Skip to content

༄༅།།བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་བརྒྱུད་འདེབས་བྱིན་རླབས་ཆར་རྒྱུན་བཞུགས། །

出有坏金刚亥母传承祈祷文

加持之雨

ན་མོ་གུ་རུ་བཛྲ་ཝཱ་ར་ཧི།

拿摩咕如呗咋哇惹核!

སྐུ་བཞིའི་ཁྱབ་བདག་རྡོ་རྗེ་རྣལ་འབྱོར་མ། །དེ་ཡིས་རྗེས་བཟུང་དཔལ་ལྡན་ཤ་བ་རི། །

རྡོ་རྗེའི་སྐུ་བརྙེས་མངའ་བདག་ཏི་པུ་པར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

四身遍主金刚瑜伽母,彼所摄受巴登夏瓦日,

金刚身者尊主底普巴,祈祷赐予共胜之悉地。

འཇའ་ལུས་རྡོ་རྗེ་གྲགས་དང་སྐུ་མཆེད་གསུམ། །གླིང་དང་འཇིག་རྟེན་དབང་ཕྱུག་གཙང་པ་རྒྱ། །

སེང་གེའི་མཚན་དགུ་རྡོ་རྗེ་རིན་ཆེན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

虹身惹琼巴与三同门,岭日巴与自在藏巴嘉,

狮名九尊与多杰仁钦,祈祷赐予共胜之悉地。

རིགས་གསུམ་རྒྱལ་དབང་རྗེ་དང་ཤཱཀྱ་འཕེལ། །ཆོས་སྐྱབས་ཆོས་གྲགས་ཀུན་སྤངས་པདྨ་དཀར། །

ངག་དབང་བཟང་དང་དཔག་བསམ་དབང་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

三怙、嘉旺杰与夏迦佩,曲嘉、曲扎、衮邦、白玛嘎,

阿旺桑与巴桑旺波尊,祈祷赐予共胜之悉地。

མི་ཕམ་ཆོས་དབང་དགེ་ལེགས་བཞད་པའི་དཔལ། །ཐུབ་བསྟན་ཆོས་དབང་རྒྱལ་དབང་ཤིང་རྟ་ཆེ། །

ཕྲིན་ལས་ཡར་འཕེལ་ཆོས་ཀྱི་སྣང་བ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

米彭曲旺与格列协巴,图定曲旺与嘉旺星达,

成列雅培及曲吉囊哇,祈祷赐予共胜之悉地。

ཡེ་ཤེས་གྲུབ་པ་ཆོས་ཀྱི་ཉིན་བྱེད་དང༌། །བསྟན་པའི་ཉི་མ་ཆོས་ཀྱི་རྒྱ་མཚོའི་སྡེ། །

འཁོར་ལོའི་མགོན་པོ་གྲུབ་མཆོག་རྡོ་རྗེ་འཆང༌། །རྡོ་རྗེ་མ་དཔལ་རྩ་བའི་བླ་མ་ལ། །

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །

益西珠巴与曲吉尼色,丹悲尼玛与曲吉嘉措,

坛城怙主仲却金刚持,至尊金刚亥母根本师,

祈祷赐予共胜之悉地。

དབང་བཞིས་རྒྱུད་སྨིན་དམ་ཚིག་སྲོག་རྩ་བརྟན། །རིམ་གཉིས་རྩལ་རྫོགས་ས་ལམ་མ་ལུས་བགྲོད། །

ཁ་སྦྱོར་བདུན་ལྡན་རྡོ་རྗེ་ཕག་མོ་ཡི། །གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་ཤོག །

四灌续熟誓言根稳固,圆二次第一切地道行,

七支和合金刚亥母之,殊胜果位即身愿亲证。

ཅེས་བཀའ་བརྒྱད་རིན་པོ་ཆེས་སོ།།此乃噶杰仁波切造也。

༄༅། །རྡོ་རྗེ་ཕག་མོ་ཞལ་གཉིས་མ་མཆོད་པའི་ཆོ་ག་རས་ཆུང་ལུགས་ཆོག་ཁྲིགས་

བཀླག་ཆོག་གསལ་པོར་བཀོད་པ་བཞུགས་སོ།།

热穹巴传承—两面金刚亥母之

供修念诵仪轨

ན་མཿ ཤྲཱི་བཛྲ་ཡོ་གི་ནཱི་ཡེ། གསང་བ་ཆེན་པོའི་དཀྱིལ་འཁོར་ཐམས་ཅད་པའི། །མཆོག་གི་གཙོ་མོ་ལྷན་སྐྱེས་ཤེས་རབ་སྐུ། །བདེ་མཆོག་བདེ་སྟེར་བཅོམ་ལྡན་སྣང་མཛད་མར། །གུས་པས་འདུད་དོ་བྱིན་རླབས་དངོས་གྲུབ་སྩོལ།། འདིར་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་བདེན་གཉིས་ཞལ་ཅན་མའི་མཆོད་ཆོག་ཉམས་སུ་ལེན་པར་འདོད་པས་གནས་ཁང་ཡིད་དུ་མཆིས་པར་སྟེགས་བུ་གཡོགས་ལྡན་གྱི་ཁར། རྡུལ་ཚོན་ནམ་རས་བྲིས་གང་རུང་གི་ཆོས་འབྱུང༌། དབུས་སུ་བཾ། མཐའ་རྡོ་ར་མེ་རིས་བསྐོར་བ་དཔེ་རིས་བཞིན་བྲིས་པ་བཀོད། དེའི་ཁར་མཉྫིའི་སྟེགས་ལ། ཐོད་པ་མཚན་ལྡན་བདུད་རྩི་རིལ་བུ་སྦྱར་བའི་ཆང་གིས་བཀང༌། དེའི་ཁར་མེ་ལོང་དྲི་མ་མེད་པ་ལ་དྲི་བཟང་གི་ཆུས་བརླན་པའི་སྟེང་སིནྡྷུ་ར་ཡི་ཕྱེ་མ་གདལ་བ་ལ་ཆོས་འབྱུང་སྔགས་བཅས་དཔེ་རིས་ལྟར་བྲིས་པ་བཤམས། དར་དམར་གྱི་གུར་ཕུབ། མདུན་དུ་ཆུ་གསུམ་སྔོན་དུ་འགྲོ་བའི་ཉེར་མཆོད་རྣམ་ལྔ། ནང་མཆོད་བདུད་རྩི། མཆོད་གཏོར་ལག་ལེན་བཞིན་དང༌། སྔོན་འགྲོའི་གཏོར་མ། འཇིག་རྟེན་གཏོར་མ་ཡང་འདུ་བྱ། རྡོ་རྗེ་དྲིལ་བུ་ཌཱ་མ་རུ་སོགས་རྣལ་འབྱོར་གྱི་ཡོ་བྱད་དང་ཚོགས་ཀྱི་མཆོད་པ་ཚོགས་པར་བྱས་ཏེ། བདེ་བའི་སྟན་ལ་འདུག་ནས། དང་པོ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལེན་པ་ནི།

拿摩西热呗杂要格讷耶!

一切无上密法坛城主,至尊佛母俱生智慧身,

赐胜乐出有坏照光母,恭敬祈祷加持赐悉地。

在此实修出有坏金刚亥母二谛面之供修仪轨,在悦意的室内,用桌布盖好的供台上摆设彩沙或布料上绘制的法基,其中央如参考图一样,安放“邦”(བཾ)字,周边安放由火山所围绕的金刚杵股。其上面三脚架上供奉标准的天灵盖,里面填满配有甘露丸的美酒。其上面再供奉无有垢染的铜镜,在镜面上涂上香水,然后用黄丹粉绘画法基和咒语,搭上红色缎布的帐幕。

在前面从水三供开始,准备五种近供品、内供品甘露、供养食子、加行食子及世间食子。也准备金刚杵、金刚铃、鼗鼓等瑜伽士法器及各种荟供品。之后坐在舒适的垫子上,首先取受皈依和菩提心。

ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་མགོན་མེད་བདག །སྙིང་པོ་བྱང་ཆུབ་མ་ཐོབ་བར། །འཁོར་བའི་འཇིགས་པ་ཆེན་པོ་ལས། །བདག་དང་འགྲོ་རྣམས་བསྐྱབ་པའི་ཕྱིར། །རྐང་གཉིས་གཙོ་བོ་སྐུ་གསུམ་བདག །བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་ཞིང་མྱ་ངན་འདས། །ཞི་བའི་ཆོས་ལ་སྐྱབས་སུ་མཆི། །ཚོགས་ཀྱི་མཆོག་གྱུར་ས་ལ་བཞུགས། །ཕྱིར་མི་ལྡོག་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་སྐྱབས་སུ་མཆི། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གཉུག་མའི་སེམས་ལ་སྐྱབས་སུ་མཆི། །བདག་གིས་ལུས་ངག་ཡིད་གསུམ་གྱིས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །མགོན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས། །ཕྱིན་ཆད་སྡིག་ལས་བཟློག་པར་བགྱི། །དེང་ནས་ཁྱེད་ཀྱི་འབངས་སུ་མཆི། །ཁྱེད་ཀྱི་བསླབ་བྱར་རྗེས་སུ་སློབ། །ཁྱེད་ཀྱི་བཀའ་ལས་མི་འདའ་བས། །ཀུན་ནས་ཡོངས་སུ་བསྐྱབ་ཏུ་གསོལ།།。 ཅེས་སྐྱབས་འགྲོ།

