Skip to content

༄༅། །སྙན་རྒྱུད་གསང་བའི་མཐར་ཐུག་ཟབ་ལམ་འཕོ་བའི་གདམས་པ་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།

耳传究竟密法—深道破瓦窍诀

心之明点

ཟབ་ལམ་འཕོ་བའི་གདམས་པ་སྙིང་གི་ཐིག་ལེ་ལས།

深道破瓦法窍诀心之明点

གྲུབ་དབང་ཤཱཀྱ་ཤྲཱི།

夏加师利瑜伽士 著

ཐོག་མར་སྐྱབས་འགྲོ་ནི།

皈依和发心

སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མ་ལ། །

诸佛总集根本上师尊,

འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས། །

今皈依至菩提果之间,

མུ་དང་མཐའ་མེད་འཁོར་བའི་སེམས་ཅན་རྣམས། །

为度无边轮回诸有情,

སྨོན་དང་འཇུག་པའི་བྱང་ཆུབ་སེམས་མཆོག་བསྐྱེད།།

发起愿行殊胜菩提心。

བདག་བསྐྱེད་ནི།

自生起文

ལུས་ཐ་མལ་འཛིན་སྣང་དབྱིངས་སུ་སྟོང་། །

凡身之执空于法界中,

མདངས་མ་འགག་རྡོ་རྗེ་རྣལ་འབྱོར་མ། །

显现不灭金刚瑜伽母,

སྐུ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །

母身红色一面二臂相,

གཡས་གྲི་གུག་ནམ་མཁའི་མཐོངས་སུ་འཕྱར། །

右手弯刀高举于虚空,

གཡོན་ཐོད་ཁྲག་ཐུགས་ཀའི་ཐད་དུ་འཛིན། །

左手满血之颅持胸前,

ཡབ་སྦས་པའི་ཁ་ཊྭཱཾ་གྲུ་མོར་བརྟེན། །

父隐天杖倚于臂肘处,

རྒྱན་རུས་པའི་ཕྱག་རྒྱ་རྣམ་ལྔས་བརྒྱན། །

五种骨饰⼿印之庄严,

ཞབས་བརྐྱང་བསྐུམ་བམ་རོ་པད་ཉིའི་སྟེང་། །

双足伸缩死尸莲日上,

སྐུ་སྣང་སྟོང་མེ་དཔུང་དབུས་སུ་འགྱིང་། །

现空之身慧焰中站立,

སྟེང་ནམ་མཁར་པདྨ་ཟླ་བའི་སྟེང་། །

上方空中莲花月垫上,

སྐྱབས་མཆོག་གྱུར་རྩ་བའི་བླ་མ་ནི། །

殊胜依怙根本上师尊,

སྐུ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །

身色深蓝一面二臂相,

དཔལ་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་སྤྲས། །

吉祥圆满报身服装饰,

ཕྱག་རྡོར་དྲིལ་ཐུགས་ཀར་བསྣོལ་ཐབས་བཟུང་། །

金刚铃杵交叉持胸前,

སྟེང་ནམ་མཁར་འཇའ་འོད་རྣམ་ལྔའི་ཀློང་། །

上方空中五色彩虹中,

ལམ་ཟབ་མོ་འཕོ་ལུང་བརྒྱུད་པ་ཡི། །

深甚之道破瓦法传承,

རྗེ་བླ་མ་མཐོ་བརྩེགས་ཚུལ་དུ་བཞུགས། །

诸多上师重楼式安坐。

གསོལ་འདེབས་ནི།

祈祷文

ཞིང་རྣམ་དག་འོག་མིན་ཆོས་དབྱིངས་ན། །

清净法界密严刹土中,

རྗེ་དྲུག་པའི་བདག་ཉིད་རྡོ་རྗེ་འཆང་། །

第六大秘密主金刚持,

བུ་མོས་གུས་གདུང་བས་གསོལ་བ་འདེབས། །

子以虔敬哀伤心祈祷,

ལམ་འཕོ་བ་རྩོལ་མེད་འབྱོང་བ་དང་། །

无勤娴熟深道破瓦法,

དཔལ་དག་པ་མཁའ་སྤྱོད་ཞིང་ཁམས་སུ། །

吉祥空行清净刹土中,

གཞི་ཆོས་སྐུ་གཏན་སྲིད་ཟིན་པར་ཤོག །

祈求证得基位法身果,

གནས་དག་པ་མཁའ་སྤྱོད་ཞིང་ཁམས་སུ། །

清净世界空行刹土中,

རྗེ་ཏིལ་ནཱ་མར་པ་ཡབ་སྲས་ལ། །

帝洛那若玛尔巴父子,

བུ་མོས་གུས་གདུང་བས་གསོལ་བ་འདེབས། །

子以虔敬哀伤心祈祷,

ལམ་འཕོ་བ་རྩོལ་མེད་འབྱོང་བ་དང་། །

无勤娴熟深道破瓦法,

དཔལ་དག་པ་མཁའ་སྤྱོད་ཞིང་ཁམས་སུ། །

