Appearance
Appearance
༈ དོན་བརྒྱུད་འབྲུག་པའི་འཕྲལ་དགོས་ཆོས་བཞི་ལས་གཉིས་པ་མི་འཁྲུགས་པ་ངན་སོང་སྦྱོང་བའི་ཆོས་ནི།༄༅། །རྡོ་རྗེ་མི་འཁྲུགས་པའི་བསྐྱེད་བཟླས་ཉུང་ངུ་ཐར་པའི་ལྕགས་ཀྱུ་བཞུགས། །
义传竹巴传承四部急需实修法之二
——不动佛消除恶趣法
度脱铁钩
སྐྱབས་སེམས་སོགས་ཚད་མེད་བསྒོམ་པ་སྔོན་དུ་བཏང་ནས།
诸佛正法圣僧众,直至菩提我皈依,
为成自他二利故,即发殊胜菩提心。
念三遍
ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ།
嗡 所巴瓦 秀大 沙瓦 大马 所巴哇 秀多沆
བདག་མེད་གཉིས་ཀྱི་རང་བཞིན་སྟོང་ཉིད་མདངས། །ཧཱུྃ་ལས་སྲུང་འཁོར་བྷྲཱུྃ་ལས་གཞལ་ཡས་དབུས། །
གླང་པོའི་ཁྲི་སྟེང་པད་ཟླར་ཨཱཿ ཡིག་ལས། །ཟླ་བ་ཧཱུྃ་མཚན་འོད་ཀྱིས་དོན་གཉིས་བྱས། །
人法无我自性空性中,吽成护轮准成佛宫殿,
殿内象座莲月啊字处,月轮吽标之光利自他,
སྔགས་སྒྲས་བསྐུལ་ལས་ཟླ་བ་ས་བོན་བཅས། །ཡོངས་གྱུར་བདག་ཉིད་བཅོམ་ལྡན་མི་འཁྲུགས་པ། །
བཻཌཱུར་མདངས་འཚེར་མཚན་དཔེའི་གཟི་བྱིན་འབར། །ས་གནོན་མཉམ་བཞག་ཕྱག་རྒྱས་རྡོ་རྗེ་བསྣམས། །咒音策励月及种子字,圆满变成自我不动佛,
琉璃光耀相好庄严身,触地定印手持金刚杵,
དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས། །སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན། །
མགྲིན་པར་པདྨ་དམར་པོ་ཨཱཿ ཡིས་མཚན། །ཐུགས་འོད་གུར་ཁྱིམ་པད་ཟླར་རྡོ་རྗེ་ཧཱུྃ། །
绸缎珍宝饰装跏趺坐,头顶白色法轮嗡字标,
喉间红色莲花阿字标,心间光幕莲月金刚吽,
ཡོངས་གྱུར་རང་འདྲའི་སེམས་དཔའི་ཐུགས་ཀ་རུ། །ཟླ་བར་རྡོ་རྗེ་ཧཱུྃ་མཚན་འོད་ཟེར་གྱིས། །
འོག་མིན་གནས་ནས་ཡེ་ཤེས་སྤྱན་དྲངས་བསྟིམ།།རིགས་བདག་གིས་མཚན་རང་འཕྲུལ་མཆོད་པའི་སྤྲིན།།
均成如己萨垛心间处,明月金刚吽字发光故,
密严刹中迎请智者融,部主顶严自化供品云,
ཡོན་ཏན་བསྔགས་པ་མི་ཟད་བསྟོད་དབྱངས་འབུལ། །ཐུགས་སྲོག་མཐའ་མར་གཟུངས་སྔགས་བསྐོར་བ་ལས། །
མེ་དང་སྒྲ་དང་སྒྲ་མཐའི་བསམ་གཏན་གྱིས། །རང་གཞན་སྒྲིབ་སྦྱངས་དོན་གཉིས་སྒྲུབ་པར་དམིགས། །
供养无量功德赞美歌,咒轮围绕心间种子字,