安住十方之上师 ,佛陀菩萨摩诃萨,

勇士勇母瑜伽众,祈请圣众垂念我,

始从今日无怙我 ,直至未证菩提间,

轮回大恐大苦中,为度我与一切众 ,

两足中尊三身体 ,皈依佛陀出有坏,

远离贪欲入涅槃,皈依清净之妙法,

诸众中尊住圣地 ,皈依永不退转众,

三世诸佛自性身,皈依殊胜之上师,

赐予悉地之本尊,皈依坛城之本尊 ,

勇士勇母瑜伽众,皈依十方空行母,

悲空无二无别之,皈依最初本来心,

吾以身语意三门,往昔所造一切罪,

忏悔怙主汝眼前,今后制止诸恶业,

从此吾作汝眷属 ,汝之教诲吾随学,

誓不违背汝言教 ,祈求圆满救度吾。

如此皈依。

ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད།། ཅེས་སེམས་བསྐྱེད།

如同三世诸怙主,定证圆满菩提果,

如实无上菩提心,吾亦发起殊胜心。

一者乃摄律仪戒,二者乃摄善法戒,

三者饶益有情戒,吾当牢牢持其戒。

圆满无上菩提心,吾发殊胜菩提后,

为了利益诸有情,吾当受持一切戒。

未度有情皆我度,未解有情皆我解,

未安有情皆我安,有情安置涅槃果。

如此发菩提心。

རང་གི་སྤྱི་བོར་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ བཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཤིང་དག་པར་མཛད་དུ་གསོལ།

自己的头顶上有“邦(པཾ)”字所变之八瓣莲花,其中央有“啊(ཨ)”字,“啊(ཨ)”字变成了月轮,月轮上亦有“吽(ཧཱུྃ)”字,其“吽(ཧཱུྃ)”字变成了白色五股金刚杵,金刚杵中心标有“吽(ཧཱུྃ)”字,此处放射出光芒,供养了十方圣者,成办了一切众生之利益。

而后光芒回入,变成了金刚萨埵,身色极白,一面二臂,手持金刚铃和金刚杵,与佛母双运。金刚白慢佛母手持弯刀和天灵盖,与佛父双运。佛父佛母均以骨饰珍宝饰庄严,双足金刚跏趺而坐。其额间为嗡(ཨོཾ),喉间为啊(ཨཱཿ ),心间为吽(ཧཱུྃ),吽(ཧཱུྃ)字中放光,以金刚萨埵佛父佛母之形相迎请十方诸佛菩萨,咋吽帮吙,祈求出有坏消除并清净我等无边无际诸有情之罪障、堕罪等一切垢染。

ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་ཌྷོ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱེ་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན྄་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཿ

嗡拜杂萨埵萨玛雅、嘛努巴拉雅、拜杂萨埵底诺巴、底叉 知桌美巴哇、苏埵卡约美巴哇、阿努惹埵美巴哇、苏波卡 约美巴哇、萨哇斯德美扎雅杂、萨哇嘎嘛色匝美则当、协 央格热吽、哈哈哈哈吙、班嘎哇纳、萨哇达他嘎达、拜杂 嘛麦母杂、呗泽叭哇、嘛哈萨玛雅萨埵啊。

མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར།

怙主!吾因愚昧无知故,于三昧耶有失犯 ,怙主上师求护佑,亦即主尊金刚持,具足大悲体性者,众生主尊吾皈依,

发露忏悔身语意所失毁的一切根本与支分三昧耶,祈求所有罪障、堕罪等一切垢染消除、清净。因如此祈祷,金刚萨埵佛父佛母化光融入自身。

དེ་ལྟར་རྡོར་སེམས་སྒོམ་བཟླས་སོང་ནས། དམ་ཚིག་ལྔ་དང་ལྡན་པའི་བཏུང་བ་བཟང་པོ་མཆོད་སྦྱིན་གྱི་སྣོད་དུ་བཞག་ལ། ཨོཾ་ཨཱཿ ཧཱུྃ་གིས་ཡང་དག་པར་བསྔགས་པའི་ཆུ་དེས། ལག་པ་གཡོན་པ་ནས་བརྩམས་ཏེ་ཡན་ལག་དང་ཉིང་ལག་ཐམས་ཅད་ཁྲུས་བྱ་ཞིང༌། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་རྩ་སྔགས་བརྗོད་པར་བྱའོ། །དེ་ཉིད་ཀྱིས་མཆོད་པའི་རྫས་རྣམས་བསངས་གཏོར་བྱས་ལ།

如此完成金刚萨埵的观修后,将具有五种誓言的上好饮料放进供施器里,以念嗡啊吽所加持为净的水,从左手开始沐浴所有的肢体和支分,之后念诵根本咒语:嗡嗡嗡 萨瓦布达扎格讷耶 拜杂瓦拿讷耶 拜杂白若咋讷耶 吽吽吽 呸呸呸梭哈。以此加持所有的供品。

ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། མཆོད་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུཾ་ཨཾ་ཛྲིཾ་ཁཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ། ཞུ་བ་ལས་བྱུང་བའི་ཤ་ལྔ་བདུད་རྩི་ལྔ་དང་བཅས་པ་ལ་ཕེཾ་གྱི་སྒྲས་བསྐུལ་བས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ཨཱཉྩ་མ་ནཾ་སྭཱ་ཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝི་དྱེ། ཤཔྟ་ཨཱ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ་པྲ་ཛྙཱ་པཱ་ར་མི་ཏ། ནཱ་ད་སྭ་བྷཱ་ཝེ། བཛྲ་དྷརྨཱ་ཧྲི་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཕཊ྄་ཨཱཿ ཁཾ་སྭཱ་ཧཱ། རོལ་མོ་བྱ། བགེགས་གཏོར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣཏྭཏ།

嗡 索巴瓦 秀哒 萨瓦 大马 索巴哇 秀多沆,所有供品变成无缘之空性,于空性中由“阳(ཡཾ)”字形成了风,由“嚷(རཾ)”字形成了火,由“冈(ཀཾ)”字形成了三颗头颅之三角灶,灶上“啊(ཨ)”字形成了极为宽广外白内红之颅器。器内有“准嗡则康吽,朗芒邦当帮”字所溶化的五肉和五甘露。对此,在“碰”的声音激励下,将所有勇士和瑜伽母双运处流下智慧之甘露,与誓言之甘露融为一体。嗡啊吽哈伙舍,色、香、味、营养等形成了极为丰富。嗡萨瓦必步惹步惹,啊瓦达亚啊瓦达亚伙,拜杂萨帕惹拿康。阿刚唆哈;吧当唆哈;嗯杂芒囊唆哈;布呗;都呗;阿洛格;根德;乃微德;下达啊吽唆哈。嗡拜杂达嘛惹讷达,扎惹讷达,桑扎惹讷达萨瓦布达切扎眨咋乐带扎甲吧惹米达,拿达索八味,拜杂达嘛舍达亚,森朵卡讷吽吽呸啊康唆哈。奏法器。

施厉鬼食子:嗡啊嘎若目康萨瓦达嘛南 唉德努奔拿道达。念三遍。

ཅེས་ལན་གསུམ་བརྗོད་ནས། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ །བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ལ་སོགས་པ་ས་འོག་ས་སྟེང་ས་བླ་གསུམ་ན་གནས་པའི་གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་སྦྱིན་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ྄། གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ྄། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨཱ་ན་ཡ་ཧོཿ བྷ་ག་ཝན་བཛྲ་ཧཱུྃ་ཧཱུྃ་ཕཊ྄། ཅེས་བསྐྲད་ནས། ཨོཾ་མེ་དཱི་ནི་བཛྲི་བྷ་ཝ་བཛྲ་བྷནྡྷ་ཧཱུྃ་བཾ་ཧཱུྃ། རྡོ་རྗེའི་ས་གཞི། ཨོཾ་བཛྲ་པྲ་ཀ་ར་ཧཱུྃ་པཾ་ཧཱུྃ། རྡོ་རྗེའི་ར་བ། ཨོཾ་བཛྲ་པཉྫ་ར་ཧཱུྃ་ཡཾ་ཧཱུྃ། རྡོ་རྗེའི་གུར། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། རྡོ་རྗེའི་བླ་བྲེ། ཨོཾ་བཛྲ་ཤ་ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ། རྡོ་རྗེ་མདའི་དྲྭ་བ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཕྱི་རོལ་དུ་རྡོ་རྗེ་མེ་རི་རབ་ཏུ་འབར་བས་བསྐོར་བར་གྱུར།

