刹土中。

ཀུན་མཁྱེན་པདྨ་དཀར་པོས་སོ། དགེའོ། །

遍智白玛嘎波 著,古普·钦哲仁波切译汉。

主页