火与音声音遍之禅定,观想自他消业成二利,
ན་མོ་རཏྣ་ཏྲ་ཡཱ་སོགས་གཟུངས་སྔགས་དང༌།
拿摩惹拿扎亚亚,嗡刚嘎聂刚嘎聂,若咋呢若咋呢,桌扎呢桌扎呢,扎萨呢扎萨呢,扎德哈拿扎德哈拿,萨瓦嘎嘛巴让巴惹讷麦萨瓦萨垛尼咋梭哈。
如此念诵不动佛心咒
ཨོཾ་ཨཀྵོ་བྷྱཿ ཛ་བིགྷྣན་ཏ་ཀྲིཏ་ཧཱུྃ་ཕཊཿ
嗡阿閦呗咋比嘎拿达支达吽呸
如此尽力念诵不动佛名咒, 之后:
སྐུ་ཚེ་བསྟན་པ་བསྐལ་ཆེན་འབུམ་ཕྲག་བཅུ། །ཞིང་གི་ཁྱོན་དང་ཉན་ཐོས་བྱང་སེམས་ཀྱི། །
འདུས་པ་རྒྱལ་མཚོའི་གཏིང་མཐའ་མི་མངོན་པའི། །འདྲེན་པ་མཉམ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །
སྐྱེ་བོ་ཉོན་མོངས་དུག་གིས་མགོ་རྨོངས་ནས། །འགྲོ་དྲུག་བར་མ་དོ་རུ་འཁྱམས་པ་རྣམས། །
དེ་རིང་ཉིད་དུ་ཕན་མཛད་ཕྱག་རྐྱོངས་ལ། །མངོན་དགའི་ཞིང་དུ་དྲོངས་ཤིག་མི་འཁྲུགས་པ། །
佛法住世一百万大劫,刹土面积声闻与菩萨,
所聚弟子数量不可数,无等导师慈悲眼观照。
凡夫三毒烦恼愚昧故,飘泊六趣轮回中阴间,
即日伸出大慈大悲手,置于现喜刹土不动佛。
བདག་གི་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།།བསམ་གཏན་ཤེས་རབ་དགེ་བ་བསྒྲུབས་པ་རྣམས། །
འགྲོ་བ་ཀུན་གྱི་ཐུན་མོང་ཉིད་གྱུར་དེས། །ཐམས་ཅད་མངོན་དགའི་ཞིང་དུ་སྐྱེ་བར་ཤོག །
吾之布施持戒忍精进,禅定智慧一切所修善,
均成一切有情共善故,祈愿诸众往生现喜刹。
མཐར་ནི་སྣང་ཆ་ལྷ་ཡི་སྐུ་དང་སྔགས། །མེ་ལོང་ཧས་ལྟར་མི་དམིགས་ངང་དུ་བཞག །
结尾现分佛身及咒语,无缘住如镜面之哈气。
དགེ་བ་འདི་ཡིས་སོགས་ཀྱིས་དགེ་བསྔོ་སྨོན་ལམ་ཤིས་པ་བརྗོད་པས་དགེ་བར་བྱའོ། །
我今速以此善根,成就不动佛如来,
令诸众生无一余,愿皆安置于彼地。
如此念诵回向文、发愿文及吉祥文。
དེ་ལྟར་ཡང་དགེ་བཤེས་བླ་མ་དམ་པ་བློ་བཟང་མཁས་གྲུབ་ཀྱི་བཞེད་སྐོང་དུ་འཁྲུལ་ཞིག་པའི་མཚན་གྱི་བྱིན་རླབས་ཐོབ་པ་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་དུ་འབོད་པའི་རྨོངས་རྟུལ་འདུ་གསུམ་པས་བྲིས་ཏེ་ཕུལ་བས་འགྲོ་བ་ཀུན་ལ་སྨིན་པའི་རྒྱུར་གྱུར་ཅིག ། །།
此《金刚不动佛简易观修法度脱铁钩》是为了圆满尊贵格西喇嘛罗松凯珠之请求,获得持修巴尊名之加持者,世称土多慈成定增愚者(阿德仁波切)撰写并敬献,祈愿此法能够成为一切众生成熟之因。
古普·钦哲仁波切译,陈润泽居士和朱红霞居士校对汉文。