此具有五种妙欲之供施食子,请满足贝拿呀嘎厉鬼王和他化自在天子魔等所有天上、地上、地下之妖魔鬼怪,并回归各自所住地。嗡桑吧讷桑吧吽吽呸,遮哈拿遮哈拿吽吽呸,遮哈拿吧亚遮哈拿吧亚吽吽呸,啊拿亚伙八嘎文拜杂吽吽呸。如此驱魔后,嗡埋德讷拜则八瓦拜杂丙达吽邦吽。金刚之地:嗡拜杂扎嘎惹吽班吽。金刚杵股:嗡拜杂奔杂惹吽阳吽。金刚护轮:嗡拜杂呗达拿吽康吽。金刚华盖:嗡拜杂夏惹杂拉章桑章。金刚箭网:嗡拜杂佐拉啊拿啦嘎吽吽吽。其周围由极度燃烧的金刚火山所围绕。

དེ་ནས། ལག་པ་གཡོན་པའི་མཐེབ་མཛུབ་གུང་སྲིན་མཐེའུ་ཆུང་རྣམས་ཀྱི་དབུས་སུ་རིམ་པ་ཇི་ལྟ་བར། ཨོཾ་བཾ། ཧཾ་ཡཽཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུྃ་ཧཱུྃ། རྩ་བ་དང་རྩེ་མོ་རྣམས་ལ། ཕཊ྄་ཕཊ྄། ཅེས་བྱ་བའི། སྔགས་ཀྱི་ཡི་གེ་བསམ་ཞིང་བརྗོད་པས། ལག་པ་གཡོན་པའི་སོར་མོ་རྣམས་སྦྱངས་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དེས་ཚད་མེད་བཞི་བསྒོམས་ནས་དག་པ་གསུམ་བརྗོད་པར་བྱ་སྟེ།

而后,左手拇指、食指、中指、无名指和小指的中间依次观想并念诵:嗡邦(ཨོཾ་བཾ)、沆阳(ཧཾ་ཡཽཾ)、舍芒(ཧྲིཾ་མོཾ)、盛舍(ཧྲེཾ་ཧྲིཾ)、吽吽(ཧཱུྃ་ཧཱུྃ)。在指根和指尖均观想并念诵:呸呸(ཕཊ྄་ཕཊ྄)。

左手的手指均净化了之后:愿一切众生永具安乐及安乐之因,愿远离痛苦及痛苦之因,愿永不脱离无有痛苦之安乐,愿永恒安住于无有苦乐之因远近贪瞋之大平等舍。如此观想四无量心后念诵三清净:

ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿ སརྦ་དྷརྨཱཿ བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿ སརྦ་དྷརྨཱཿ ཡོ་ག་ཤུདྡྷོ྅ཧཾ། རང་ལུས་ཁམས་གསུམ་པོ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་གྱུར་པའི་ལྟེ་བར། སྐད་ཅིག་ཙམ་གྱིས་བདེ་བ་ཆེན་པོའི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་དབུས་སུ། རབ་ཏུ་དམར་བའི་ཆུ་སྐྱེས་དང་སྲོག་བྲལ་གྱི་སྙིང་ཁར་ཉིན་མོར་བྱེད་པའི་ལྟེ་བ་ལ། བྂ་ཡིག་གི་འོད་ཀྱིས་སྤྲུལ་པའི་བཅོམ་ལྡན་འདས་མ་ཉི་མ་བདུན་གྱི་འོད་དང་འཆར་ཀའི་ཁ་དོག་ཅན། ནམ་མཁར་ཕྱོགས་པའི་གཡས་ཀྱི་ཕག་ཞལ་མཐིང་ཀ་ནི་ཆོས་ཉིད་དོན་དམ་པའི་བདེན་པ་དང༌། ཡིད་ཙམ་ཁྲོས་པའི་རྩ་བའི་ཞལ་མཆོག་ཏུ་མཛེས་ཤིང་རྒྱས་པ་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་སྟེ།

嗡索巴瓦 秀哒 萨瓦大马 索巴哇 秀多沆。嗡 拜杂秀哒 萨瓦达嘛 拜杂秀多沆。 嗡夭嘎秀哒 萨瓦达嘛 夭嘎秀多沆。

自身变成三界清净之无量宫,其正中一瞬间三角形大乐法基中心、极为艳红的莲花和尸体心间、于太阳中心,由“邦(བྂ)”字光之所化出有坏金刚亥母,身色犹如七颗太阳光及日出之光。向于天空的右边深蓝色亥面,则是法性胜义谛;微忿怒之主面十分美丽饱满,则是清净有法世俗谛;

ཕག་ཞལ་ལས་གྱེན་དུ་ཕྱོགས་པའི་སྤྱན་གསུམ་ནི་དུས་གསུམ་གཟིགས་པ་དང༌། ཁྲོ་ཞལ་ལས་ཐད་ཀར་ཕྱོགས་པའི་སྤྱན་གསུམ་ནི་ཁམས་གསུམ་ལ་གཟིགས་པ། དབུ་སྐྲ་ཅུང་ཟད་བཅིངས་པ་ལྷོད་པོར་གྱུར་པ་ལས་གསིལ་བུར་གྲོལ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཙམ་ལས་འཆིང་བར་མི་ནུས་པ་དང༌། མགོ་སྐམ་པོ་ལྔ་ཅོད་པན་དུ་འཛིན་པ་ནི་ཟག་པ་མེད་པའི་ངོ་བོ་ཉིད་ཀྱིས་མཛེས་པ། རབ་ཏུ་འབར་བའི་གྲི་གུག་སྔོ་བསངས་གཡས་པའི་ཕྱག་གིས་གྱེན་དུ་ཕྱོགས་པར་འཛིན་པས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང༌། བདུད་ཀྱི་ཁྲག་གིས་ཡོངས་སུ་གང་བའི་ཀ་པཱ་ལ་གཡོན་པའི་ཕྱག་གིས་འཛིན་པས་ཟག་པ་མེད་པའི་བདེ་བ་ཆེན་པོར་དུས་རྟག་ཏུ་རོལ་པ།

亥面三眼向上看,则是观照三时;怒面三眼直视,则是观照三界;顶发少许结挽余者松散而披,则是稍具能取所取之相,然却不为之束缚;头戴五个骷髅为冠,则是以无漏之体性作美饰;右手上举深青色锋利弯刀,则是斩断所有妄念分别之痛苦;左手托持盛满魔血之天灵盖,则是恒时享用无漏大乐;

གྲུ་མོའི་ངོས་ལ་བརྟེན་པའི་ཁ་ཊྭཱཾ་ག་ནི་ཤེས་རབ་ཀྱིས་ཐབས་ཡོངས་སུ་མི་གཏོང་བའི་ངང་ཚུལ་ཅན་དང༌། རྡོ་རྗེ་སྔོན་པོའི་ཐག་པས་བརྒྱུས་པའི་མགོ་བོའི་འཕྲེང་བས་ཡོངས་སུ་བསྐོར་བ་ནི་སེམས་བྱུང་གི་རྒྱུ་བ་རྣམ་པར་དག་པ་ཉིད་དང༌། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐ་རགས་ཏེ་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ། ཞབས་གཡས་རོལ་གྱི་གར་གྱིས་གཡོན་པའི་བརླ་ལ་གཏད་ཅིང༌། གཡོན་བརྐྱང་བས་སྲོག་བྲལ་གྱི་སྙིང་ག་མནན་པ། གློ་བུར་གྱི་དྲི་མའི་གོས་དང་བྲལ་བའི་གཅེར་མོ་གདོད་ནས་དག་པ་ནམ་མཁའི་གོས་ཅན་མ། དགའ་བའི་ཆ་ཤས་ཡོངས་སུ་གང་བ་ན་ཚོད་བཅུ་དྲུག་མའི་ཉམས་ཅན།

倚于臂肘之天杖,则是智慧不离不弃方便之本色;长挂蓝色金刚绳所串联之湿人头鬘,则是彻底清净一切心所之流。装饰圆轮、耳环、项链、钏环、腰带等五种手印,右脚游舞势向左跨下,左脚伸并站立按压于尸身之心间。远离客尘之衣身赤裸,身着本来清净虚空衣之母,喜乐部分圆润丰满,具足十六妙龄之姿势。

ཡེ་ཤེས་ཀྱི་མེའི་ཕུང་པོའི་དབུས་སུ་རབ་ཏུ་བརྗིད་ཅིང་མཛེས་པར་བཞུགས་པའི་ལྟེ་བའི་འཁོར་ལོའི་དབུས་ན། ཨོཾ་བཾ་ཕག་མོ་དམར་མོ། སྙིང་ཁར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། མགྲིན་པར་ཧྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་ཧྲེཾ་ཧྲིཾ་སྲེག་བྱེད་མ་སེར་མོ། སྤྱི་བོར་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་ཙཎྜི་ཀ་དུད་ཁ། གཞན་ཡང་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ དམར་པོ། སྙིང་ཁར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ལུས་ལ་རྡོ་རྗེའི་གོ་གྱོན། ལྟེ་བར་བྂ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་སུ་སྟེང་གི་ནམ་མཁའ་ལ་དབང་གི་ལྷ་དང་བཅས་པ་ འབར་བའི་ཕྱག་རྒྱས་ཕེཾ།