吉祥空行清净刹土中,

གཞི་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །

祈求证得基位法身果,

རང་སྣང་ཡུལ་སྟོང་པའི་རང་མདངས་ལས། །

自所显现境空之现象,

དྲིན་འཁོར་མེད་རྗེ་བཙུན་མི་ལ་ལ། །

恩德难报米拉日巴尊,

བུ་མོས་གུས་གདུང་བས་གསོལ་བ་འདེབས། །

子以虔敬哀伤心祈祷,

ལམ་འཕོ་བ་རྩོལ་མེད་འབྱོང་བ་དང་། །

无勤娴熟深道破瓦法,

དཔལ་དག་པ་མཁའ་སྤྱོད་ཞིང་ཁམས་སུ། །

吉祥空行清净刹土中,

གཞི་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །

祈求证得基位法身果,

སེམས་ཀུན་གཞི་ཆོས་ཉིད་རང་མདངས་ལས། །

阿赖耶识法性现象中,

རྩལ་རང་གྲོལ་ཤཱཀྱ་ཤྲཱི་ལ། །

任运解脱夏加师利尊,

བུ་མོས་གུས་གདུང་བས་གསོལ་བ་འདེབས། །

子以虔敬哀伤心祈祷,

ལམ་འཕོ་བ་རྩོལ་མེད་འབྱོང་བ་དང་། །

无勤娴熟深道破瓦法,

དཔལ་དག་པ་མཁའ་སྤྱོད་ཞིང་ཁམས་སུ། །

吉祥空行清净刹土中,

གཞི་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །

祈求证得基位法身果,

གནས་སྤྱི་གཙུག་པདྨ་ཟླ་བའི་སྟེང་། །

顶上莲花明月法座上,

དྲིན་འཁོར་མེད་རྩ་བའི་བླ་མ་ལ། །

恩德难报根本上师尊,

བུ་མོས་གུས་གདུང་བས་གསོལ་བ་འདེབས། །

子以虔敬哀伤心祈祷,

ལམ་འཕོ་བ་རྩོལ་མེད་འབྱོང་བ་དང་། །

无勤娴熟深道破瓦法,

དཔལ་དག་པ་མཁའ་སྤྱོད་ཞིང་ཁམས་སུ། །

吉祥空行清净刹土中,

གཞི་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །

祈求证得基位法身果,

མཐར་མོས་གུས་གདུང་བས་རྒྱུད་བསྐུལ་ནས། །

终以敬心激发相续故,

སྟེང་བརྒྱུད་པའི་བླ་མ་འོད་དུ་ཞུ། །

上方传承上师化为光,

རྗེ་རྩ་བའི་བླ་མའི་ངོ་བོར་གྱུར། །

皆成根本上师之自性。

ཁྱད་པར་རྩ་བའི་བླ་མ་ལ་གསོལ་བ་འདི་ལྟར་གདབ།

ན་མོ། རྒྱལ་བ་ཀུན་གྱི་སྤྱི་གཟུགས། །སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །གསང་ཆེན་བསྟན་པའི་མངའ་བདག །འདི་ཕྱིའི་སྐྱབས་མཆོག་དམ་པ། །བཀའ་དྲིན་འཁོར་བ་མེད་པའི། །དྲིན་ཅན་རྩ་བའི་བླ་མ་མཁྱེན་ནོ། །མཁྱེན་ནོ། །གསོལ་བ་སྙིང་ནས་འདེབས་སོ། །ཟབ་ལམ་འཕོ་བ་མྱུར་དུ་འབྱོངས་ནས། འོག་མིན་དག་པ་ཆོས་སྐུའི་ཞིང་དུ། རང་རིག་ཆོས་སྐུའི་གཏན་སྲིད་ཟིན་པར་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་དྲག་ཏུ་ཡང་ཡང་བཏབ།

特别向根本上师如此祈祷

拿摩!诸佛菩萨之总体,怙主总集之自性,无上密法之法主,今世后世之依怙,恩德难以回报,大恩根本上师垂念我、垂念我。从内心中祈祷,祈求赐加持,速速娴熟深道往生法,于清净密严法身刹土中,自心证得法身佛果位。如此强烈地反复祈祷

དང་པོར་སྐྱབས་འགྲོ་ནི།

མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་འཕོ་བའི་རྣལ་འབྱོར་བསྒོམ་པར་བྱའོ་སྙམ་པའི་ངང་ནས་མདུན་གྱི་ནམ་མཁར་རྩ་བའི་བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་སྤྱན་སྔར། བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་བསྒོམ།

