Skip to content

༄༅། །འཕོ་བ་འཇག་ཚུགས་འཁྱེར་བདེ་བཞུགས་སོ། །

直入茅草破瓦法念诵文

རྡོ་རྗེ་འཆང་སོགས་དཀར་བརྒྱུད་བླ་མ་དང་། །

མཆོག་གསུམ་ཀུན་འདུས་བླ་མ་རིན་པོ་ཆེ། །

གཏན་གྱི་སྐྱབས་གཅིག་ཐུགས་རྗེའི་གཏེར་ཆེན་པོར། །

ཚིག་ཙམ་མིན་པར་སྙིང་ནས་གསོལ་བ་འདེབས། །

金刚持等噶举诸上师,

三宝总集上师仁波切,

唯一依处大悲心宝藏,

非仅言词由衷作祈祷。

མི་རྟག་འཆི་བ་སྙིང་ནས་དྲན་པ་དང་། །

ལོང་མེད་ངེས་འབྱུང་དྲག་པོའི་སྐྱོ་ཤས་ཀྱིས། །

ཆགས་སྡང་ཞེན་པའི་འཁྲི་བ་དྲུང་ཕྱུང་སྟེ། །

དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

从心深处忆念死无常,

强烈无暇出离厌离心,

从根拔除贪嗔等执著,

加持心生一无所需求。

གསོལ་བ་འདེབས་སོ་དཀར་བརྒྱུད་བླ་མ་རྣམས། །

ཐུགས་རྗེས་གཟིགས་ཤིག་དྲན་མཆོག་ཆོས་ཀྱི་རྗེ། །

བྱིན་གྱིས་རློབས་ཤིག་ཡི་དམ་ཌཱ་ཀིའི་སྡེ། །

བར་ཆད་སོལ་མཛོད་ཆོས་སྐྱོང་དམ་ཅན་ཀུན། །

我敬祈祷噶举诸上师,

大悲照见导师法中尊,

祈求加持本尊空行众,

请除障碍护法具誓众。

མི་རྟག་འཆི་བ་སྙིང་ནས་དྲན་པ་དང་། །

ལོང་མེད་ངེས་འབྱུང་དྲག་པོའི་སྐྱོ་ཤས་ཀྱིས། །

ཆགས་སྡང་ཞེན་པའི་འཁྲི་བ་དྲུང་ཕྱུང་སྟེ། །

དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

从心深处忆念死无常,

强烈无暇出离厌离心,

从根拔除贪嗔等执著,

加持心生一无所需求。

འདི་ལྟར་སྣང་གྲགས་རིག་པའི་ཆོས་རྣམས་ཀུན། །

སྣང་ཡང་འཛིན་མེད་གྲགས་སྟོང་སྐྱེ་འགག་བྲལ། །

རང་ཤར་རང་གྲོལ་འཁོར་འདས་རོ་གཅིག་པའི། །

ཡང་དག་དོན་གྱི་བླ་མར་གསོལ་བར་འདེབས། །

如此见闻接触一切法,

显而无执声空离生灭,

自起自解轮涅一味者,

恭敬祈祷殊胜了义师。

དཀར་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེའི་མཐུས། །

མ་བསྒོམས་སངས་རྒྱས་ལམ་གྱི་སྐྱེལ་མ་མཆོག །

མྱུར་ལམ་འཕོ་བ་རྩོལ་མེད་འབྱོངས་པ་དང་། །

ངེས་པར་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །

所有噶举上师大悲力,

不修成佛之道胜护送,

捷径破瓦无劳得娴熟,

决定加持成就空行刹。

古普·钦哲仁波切译汉。

主页