慧焰正中极为庄严华美而住,其脐间法轮中心有“嗡邦(ཨོཾ་བཾ)”之红色亥母,心间有“杭阳(ཧཾ་ཡཽཾ)”之蓝色阎魔母,喉间有“舍芒(ཧྲིཾ་མོཾ)”之白色愚痴母,额间有“盛舍(ཧྲེཾ་ཧྲིཾ )”之黄色能行母,顶上有“吽吽(ཧཱུྃ་ཧཱུྃ)”之绿色能惧母,所有肢体和支分均有“呸呸(ཕཊ྄་ཕཊ྄)”之烟色能动母。顶上又有身金刚之体性白色“嗡(ཨོཾ)”字,喉间语金刚之本体红色“阿(ཨ)”字,心间意金刚之体性蓝色“吽(ཧཱུྃ)”字。其心间“吽(ཧཱུྃ)”字中发光,身着金刚铠甲。脐间有“邦(བྂ)”字,其“邦”字中发光,诸佛菩萨、勇士、瑜伽士之形相,随着灌顶之本尊于虚空中以燃烧之手印碰。

ཨོཾ་ཨཱཿ བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། ཨོཾ་ཨཱཿ བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་ཨཱ་ལོ་ཀེ་པྲ༴ ཨོཾ་ཨཱཿ བཛྲ་གནྡྷེ༴ ཨོཾ་ཨཱཿ བཛྲ་ནཻ་ཝི་དྱ༴ ཨོཾ་ཨཱཿ བཛྲ་ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་མཆོད། ཛཿ ཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ།

嗡啊拜杂布呗扎德擦吽唆哈;如此:嗡啊拜杂都呗扎德擦吽唆哈;嗡啊拜杂阿洛格扎德擦吽唆哈;嗡啊拜杂根德扎德擦吽唆哈;嗡啊拜杂乃微德扎德擦吽唆哈;嗡啊拜杂下达扎德擦吽唆哈。如此进行供养。咋吽谤伙,誓言者和智慧者融为一体。祈求遍满虚空之诸灌顶本尊赐予吾灌顶。诸本尊以盛满甘露的宝瓶,如佛降生时,九龙水灌浴,清净天龙水,如是净灌浴,嗡拿嘛 萨瓦达它噶达 阿悲肯尕达 萨玛雅 西日耶吽。

ཞེས་དབང་བསྐུར་བས་ལུས་གང༌། དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་རིགས་ཀྱི་ཅོད་པན་དུ་གྱུར། ཆོས་ཀུན་ཧེ་རུ་ཀ་ཡི་དངོས། །བདེ་ཆེན་དབྱིངས་ལས་གཡོ་མེད་ཀྱང༌། །བརྟན་དང་གཡོ་བའི་རྣམ་པར་སྣང༌། །གར་མཁན་ཚུལ་དུ་རོལ་བར་བྱ། །ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿ ཧཱུྃ། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿ ཧཱུྃ། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿ ཧཱུྃ། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿ ཧཱུྃ། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་ནཻ་ཝི་དྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿ ཧཱུྃ། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿ ཧཱུྃ། ཞེས་པས་མཆོད།

因如此灌顶,甘露水充满了全身,清净了垢染。剩余之甘露水向上溢流,大日如来因而变成了顶冠部主。

诸法即真嘿汝嘎,大乐界中虽不动,

然现器情之现象,舞者方式化游舞。

嗡西热拜杂瓦惹贺布呗布咋麦噶萨目扎萨帕惹呐萨嘛耶啊吽;嗡西热拜杂瓦惹贺都呗布咋麦噶萨目扎萨帕惹呐萨嘛耶啊吽;嗡西热拜杂瓦惹贺阿洛格布咋麦噶萨目扎萨帕惹呐萨嘛耶啊吽;嗡西热拜杂瓦惹贺根德布咋麦噶萨目扎萨帕惹呐萨嘛耶啊吽;嗡西热拜杂瓦惹贺乃微德布咋麦噶萨目扎萨帕惹呐萨嘛耶啊吽;嗡西热拜杂瓦惹贺下达布咋麦噶萨目扎萨帕惹呐萨嘛耶啊吽,以此供养。

བསྟོད་པ་ནི། ཕག་གདོང་ཞལ་ནི་མི་གཡོའི་སྤྱན་གྱིས་སྟེང་གི་ནམ་མཁའ་དག་ལ་མཁའ་སྤྱོད་ཕྱག་རྒྱ་ནི། །དགའ་བ་འཁྱིལ་བའི་འོད་ཟེར་དམར་པོ་འཕྲོ་བ་ལ་ནི་མངོན་པར་ཕྱོགས་པས་གཟིགས་མཛད་དེ། །མདུན་དུ་རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་དུ་མཛད་རྣམ་པར་འཕྲོ་བའི་སྐུ་མངའ་དཔལ་ལྡན་མ། །ཁམས་གསུམ་ཀུན་གྱི་ཡིད་དུ་འོང་ཞིང་དོན་ཀུན་ཕུན་ཚོགས་སྒྲུབ་བྱེད་དེ་ལ་ཕྱག་འཚལ་ལོ།།

赞颂偈:

亥面不动目视清净天空空行之手印,

面向观看于照耀红色光芒之喜旋处,

于前显现瑜伽所行具光辉身具德母,

顶礼三界所有悦意诸事圆满完成者。

ནང་མཆོད་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། བདུད་རྩི་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུཾ་ཨཾ་ཛྲིཾ་ཁཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ། ཞུ་བ་ལས་བྱུང་བའི་ཤ་ལྔ་བདུད་རྩི་ལྔ་དང་བཅས་པ་ལ་ཕེཾ་གྱི་སྒྲས་བསྐུལ་བས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། བདུད་རྩི་ནས་ཅུང་ཟད་མྱང་བ་ནི་ནང་གི་རྣལ་འབྱོར་རོ། །

加持内供者:嗡 索巴瓦 秀哒 萨瓦 大马 索巴哇 秀多沆。甘露变成无缘之空性,于空性中“阳(ཡཾ)”字形成了风,由“嚷(རཾ)”字形成了火,由“冈(ཀཾ)”字形成了三颗头颅之三角灶,灶上“啊(ཨ)”字形成了极为宽广外白内红之颅器。器内有“准嗡则康吽,朗芒邦当帮”字所溶化的五肉和五甘露。对此,在“碰”的声音激励下,将所有勇士和瑜伽母双运处流下智慧之甘露,与誓言之甘露融为一体。嗡啊吽哈伙舍,色、香、味、营养等形成了极为丰富。 嗡萨瓦奔咋啊讷达布杂卡核。于是稍微享用甘露,此乃内瑜伽也。

བཟླས་དམིགས་ནི། དེའི་པདྨའི་ནང་དུ་ཆོས་འབྱུང་ཕྲ་མོ་ཟུར་གསུམ་པ་ཉིས་བརྩེགས། དབུས་སུ་བྂ་ཡིག་དམར་པོ་ནཱ་དཱ་ཆེས་ཕྲ་བ་དང་བཅས་པས་བརྒྱན་པ། དེའི་མཐར་སྔགས་ཀྱི་རྒྱལ་མོ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུས་ཡོངས་སུ་བསྐོར་བ་རབ་ཏུ་དམར་ཞིང་འོད་འབར་བ། གཡོན་བསྐོར་དུ་དྲག་ཏུ་འཁོར་བཞིན་པའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་ཏེ་ཨུ་རྒྱན་ལ་སོགས་པའི་གནས་ནས་དཔའ་བོ་དཔའ་མོའི་དབང་ཕྱུག་མ་ཐམས་ཅད་རྣལ་འབྱོར་མའི་འཁོར་ལོར་གསལ་བར་སྤྱན་དྲངས། དམ་ཚིག་པ་དང་རོ་མཉམ་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀ྄ི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱཧཱ། ཞེས་བཟླའོ། །

持念之所缘:其密处有微小的两层三角形法基,其中央有红色之“邦”(བྂ)字包括极小的那达( ྂ)所庄严。周边有如同一根毛写字之佛母咒王所围绕,极其艳红并发光。正在向左快速转绕的光照亮了整个世间,从邬金等诸刹土中所有的勇士和自在勇母,均迎请于瑜伽母之坛城中,并专心安住于与誓言者一味之境界中。嗡嗡嗡 萨瓦布达 扎格讷耶 拜杂瓦拿讷耶 拜杂呗若杂拿耶 吽吽吽 呸呸呸索哈。如此念诵。

