Appearance
Appearance
༈ གསང་ལམ་འཕོ་བའི་གདམས་པ་ལས་གཞན་འཕོ་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ། །
密道破瓦法窍诀超度亡灵之
གསང་ལམ་འཕོ་བའི་གདམས་པ་ལས། གཞན་ཕན་ཐུགས་རྗེའི་ལྕགས་ཀྱུས་འཛིན་པ་ནི།
深道破瓦法窍诀之一,以大悲铁钩利益他人之法。
གང་ཟག་སྤྲོས་བྲལ་ཆེན་པོ་མན་ཆད་རྣམས་ཀྱིས་དམིགས་པ་འདི་ལྟར་བསྒོམ། སྐྱབས་འགྲོ་དང་སེམས་བསྐྱེད་ནན་གྱིས་བྱས་ནས། ཚེ་འདས་ཀྱི་ཕུང་པོ་དེ་ཉིད་གདོས་བཅས་ཀྱི་སྣང་ཞེན་རང་སར་སྟོང་ནས་སྣང་སྟོང་སྒྱུ་མ་ལྟ་བུའི་ལུས་ཝལ་གྱིས་གསལ་བའི་དབུས་སུ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། མདའ་སྨྱུག་ཙམ་ལ་མར་སྣེ་ལྟེ་འོག་ཏུ་ཕུག་རྡུགས་སུ་ཡོད་པ། ཡར་སྣེ་རྒྱ་མཐོང་ཁ་ཕྱེས་པ་ལྟ་བུར་ཡོད་པ་བསྒོམ། ཚེ་འདས་ཀྱི་སྙིང་གའི་ཐད་རྩ་དབུ་མའི་ནང་དུ་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་ཡིག་དམར་པོ་ཤིན་ཏུ་ཕྲ་བ་འཕར་ལིང་ངེ་བ་ཞིག་གསལ་བཏབ།
修行处在《大离戏》以下的补特伽罗应如此观修:首先认真地进行皈依和发心,然后对亡者尸体的实执于当下变成空性,之后显现为现空无别、如幻般的透明尸体,其体内有外白内红之中脉,箭杆许,下端于脐下封闭,上端天窗一样打开,在亡者的心间位置中脉内,为意识之自性,极其细小的红色颤动(ཧཱུྃ)“吽”字。
ཚེ་ལས་འདས་པའི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་སྐྱབས་གནས་རྒྱལ་བ་རྒྱ་མཚོ་འདུས་པའི་བདག་ཉིད་འདྲེན་མཆོག་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་འཇའ་ཟེར་འོད་ལྔ་འཁྲིགས་པའི་ཀློང་ན་བཞུགས་པར་བསྒོམ།
在亡者的头顶上方观想:莲花和月轮上自性为依怙诸佛菩萨之总集,导师根本上师金刚总持,身蓝色,一面二臂,金刚杵和铃交叉持于胸前,以各种绸缎和珍宝饰庄严,双足金刚跏趺坐,于五色彩虹光芒中安坐。
བླ་མའི་ཐུགས་ཀར་ཟླ་བའི་གདན་ལ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་ག་ཡེ་ཤེས་ལྔའི་ངོ་བོར་གསལ་བཏབ་ནས། རང་གི་བཀའ་བརྒྱུད་བླ་མ་རྣམས་ལ་མོས་གུས་ཀྱི་གདུང་བས་རྒྱུད་བསྐུལ་ནས་གསོལ་བ་དྲག་ཏུ་བཏབ་པའི་མཐར་ངག་ནས་ཧཱུྃ་ཞེས་པའི་སྒྲ་དང་ལྷན་ཅིག་ཏུ་བླ་མའི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ནར་གྱི་བརྐྱངས་ནས། ཚེ་འདས་ཀྱི་སྙིང་གའི་ཧཱུྃ་ཡིག་དམར་པོའི་ཐིག་ལེའི་ནང་དུ་བཏབ་ནས་འདྲེན་པར་བསྒོམ། ཧཱུྃ་གཉིས་པས་མགྲིན་པར་སྤར། ཧཱུྃ་གསུམ་པས་སྤྱི་བོར་སྤར། ཧཱུྃ་བཞི་པས་བླ་མའི་ཐུགས་ཀར་བསྲེས། མཐར་ཕཊ྄་དྲག་པོས་བླ་མ་འོག་མིན་ཆོས་དབྱིངས་ན་རྡོ་རྗེ་འཆང་གི་ཐུགས་ཀར་ཐིམ་པར་བསྒོམ། ཉམས་ལེན་གྱི་གཤིས་ཐོག་ཏུ་ཡུད་ཅིག་བཞག་མཐར་བསྔོ་བ་དང་སྨོན་ལམ་ཡང་ཡང་དུ་བགྱིའོ།།
在上师的心间月垫上观想:诸佛总集之自性,照耀五种智慧光芒的深蓝(ཧཱུྃ)“吽”字。自己以虔敬心激发诸噶举上师之相续,并强烈地祈祷。之后念一声(ཧཱུྃ)“吽”的同时,上师心间的(ཧཱུྃ)“吽”字下面钩伸下来,勾在亡者心间红色(ཧཱུྃ)“吽”字的圆圈后引上去。第二次念(ཧཱུྃ)“吽”时迁引至喉间,第三次念(ཧཱུྃ)“吽”时迁引至头顶,第四次念(ཧཱུྃ)“吽”时融入于上师的心间,之后用力念一声“呸”时上师融入于法界密严刹土中金刚总持的心间。如此状态中片刻间安住,之后反复进行发愿和回向。
༈ སྣང་སེམས་གཅིག་ཏུ་འདྲེས་པའི་རྣལ་འབྱོར་པས་ཚེ་འདས་ལ་འཕོ་བ་འདི་ལྟར་བཏབ།
现心融为一味之瑜伽士超度亡灵之方法
དང་པོ་དམིགས་མེད་ཀྱི་སྐྱབས་འགྲོ་སེམས་བསྐྱེད་ནས། སྣང་སེམས་གཉིས་མེད་ཀྱི་རང་རྩལ་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་ཡང་ཡང་བཏབ་ནས། དུས་ཡོལ་གྱི་རྣམ་ཤེས་དང་རང་སེམས་གཉིས་མེད་དུ་བསྲེས། རང་སེམས་རྡོ་རྗེ་འཆང་གི་ཐུགས་ཀར་ཕཊ྄་ཀྱིས་རྒྱས་བཏབ་ནས་སྟོང་ཉིད་ཆོས་སྐུའི་ཀློང་དུ་ཡུན་རིང་དུ་བཞག་ནས་མཐར་དམིགས་པ་མེད་པའི་བསྔོ་བ་དང་སྨོན་ལམ་གྱི་རྒྱས་འདེབས་པ་གལ་ཆེའོ།།
先做无缘之皈依和发心,然后反复祈祷于现心无别之形象、诸佛总集之自性、诸噶举上师。于是亡者的意识和自心融为一体后,念一声“呸”的当下自心与金刚总持的智慧合二为一,之后恒常安住于空性法身的境界当中。最后做无缘之发愿和回向极为重要。
古普·钦哲仁波切译汉。陈润泽居士和朱红霞居士校对汉文。