皈依和发心

尽虚空遍法界一切有情安置于无上菩提,为此我当修持深甚破瓦法瑜伽。如此之发心下,在前方的虚空中观想三宝总集之自性根本上师,在此面前我和尽虚空遍法界一切有情,从即日起皈依,乃至获得菩提果之间。

སྐྱེ་གནས་བཞིས་བསྡུས་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ལམ་ལ་འགོད་པར་བྱའོ་སྙམ་པའི་སེམས་བསྐྱེད། མཐར་བླ་མ་རང་ལ་བསྟིམ། རང་ལུས་མི་དམིགས་པ་སྟོང་པར་སྦྱངས། སྟོང་གསལ་འགག་པ་མེད་པའི་རང་མདངས་ལས་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་རྒྱན་ཆ་ལུགས་མ་འདྲེས་ཡོངས་རྫོགས་གསལ་བའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ་ཕྱི་དཀར་ལ་ནང་དམར་བ་མཚན་ཉིད་བཞི་ལྡན་མར་སྣེ་ལྟེ་འོག་སོར་བཞིའི་མཚམས་སུ་ཟུག་པ་ཕུག་རྡུགས་སུ་ཡོད་པ། ཡར་སྣེ་སྤྱི་གཙུག་ནས་ཁ་གྱེན་དུ་གཡེར་བ། སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་པདྨ་འདབ་བཞིའི་ལྟེ་བར་རླུང་སེམས་གཉིས་མེད་ཀྱི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་འཕར་ལིང་ངེ་བ་ཞིག་གསལ་བཏབ།

于是,包括四生在内的一切有情安置于无上菩提道,如此发菩提心,之后上师融入于自身。

自身无缘净化为空性,于空性中观想:现空不灭的现象中一瞬间显现出红色的金刚瑜伽母,分别装饰着所有的衣饰,其体内有中等箭杆许的中脉,外白内红,具备四种特征,下端于脐下四指处封闭,上端在头顶梵净穴开口,在心间位置中脉内四瓣莲花之中央,有风心无别之自性,白里透红的颤动明点。

སྤྱི་གཙུག་ན་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་རྡོ་རྗེ་འཆང་དུ་གསལ་བའི་སྤྱི་བོ་ནས་ཡར་རྡོ་རྗེ་འཆང་ལ་ཐུག་གི་བར་འཕོ་ལུང་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་སུ་གསལ་བཏབ་ནས། མོས་གུས་ཀྱིས་ལུས་བ་སྤུ་གཡོ། གདོང་མཆི་མ་འཁྲུགས་བཞིན་པའི་ངང་ནས་བརྒྱུད་པའི་གསོལ་འདེབས། ཞིང་རྣམ་དག་གིས་གསོལ་བ་བཏབ་པའི་མཐར། བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དྲག་པོས། བླ་མ་མཁྱེན་ནོ་སོགས་གསོལ་འདེབས་ཚར་གྲངས་གང་ལྕོགས་ཀྱི་མཐར་བླ་མའི་ཐུགས་ཀར་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་ག་ཡེ་ཤེས་ལྔའི་འོད་ཟེར་འབར་བ་གསལ་ཐེབས་པ་དང་མཉམ་དུ། ཧིཀ་ཅེས་པའི་སྒྲ་དྲག་པོ་དང་ལྷན་ཅིག་ཏུ་རང་གི་སྙིང་གའི་ཐིག་ལེ་དེ་བླ་མའི་ཐུགས་ཀར་རྒྱང་གིས་ཐོན་ནས་ཧཱུྃ་ཡིག་དང་གཉིས་མེད་གཅིག་ཏུ་འདྲེས་པའི་ངང་ནས་ཡུད་ཙམ་མཉམ་པར་བཞག །སླར་ཀ་ཞེས་ཐིག་ལེ་མར་ཧྲིལ་གྱིས་འགྲིལ་ནས་རང་མལ་དུ་བསྡད། དེ་འདྲ་བ་ཡང་ཡང་དུ་རྩལ་སྦྱངས་ཤིང་།

在头顶上观想,自性为根本上师,形象是金刚总持,其上方有诸破瓦法传承上师,上至金刚持之间,均重楼式的安坐。然后,以虔敬心而汗毛竖立、眼泪直流的念诵《清净法界密严刹土中》之传承上师祈祷文。之后诸上师逐步溶化,融入于根本上师,而根本上师成为了一切依怙之总集,于是以强烈的虔敬心尽力念诵《根本上师垂念我》等祈祷文。