མདུན་གྱི་དཀྱིལ་འཁོར་རྣམས་ལ་དམིགས་ཏེ་བདུད་རྩིས་བསངས་ཏེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿ སརྦ་དྷརྨཱཿ བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿ སརྦ་དྷརྨཱཿ ཡོ་ག་ཤུདྡྷོ྅ཧཾ། དཀྱིལ་འཁོར་རྟེན་དང་བཅས་པ་སྟོང་པར་གྱུར་པའི་ངང་ལས། བདེ་བ་ཆེན་པོའི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་དབུས་སུ། རབ་ཏུ་དམར་བའི་ཆུ་སྐྱེས་དང་སྲོག་བྲལ་གྱི་སྙིང་ཁར་ཉིན་མོར་བྱེད་པའི་ལྟེ་བ་ལ། བྂ་ཡིག་གི་འོད་ཀྱིས་སྤྲུལ་པའི་བཅོམ་ལྡན་འདས་མ་ཉི་མ་བདུན་གྱི་འོད་དང་འཆར་ཀའི་ཁ་དོག་ཅན། ནམ་མཁར་ཕྱོགས་པའི་གཡས་ཀྱི་ཕག་ཞལ་མཐིང་ཀ་ནི་ཆོས་ཉིད་དོན་དམ་པའི་བདེན་པ་དང༌། ཡིད་ཙམ་ཁྲོས་པའི་རྩ་བའི་ཞལ་མཆོག་ཏུ་མཛེས་ཤིང་རྒྱས་པ་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་སྟེ། ཕག་ཞལ་ལས་གྱེན་དུ་ཕྱོགས་པའི་སྤྱན་གསུམ་ནི་དུས་གསུམ་གཟིགས་པ་དང༌། ཁྲོ་ཞལ་ལས་ཐད་ཀར་ཕྱོགས་པའི་སྤྱན་གསུམ་ནི་ཁམས་གསུམ་ལ་གཟིགས་པ། དབུ་སྐྲ་ཅུང་ཟད་བཅིངས་པ་ལྷོད་པོར་གྱུར་པ་ལས་གསིལ་བུར་གྲོལ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཙམ་ལས་འཆིང་བར་མི་ནུས་པ་དང༌། མགོ་སྐམ་པོ་ལྔ་ཅོད་པན་དུ་འཛིན་པ་ནི་ཟག་པ་མེད་པའི་ངོ་བོ་ཉིད་ཀྱིས་མཛེས་པ། རབ་ཏུ་འབར་བའི་གྲི་གུག་སྔོ་བསངས་གཡས་པའི་ཕྱག་གིས་གྱེན་དུ་ཕྱོགས་པར་འཛིན་པས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང༌། བདུད་ཀྱི་ཁྲག་གིས་ཡོངས་སུ་གང་བའི་ཀ་པཱ་ལ་གཡོན་པའི་ཕྱག་གིས་འཛིན་པས་ཟག་པ་མེད་པའི་བདེ་བ་ཆེན་པོར་དུས་རྟག་ཏུ་རོལ་པ། གྲུ་མོའི་ངོས་ལ་བསྟེན་པའི་ཁ་ཊྭཱཾ་ག་ནི་ཤེས་རབ་ཀྱིས་ཐབས་ཡོངས་སུ་མི་གཏོང་བའི་ངང་ཚུལ་ཅན་དང༌། རྡོ་རྗེ་སྔོན་པོའི་ཐག་པས་བརྒྱུས་པའི་མགོ་བོའི་འཕྲེང་བས་ཡོངས་སུ་བསྐོར་བ་ནི་སེམས་བྱུང་གི་རྒྱུ་བ་རྣམ་པར་དག་པ་ཉིད་དང༌། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐ་རགས་ཏེ་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ། ཞབས་གཡས་རོལ་གྱི་གར་གྱིས་གཡོན་པའི་བརླ་ལ་གཏད་ཅིང༌། གཡོན་བརྐྱང་བས་སྲོག་བྲལ་གྱི་སྙིང་ག་མནན་པ། གློ་བུར་གྱི་དྲི་མའི་གོས་དང་བྲལ་བའི་གཅེར་མོ་གདོད་ནས་དག་པ་ནམ་མཁའི་གོས་ཅན་མ། དགའ་བའི་ཆ་ཤས་ཡོངས་སུ་གང་བ་ན་ཚོད་བཅུ་དྲུག་མའི་ཉམས་ཅན། ཡེ་ཤེས་ཀྱི་མེའི་ཕུང་པོའི་དབུས་སུ་རབ་ཏུ་བརྗིད་ཅིང་མཛེས་པར་བཞུགས་པའི་ལྟེ་བའི་འཁོར་ལོའི་དབུས་ན། ཨོཾ་བཾ་ཕག་མོ་དམར་མོ། སྙིང་ཁར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། མགྲིན་པར་ཧྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་ཧྲེཾ་ཧྲིཾ་སྲེག་བྱེད་མ་སེར་མོ། སྤྱི་བོར་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་ཙཎྜི་ཀ་དུད་ཁ།

将对面的诸坛城为所缘,并以甘露净化后:嗡 索巴瓦 秀哒 萨瓦 大马 索巴哇 秀多沆。嗡 拜杂秀哒 萨瓦达嘛 拜杂秀多沆。 嗡夭嘎秀哒 萨瓦达嘛 夭嘎秀多沆。坛城与所依均化为空性,于空性中三角形的大乐法基中心、极为艳红的莲花和尸体心间、于太阳中心,由“邦(བྂ)”字光之所化出有坏金刚亥母,身色犹如七颗太阳光及日出之光。向于天空的右边深蓝色亥面,则是法性胜义谛;微忿怒之主面十分美丽饱满,则是清净有法世俗谛;亥面三眼向上看,则是观照三时;怒面三眼直视,则是观照三界;顶发少许结挽余者松散而披,则是稍具能取所取之相,然却不为之束缚;头戴五个骷髅为冠,则是以无漏之体性作美饰;右手上举深青色锋利弯刀,则是斩断所有妄念分别之痛苦;左手托持盛满魔血之天灵盖,则是恒时享用无漏大乐;倚于臂肘之天杖,则是智慧不离不弃方便之本色;长挂蓝色金刚绳所串联之湿人头鬘,则是彻底清净一切心所之流。装饰圆轮、耳环、项链、钏环、腰带等五种手印,右脚游舞势向左跨下,左脚伸并站立按压于尸身之心间。远离客尘之衣身赤裸,身着本来清净虚空衣之母,喜乐部分圆润丰满,具足十六妙龄之姿势。慧焰正中极为庄严华美而住,其脐间法轮中心有“嗡邦(ཨོཾ་བཾ)”之红色亥母,心间有“杭阳(ཧཾ་ཡཽཾ)”之蓝色阎魔母,喉间有“舍芒(ཧྲིཾ་མོཾ)”之白色愚痴母,额间有“盛舍(ཧྲེཾ་ཧྲིཾ )”之黄色能行母,顶上有“吽吽(ཧཱུྃ་ཧཱུྃ)”之绿色能惧母,所有肢体和支分均有“呸呸(ཕཊ྄་ཕཊ྄)”之烟色能动母。

གཞན་ཡང་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ དམར་པོ། སྙིང་ཁར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ལུས་ལ་རྡོ་རྗེའི་གོ་གྱོན། ལྟེ་བར་བྂ། དེ་ལས་འོད་ཟེར་འཕྲོས། འབར་བའི་ཕྱག་རྒྱ་བཅིངས་པ་མིག་གཡོན་པའི་ཐད་ཀྱི་དཔྲལ་བར་བསྐོར་ཞིང༌། ཨོཾ་ཕེཾ་ཕེཾ་ཕེཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནི། ཨཱ་ཀཌྜྷ་ཡ། ཨཱ་ཀཌྜྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནི་ཧྲི་ད་ཡ་ཨ་པ་ཏོ་ཥ་ཡ། ཛཿ ཧཱུྃ་བཾ་ཧོཿ ཨོཾ་ཨཿ ཧཱུྃ། སརྦ་བཱི་ར་ཡོ་གི་ནི་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རོལ་མོ་བྱ།

顶上又有身金刚之体性白色“嗡(ཨོཾ)”字,喉间语金刚之本体红色“阿(ཨཱཿ )”字,心间意金刚之体性蓝色“吽(ཧཱུྃ)”字。其心间“吽(ཧཱུྃ)”字中发光,身着金刚铠甲。脐间有“邦(བྂ)”字,其“邦(བྂ)”字中发光。结燃烧之手印后,在额头左眼前转绕并念诵:嗡碰碰碰古汝西热拜杂夭格讷,啊根扎亚,啊根扎亚,扎味夏亚,扎味夏亚,丙达亚,丙达亚,垛卡亚,垛卡亚,萨瓦拜杂扎格讷舍达亚啊怕朵卡亚,咋吽谤伙,嗡啊吽,萨瓦必惹夭格讷索八瓦唉嘛更沆。奏法器。

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་ཀྱིས་ས་གཞི་དང་བར་སྣང་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿ བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་དྷཱུ་པེ་་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་ནཻ་ཝིདྱ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། རོལ་མོ་བྱ། ཛཿ ཧཱུྃ་བཾ་ཧོཿ དམ་ཚིག་གི་འཁོར་ལོ་དང་རོ་གཅིག་ཏུ་གྱུར།

诸佛菩萨以勇士和瑜伽母之身相遍满了整个天地之间。嗡啊拜杂布呗扎德擦唆哈;嗡啊拜杂都呗扎德擦唆哈;嗡啊拜杂阿洛格扎德擦唆哈;嗡啊拜杂根德扎德擦唆哈;嗡啊拜杂乃微德扎德擦唆哈;嗡啊拜杂下达扎德擦唆哈。依次而供养,同时也奏法器。咋吽谤伙,与誓言轮融为一味。

སླར་ཡང་བྂ་ཡིག་གི་འོད་ཀྱིས་བསྐུལ་བའི་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བས་མདུན་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ། ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ།། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་ལུས་གང༌། དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་རིགས་ཀྱི་ཅོད་པན་དུ་གྱུར།

复次以“邦 (བྂ) ”字光芒所策励的佛与佛母、菩萨与菩萨母、忿怒佛与忿怒佛母等遍满虚空之三位诸灌顶本尊,祈求对生之本尊赐予灌顶。而诸本尊以盛满甘露的宝瓶,如佛降生时,九龙水灌浴,清净天龙水,如是净灌浴。嗡拿嘛 萨瓦达它噶达 阿悲肯尕达 萨玛雅 西日耶吽。因如此灌顶,甘露水充满了全身,清净了垢染,剩余之甘露水向上溢流,大日如来因而变成了顶冠部主。

དེ་ནས་ཕྱི་མཆོད་ནི། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་པྲ་ཝ་ར་སཏྐཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་པྲ་ཝ་ར་སཏྐཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་པྲ་ཝ་ར་སཏྐཱ་ར་ཨཱཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་ཞབས་བསིལ་ཞལ་བསིལ་རྣམས་ཕུལ་ནས། ཤིན་ཏུ་སྙན་པའི་དབྱངས་ཀྱིས། རབ་མཛེས་ལྟ་བས་མི་ངོམས་ལང་ཚོ་ཅན། །དགའ་བའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་མ། །རབ་འབྱམས་ནམ་མཁའ་བཀང་བས་མཆོད་པར་བགྱི། །ཨོཾ་ཨཱཿ བཛྲ་ཝཱི་ནེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་ཝཾ་ཤེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་མྲྀ་ཏཾ་གེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་མུ་རཉྫེ་ཧཱུྃ་ཧཱུྃ་ཕཊ྄། རབ་མཛེས་ལྟ་བས་མི་ངོམས་ལང་ཚོ་ཅན། །མཆོག་དགའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །བཞད་དང་དྲེགས་ལྡན་གླུ་དབྱངས་གར་མཁན་མ། །རབ་འབྱམས་ནམ་མཁའ་བཀང་བས་མཆོད་པར་བགྱི། །ཨོཾ་ཨཱཿ བཛྲ་ཧཱ་སྱེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱ་བཛྲ་ལཱ་སྱེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་གཱི་ཏཱི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་ནྲྀ་ཏྱ་ཧཱུྃ་ཧཱུྃ་ཕཊ྄།

而后外供者:嗡西热拜杂瓦惹核 扎瓦惹赛嘎惹阿刚扎德擦唆哈;嗡西热拜杂瓦惹核 扎瓦惹赛嘎惹巴当扎德擦唆哈;嗡西热拜杂瓦惹核 扎瓦惹赛嘎惹嗯杂嘛囊扎德擦唆哈。如此的供养功德水、洗脸水及洗脚水,之后以极为动听的声音念诵:

视不餍足最美青春貌,喜之姿势娇媚尊严相,

琵琶笛子圆鼓腰鼓母,无数遍满虚空而供养。

嗡啊拜杂味乃吽吽呸,嗡啊拜杂旺谢吽吽呸,

嗡啊拜杂讷当格吽吽呸,嗡啊拜杂目热则吽吽呸。

视不餍足最美青春貌,胜喜姿势娇媚尊严相,

欢笑魅力歌曲舞蹈母,无数遍满虚空而供养。

嗡啊拜杂哈赛吽吽呸,嗡啊拜杂拉赛吽吽呸,

嗡啊拜杂格德吽吽呸,嗡啊拜杂讷碟吽吽呸。

རབ་མཛེས་ལྟ་བས་མི་ངོམས་ལང་ཚོ་ཅན། །ཁྱད་དགའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །མེ་ཏོག་བདུག་པ་སྣང་གསལ་དྲི་ཆབ་མ། །རབ་འབྱམས་ནམ་མཁའ་བཀང་བས་མཆོད་པར་བགྱི། །ཨོཾ་ཨཱཿ བཛྲ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་དྷཱུ་པེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་ཨཱ་ལོ་ཀེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་གནྡྷེ་ཧཱུྃ་ཧཱུྃ་ཕཊ྄། རབ་མཛེས་ལྟ་བས་མི་ངོམས་ལང་ཚོ་ཅན། །ལྷན་སྐྱེས་དགའ་བཞིས་སྒེག་ཅིང་འགྱིང་པའི་གཟུགས། །གཟུགས་བཅུད་རེག་བྱ་ཆོས་དབྱིངས་རྡོ་རྗེ་མ། །རབ་འབྱམས་ནམ་མཁའ་བཀང་བས་མཆོད་པར་བགྱི། །ཨོཾ་ཨཱཿ བཛྲ་རཱུ་པ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་རཱ་སྱེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་སྤརྴེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿ བཛྲ་དྷརྨཱ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄།

视不餍足最美青春貌,殊喜姿势娇媚尊严相,

鲜花薰香灯烛涂香母,无数遍满虚空而供养。

嗡啊拜杂布呗吽吽呸,嗡啊拜杂都呗吽吽呸,

嗡啊拜杂阿洛格吽吽呸,嗡啊拜杂根德吽吽呸。

视不餍足最美青春貌,俱生四喜娇媚尊严相,

色味触尘法界金刚母,无数遍满虚空而供养。

嗡啊拜杂汝巴吽吽呸,嗡啊拜杂惹赛吽吽呸,

嗡啊拜杂八谢吽吽呸,嗡啊拜杂达嘛哒度吽吽呸。

གཡོན་པའི་སྲིན་ལག་གིས་ནང་མཆོད་འཐོར་ཞིང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། ཨོཾ་ཨཱཿ ཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། དམ་ཅན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ།

用左手无名指喷洒内供(甘露)并同时念诵:三世诸佛之自性、四身五智之本体、大恩根本上师之口中、嗡啊吽。诸噶举上师之口中、嗡啊吽。嗡嗡嗡 萨瓦布达扎格讷耶 拜杂瓦拿讷耶 拜杂拜若咋讷耶 吽吽吽 呸呸呸梭哈、嗡啊吽。诸坛城之本尊口中、嗡啊吽。诸三处之空行母口中、嗡啊吽。诸具誓护法神口中、嗡啊吽。

དེ་ནས། ལག་པ་གཡོན་པའི་མཐིལ་དུ། ཨོཾ་ལས་ཉི་མའི་དཀྱིལ་འཁོར་ཨོཾ་གྱིས་མཚན་པ་དེ་ལས་འོད་འཕྲོས་གཟུང་བའི་རྟོག་པ་བཅོམ། གཡས་པའི་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཨ་ཡིས་མཚན་པ་དེ་ལས་འོད་འཕྲོས་འཛིན་པའི་རྟོག་པ་བཅོམ། ལག་པ་གཡོན་པའི་མཐེ་བོང་གི་དབུས་སུ་ཨོཾ་བཾ་ཕག་མོ་དམར་མོ། མཛུབ་མོའི་ངོས་ལ་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། གུང་མོ་ལ་ཧྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། མིང་མེད་ལ་ཧྲེཾ་ཧྲིཾ་སྲེག་བྱེད་མ་སེར་མོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། སོར་ཚིགས་ལ་ཕཊ྄་ཕཊ྄་ཙཎྜི་ཀ་དུད་ཁ།

而后:在左手掌心有“嗡(ཨོཾ)”字所成之太阳轮,其太阳轮上亦有“嗡(ཨོཾ)”字之标记,此处发光,坏灭了所取之分别念。而右手掌心有“啊(ཨ)”字所成之月轮,其月轮上亦有“啊(ཨ)”字之标记,此处发光,坏灭了能取之分别念。左手拇指正中有“嗡邦(ཨོཾ་བཾ)”之红色亥母;食指上有“杭阳(ཧཾ་ཡཽཾ)”之蓝色阎魔母;中指上有“舍芒(ཧྲིཾ་མོཾ)”之白色愚痴母;无名指有“盛舍(ཧྲེཾ་ཧྲིཾ)”之黄色能行母;小指上有“吽吽(ཧཱུྃ་ཧཱུྃ)”之绿色能惧母;指节上有“呸呸(ཕཊ྄་ཕཊ྄)”之烟色能动母。

ལག་པ་གཡས་པའི་མཐེ་བོང་ལ་ཨོཾ་ཧཿ རྡོ་རྗེ་སེམས་དཔའ་དཀར་པོ། མཛུབ་མོ་ལ་ན་མ་ཧི་རྣམ་པར་སྣང་མཛད་སེར་པོ། གུང་མོ་ལ་སྭ་ཧ་ཧུ་རིན་ཆེན་འབྱུང་གནས་དམར་པོ། །སྲིན་ལག་ལ་བཽ་ཥ་ཊ་ཧེ་ཧེ་རུ་ཀ་ནག་པོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོཿ འོད་དཔག་མེད་མཐིང་ཀ །སེན་མོའི་ངོས་ལ་ཕཊ྄་ཧཾ་དོན་གྲུབ་ལྗང་ཁུ། རང་རང་ལས་འོད་འཕྲོས། ཛཿ ཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་དུ་གྱུར། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། ཨོཾ་བཾ། ཧཾ་ཡཽཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ྄་ཕཊ྄། ཨོཾ་ཧ། ན་མ་ཧི། སྭ་ཧ་ཧུ། བཽ་ཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོཿ ཕཊ྄་ཧཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤཔྟ། ཨོཾ་ཤྲཱི་བཛྲ་ཡོ་གི་ནི་པཉྩ་ཨ་མྲྀ་ཏ་པྲ་ཏཱིཙྪ་སྭཱ་ཧཱ།