之后在上师的心间观想:诸佛总集之自性,照耀五种智慧光芒的深蓝(ཧཱུྃ)“吽”字,与此同时用力念一声“贺嘎”,此刻自己心间的明点上升至上师的心间,并与(ཧཱུྃ)“吽”字融为一体,如此片刻间入于平等住。再次念“嘎”时立即下降,回到原处,如此反反复复地修炼。

གང་ཟག་རབ་ཀྱིས་ཧིཀྐ་ཉེར་གཅིག །འབྲིང་གིས་ཐུན་གཅིག །ཐ་མས་ཀྱང་ཉིན་ཞག་གཅིག་སྦྱངས་པས་རྟགས་ངེས་པར་འབྱུང་བ་ནི་འདི་ལྟ་སྟེ། སྤྱི་བོར་འབུར་བ་དང་། ཁྲག་དང་ཆུ་སེར་འབྱུང་བ། འཇག་མ་དལ་གྱིས་ཟུག་པ་སོགས་ངེས་པར་འབྱུང་ངོ་། །རྟགས་ཐོན་ནས་སྦྱང་མི་དགོས། ཐུན་གྱི་མཐར་བླ་མ་རྡོ་རྗེ་འཆང་ཚེ་དཔག་མེད་ཀྱི་སྐུར་གྱུར་ནས་ཕྱག་གི་ཚེ་བུམ་ལས་བདུད་རྩིའི་རྒྱུན་བབས་པས། བདག་གི་ལུས་ངག་ཡིད་གསུམ་བདུད་རྩིས་ལྟེམ་གྱིས་གང་ནས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ་ལ། ཚེ་བསྙེན་གང་མང་བཟླས་པའི་མཐར་བླ་མ་ཚེ་དཔག་མེད་འོད་ཀྱི་གོང་བུར་གྱུར་ནས་རང་ལ་ཐིམ། རང་ཉིད་ལྷའི་སྣང་བ་འདི་ཉིད་རང་གྲོལ་བྱ་ལམ་རྗེས་མེད་བློ་འདས་ཆོས་སྐུའི་ངོ་བོར་སྦྱོང་ཞིང་བླ་ན་མེད་པའི་བསྔོ་སྨོན་གང་ཟབ་དང་ཚེ་སྒྲུབ་ལ་ནན་ཏན་འབད།

上等根基者的补特伽罗念二十一遍“贺嘎”,中等根基者念一坐间,下等根基者念一昼夜,如此修炼定能出现验相,而验相有头顶红肿、出现血和黄水、直入茅草等。出现验相后不再需要修炼了。

最后出坐时观想:上师金刚总持变成无量寿佛,手中的长寿宝瓶中流下甘露,充满自己的身语意,由此获得了无死长寿之悉地。于是尽力念诵无量寿佛心咒。之后观想上师无量寿佛变成光体并融入于自己。而显现为无量寿佛的自己,也净化为任运解脱、如飞鸟无痕一般、远离心识之法身佛自性中。之后认真地进行无上殊胜的发愿和回向及延寿修持。

ཅེས་འཕོ་བའི་གདམས་པ་བྲི་བར་འོས་པ་ནི་འདི་ལྟ་སྟེ། བདག་སྔར་བསྙེན་མཚམས་སུ་སྡོད་སྐབས་འོད་གསལ་གྱི་ངང་ནས་རྗེ་བཙུན་མི་ལ་ཡང་ཡང་དུ་མཇལ་ནས་རྗེ་བཙུན་གྱི་ཞལ་ནས་ཡང་ཟབ་གསང་ཆོས་མང་པོ་དག་སྣང་གི་ཚུལ་དུ་གསུངས་པའི་མཐར་བུད་མེད་རྒན་མོ་སྨིན་མ་དང་སྨ་ར་དམར་སེ་བ་ཞིག་གིས་བདག་གི་མིང་པོ་འཕོ་བའི་གདམས་པ་གནང་བར་ཞུ་ཟེར་བའི་མཐར་འཇའ་ཡལ་བ་ལྟར་སོང་ངོ་། །དེ་སྐབས་འཇོ་རིའི་བྱང་སྤྲུལ་གྱིས་བསྐུལ་ངོར། སྤྲང་སྨྱོན་ ༧ཤཱཀྱ་ཤྲཱིས་གང་དྲན་ཤར་མར་སྨྲས་པ་དགེའོ།། །།

如此著作破瓦法的因缘,是我以前闭关持咒时,在光明中多次面见了米拉日巴尊者,而尊者以净相的方式给我传授了许多深甚密法窍诀。之后一位金黄色眉毛和胡须的老妇人跟我说:“我的哥,请您给我传授破瓦法窍诀吧!”说完就消失的无影无踪了。当时为了满足江普向秋活佛之请求,疯子乞讨僧·夏加师利随即讲解。

古普·钦哲仁波切译汉。陈润泽居士和朱红霞居士校对汉文。

主页