右手拇指上有“嗡哈(ཨོཾ་ཧཿ )”之白色金刚萨垛;食指上有“拿嘛核(ན་མ་ཧི)”之黄色大日如来;中指上有“唆哈合(སྭ་ཧ་ཧུ)”之红色宝生佛;无名指有“宝卡扎嘿(བཽ་ཥ་ཊ་ཧེ)”之黑色嘿汝嘎;小指上有“吽吽伙(ཧཱུྃ་ཧཱུྃ་ཧོཿ )”之深蓝色阿弥陀佛;指甲上有“呸航(ཕཊ྄་ཧཾ)”之绿色不空成就佛。各佛处发光,咋吽谤伙,誓言者和智慧者融为一味。嗡嗡嗡 萨瓦布达扎格讷耶 拜杂瓦拿讷耶 拜杂白若咋讷耶 吽吽吽 呸呸呸梭哈。嗡邦,沆阳,舍芒,盛舍,吽吽,呸呸,嗡哈,拿嘛赫,梭哈喝,薄卡扎海,吽吽伙呸沆,布呗,都呗,阿洛格,根德,乃微德,下达,嗡西热拜杂夭格讷本杂阿讷达扎滴擦梭哈。

བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་ལ་མཆོད་པ་དམ་པ་འབུལ་ལོ། །འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཐལ་མོ་སྦྱར་ནས། ལག་པའི་ལྷ་རྣམས་སྙོམས་པར་ཞུགས་ཏེ་ཟག་མེད་ཀྱི་བདེ་བས་དགྱེས་བཞིན་དུ་བདག་ལ་ཐིམ་པར་གྱུར། གསང་མཆོད་ནི། འཁྱུད་སྟངས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སེམས་རྣམ་པར་མི་རྟོག་པའི་ངང་ལ་འཇོག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པའོ།།

最胜的供品供养于上师和诸金刚瑜伽母圣众,祈求加持,消除一切违缘障碍、即身获得共同与殊胜之所有成就。合掌后念诵:掌上诸佛本尊进入甚深三摩地,并以无漏之大乐欢喜而融入自己。密供者:以双运势手印:嗡萨瓦哒它嘎哒啊努惹嘎呐拜杂梭八瓦唉嘛更沆。心安住于无分别之境乃真实性供养也。

དེ་ནས། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང༌། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་ནི་རྣམ་རྒྱལ་ཞིང༌། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུག་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང༌། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ།།

而后:

出有坏圣母金刚亥母,三界之中无人能攻击,

金刚大母摧毁诸鬼惧,胜于金刚座者与梵天。

金刚亥母怒相怒傲母,战胜能愚能爱能醉箭,

降伏魔军遣除危害母,顶礼欲自在大瑜伽母。

具德金刚空行母,即空行母转轮王,

亦即五智三身体,顶礼拯救众生母。

所有金刚空行母,断除分别念束缚,

深入世间万事母,如实顶礼诸佛母。

རྒྱས་པར་འདོད་ན་མཻ་ཏྲི་ཞབས་ཀྱི་བསྟོད་ཆེན་ཡང་འདོན་པར་བྱའོ།། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་རྩེ་གཅིག་ཏུ་བཟླས་སོ།། སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་སུ་ཡི་རང་ངོ༌། །ཆོས་ཀྱི་འཁོར་ལོ་རིན་ཆེན་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་བ་མ་ལུས་བྱང་ཆུབ་ཆེན་པོར་བསྔོ། །རྣལ་འབྱོར་བླ་མེད་ལམ་ལ་བརྟེན་པར་བགྱི། །འགྲོ་བའི་དོན་ཕྱིར་སངས་རྒྱས་འཕྲིན་ལས་ཀུན། །མ་ལུས་རྫོགས་པ་བདག་གིས་བྱེད་པར་ཤོག།

若想念诵更多的,请念诵麦哲巴所著的广赞。明观持念之所缘:嗡嗡嗡 萨瓦布达扎格讷耶 拜杂瓦拿讷耶 拜杂白若咋讷耶 吽吽吽 呸呸呸梭哈。如此专心念诵此咒。

一切罪业我忏悔,随喜一切善之业,

祈请常转法轮宝,祈求不入涅槃境,

诸善回向大菩提,依于无上瑜伽道,

为利有情佛诸业,祈愿由我圆完成。

དེ་ནས་ཚོགས་ཀྱི་ཡོ་བྱད་བཤམས་ལ། བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་བྲན། མཆོད་ལས་པས་ཕྱག་སྔོན་དུ་འགྲོ་བས། ཚོགས་བྱིན་གྱིས་བརླབ་པ་ལ་ཐུགས་གཏད་པར་ཞུ། བརྗོད་རྗེས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཚོགས་རྫས་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུཾ་ཨཾ་ཛྲིཾ་ཁཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ། ཞུ་བ་ལས་བྱུང་བའི་ཤ་ལྔ་བདུད་རྩི་ལྔ་དང་བཅས་པ་ལ་ཕེཾ་གྱི་སྒྲས་བསྐུལ་བས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཞེས་བྱིན་གྱིས་བརླབ།

于是摆设荟供品,并喷洒已加持的内供(甘露)。却本喇嘛(供祀师)行礼后说:“请注意加持荟供品,”而后念诵:嗡 索巴瓦 秀哒 萨瓦 大马 索巴哇 秀多沆。所有荟供品变成无缘之空性,于空性中由“阳(ཡཾ)”字形成了风,由“嚷(རཾ)”字形成了火,由“冈(ཀཾ)”字形成了三颗头颅之三角灶,灶上“啊(ཨ)”字形成了极为宽广外白内红之颅器。器内有“准嗡则康吽,朗芒邦当帮”字所溶化的五肉和五甘露。对此,在“碰”的声音激励下,将所有勇士和瑜伽母双运处流下智慧之甘露,与誓言之甘露融为一体。嗡啊吽哈伙舍,色、香、味、营养等形成了极为丰富。如此进行加持。

ཡང་གཏོར་མར་བདུད་རྩི་བྲན་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུཾ་ཨཾ་ཛྲིཾ་ཁཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ། ཞུ་བ་ལས་བྱུང་བའི་ཤ་ལྔ་བདུད་རྩི་ལྔ་དང་བཅས་པ་ལ་ཕེཾ་གྱི་སྒྲས་བསྐུལ་བས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ལྟེ་བའི་བྂ་ལས་འོད་འཕྲོས། འབར་བའི་ཕྱག་རྒྱ་དང་རོལ་མོ་བྱ།

于食子上再次喷洒甘露:嗡 索巴瓦 秀哒 萨瓦 大马 索巴哇 秀多沆。食子变成无缘之空性,于空性中由“阳(ཡཾ)”字形成了风,由“嚷(རཾ)”字形成了火,由“冈(ཀཾ)”字形成了三颗头颅之三角灶,灶上“啊(ཨ)”字形成了极为宽广外白内红之颅器。器内有“准嗡则康吽,朗芒邦当帮”字所溶化的五肉和五甘露。对此,在“碰”的声音激励下,将所有勇士和瑜伽母双运处流下智慧之甘露,与誓言之甘露融为一体。嗡啊吽哈伙舍,色、香、味、营养等形成了极为丰富。脐间“邦(བྂ)”字中发光,结燃烧之手印,同时奏法器。

ཕེཾ་ཕེཾ་ཕེཾ་གུ་རུ་ཤྲཱི་བཛྲ་ཡཱོ་གི་ནཱི། ཨཱ་ཀཌྜྷ་ཡ། ཨཱ་ཀཌྜྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཧྲི་དཱ་ཡ། ཨ་པ་ཏོ་ཥ་ཡ། ཛཿ ཧཱུྃ་བཾ་ཧོཿ ཨོཾ་ཨཱཿ ཧཱུྃ། སརྦ་བཱི་ར་ཡོ་གི་ནི་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སྔགས་དང་འབར་བའི་ཕྱག་རྒྱས་གཏོར་མགྲོན་སྤྱན་དྲངས། ཨོཾ་བཛྲ་ཨཱཿ རལླྀ་ཧོཿ ཛཿ ཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མཱ་ཡ་སྟཾ་དྲྀ་ཥྱ་ཧོཿ ཞེས་པ་ལྔས་བཅོམ་ལྡན་འདས་མ་སོགས་ཡེ་ཤེས་པ་རྣམས་ལ་ཕུལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙོནྨཱ་དཱ་པསྨཱ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཉྫ་ཐཱ། ཁཱ་ད་ཐ། པི་ཝ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡཱ། སཏྶུ་ཁཾ་བི་ཤུདྡྷ་ཡ་ས་ཧཱ་ཡི་ཀཱ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ྄། ལན་གསུམ་གྱིས་འཇིག་རྟེན་པ་རྣམས་ལ་འབུལ་བར་བྱའོ།།

碰碰碰古汝西热拜杂夭格讷,啊根扎亚,啊根扎亚,扎味夏亚,扎味夏亚,丙达亚,丙达亚,垛卡亚,垛卡亚,萨瓦拜杂扎格讷舍达亚,啊巴朵卡亚,咋吽谤伙,嗡啊吽,萨瓦必惹夭格讷索八瓦唉嘛更沆。如此以燃烧之手印迎请食子之客。嗡拜杂啊惹乐伙 咋吽谤伙 拜杂扎格讷萨嘛亚当哲卡亚伙。如此念五次,供养出有坏佛母等诸智慧者。嗡卡卡,卡赫卡赫,萨瓦亚恰,惹恰萨,布哒,斋哒,呗夏尊嘛哒拜嘛惹,拜杂扎嘎扎格乃哒亚,爱当巴冷哲哈拿度,萨嘛亚惹庆度,嘛嘛萨瓦色德麦扎耶层度,亚泰邦,亚泰章,奔咋它,卡哒它,呗瓦它,则扎它,嘛德扎嘛它,嘛嘛萨瓦嘎惹哒亚,思素康呗秀哒亚萨哈耶嘎八文度吽吽呸。如此念三次,供养诸世间者。

སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཀུན་ཏུ་རྟོག་པ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། །

有寂平等故而坏灭贪欲亦灭分别念,

汝则具有观察遍满虚空尽之诸法性,

怙主大慈大悲之水庄严所湿之心水,

祈求润我所有佛母大慈大悲随摄受。

ཨོཾ་ཡོ་ག་ཤུདྡྷཿ སརྦ་དྷརྨཱཿ ཡོ་ག་ཤུདྡྷོ྅ཧཾ། ཞེས་པདྨའི་ལག་ཀོར་གྱིས་མཉེས་པར་བྱའོ།། དྲིལ་གསིལ། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང༌། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད། །མཆོད་སྦྱིན་འདི་ཡི་མཐུ་སྟོབས་ཀྱིས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སངས་རྒྱས་ཉིད་དང་འཕྲད་གྱུར་པའི། །ལམ་དེ་ཉིད་ལ་ཞུགས་ནས་ཀྱང༌། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །རྣལ་འབྱོར་གཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཨོཾ་བཛྲ་ཝཱ་ར་ཧཱི་ས་མ་ཡ། ཞེས་དམ་ཚིག་བསྐུལ།

嗡夭嘎秀哒 萨瓦达嘛 夭嘎秀多沆。如此以莲花绕手印使神众欢喜。并摇着金刚铃而念:

汝等所有护法众,接受供施之食子,

我与我眷瑜伽士,无病长寿与自在,

吉祥美名与善缘,获得丰厚之福报,

息增怀诛等四业,业之悉地赐予我,

护法神众护佑我,做我悉地之助伴,

非时死与诸疾病,妖魔鬼怪皆消除,

恶梦以及恶征兆,恶念恶行皆消除,

世界和平增丰收,增长粮食增牲畜,

一切吉祥悉圆成,祈愿所求皆实现,

如是灭除彼岸害,击败所有怨敌魔,

此等供施之威德,祈愿万事皆如意,

一切众生无罪业,一切众生愿安乐,

面见佛性之途径,进入无上解脱道,

未度有情皆度化,未解有情皆化解,

瑜伽士于经誓中,祈愿当下即安住。

嗡拜杂瓦惹赫萨嘛亚。如此激发誓言。

དེ་ནས་ཚོགས་ཕུད་ཆ་དྲུག་བཤམས། མཆོད་ལས་པས་ཕྱག་སྔོན་དུ་འགྲོ་བས། ཚོགས་ཕུད་དང་པོ་འབུལ་བ་ལ་ཐུགས་གཏད་པར་ཞུ། བརྗོད་རྗེས། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་རྣམ་ལྔ་འདི། །རྩ་བརྒྱུད་བླ་མ་རྣམས་ལ་འབུལ། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཚོགས་ཕུད་གཉིས་པ་འབུལ་བ་ལ་ཐུགས་གཏད་པར་ཞུ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་རྣམ་ལྔ་འདི། །རྡོ་རྗེ་རྣལ་འབྱོར་མ་ལ་འབུལ། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁ་ཧི། ཚོགས་ཕུད་གསུམ་པ་འབུལ་བ་ལ་ཐུགས་གཏད་པར་ཞུ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་རྣམ་ལྔ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི།

于是,准备六份新鲜荟供品,却本喇嘛(供祀师)行礼后说:“请注意,供养第一次新鲜荟供品,”而后念:色欲声欲及香欲,味欲触欲五妙欲,供养根本传承师,敬请享用于大乐,噶呐咋扎布杂卡赫。

说:“请注意,供养第二次新鲜荟供品。”色欲声欲及香欲,味欲触欲五妙欲,供养金刚瑜伽母,敬请享用于大乐,噶呐咋扎布杂卡赫。

说:“请注意,供养第三次新鲜荟供品。”色欲声欲及香欲,味欲触欲五妙欲,供养坛城诸本尊,敬请享用于大乐,噶呐咋扎布杂卡赫。

ཚོགས་ཕུད་བཞི་པ་འབུལ་བ་ལ་ཐུགས་གཏད་པར་ཞུ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་རྣམ་ལྔ་འདི། །གནས་གསུམ་མཁའ་འགྲོའི་ཚོགས་ལ་འབུལ། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཚོགས་ཕུད་ལྔ་པ་འབུལ་བ་ལ་ཐུགས་གཏད་པར་ཞུ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་རྣམ་ལྔ་འདི། །ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཚོགས་ཕུད་དྲུག་པ་འབུལ་བ་ལ་ཐུགས་གཏད་པར་ཞུ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་རྣམ་ལྔ་འདི། །གཞི་བདག་གནས་བདག་རྣམས་ལ་འབུལ། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། རོལ་མོ་དང་བཅས་པས་འབུལ་ཞིང་ནམ་མཁར་གཏོར།

说:“请注意,供养第四次新鲜荟供品。”色欲声欲及香欲,味欲触欲五妙欲,供养三处空行母,敬请享用于大乐,噶呐咋扎布杂卡赫。

说:“请注意,供养第五次新鲜荟供品。”色欲声欲及香欲,味欲触欲五妙欲,供养所有护法神,敬请享用于大乐,噶呐咋扎布杂卡赫。

说:“请注意,供养第六次新鲜荟供品。”色欲声欲及香欲,味欲触欲五妙欲,供养山神土地神,敬请享用于大乐,噶呐咋扎布杂卡赫。在奏法器的同时进行供养,并将供品洒在空中。

དེ་ནས་མཆོད་ལས་པས་སླར་ཕྱག་འཚལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། གཡོན་པས་ཀ་པཱ་ལ་དམ་ཚིག་གིས་གང་བའི་དཔྲལ་བ་སློབ་དཔོན་ལ་བསྟན་ཏེ་བཟུང༌། གཡས་པས་པད་ཀོར་བྱ་ཞིང༌། འདི་སྐད་དུ། ཀྱེ། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །སློབ་དཔོན་གྱིས་པད་ཀོར་བྱ་ཞིང༌། བདེ་བར་གཤེགས་པའི་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་སུ་ཁ།

而后却本喇嘛(供祀师)行礼,之后右腿膝盖跪在地面,左手拿着盛满誓言(甘露)的天灵盖,而天灵盖的额头朝向轨范师。右手结莲花绕手印,并如此念诵:喏!请看殊胜之妙法,对此不可丝怀疑,婆罗门狗屠夫猪,知本性即一而用。

轨范师双手结莲花绕手印:善逝最胜之妙法,这个无有垢染欲,解脱能取所取之,真如本性吾顶礼,啊伙酥卡。

ཞེས་བརྗོད་ཅིང༌། གཡོན་རྩེ་གསུམ་གྱི་ཕྱག་རྒྱ་སྙིང་ཁར་བཞག་ལ། གཡས་པས་ཐོད་པ་བླངས། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་འཐོར་ཞིང༌། འདི་སྐད་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ་ཨོཾ་ཨཱཿ ཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། དམ་ཅན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ།

如此念诵后,左手结三尖之手印于心间。之后右手拿着天灵盖,用左手的拇指和无名指(向上)喷洒甘露,并念诵:三世诸佛之自性、四身五智之本体、大恩根本上师之口中、嗡啊吽。诸噶举上师之口中、嗡啊吽。嗡嗡嗡 萨瓦布达扎格讷耶 拜杂瓦拿讷耶 拜杂拜若咋讷耶 吽吽吽 呸呸呸梭哈、嗡啊吽。诸坛城之本尊口中、嗡啊吽。诸三处之空行母口中、嗡啊吽。诸具誓护法神口中、嗡啊吽。

དེ་རྗེས་བྱིན་རླབས་ཀྱི་བདུད་རྩི་བཏུང་ཞིང་ཚོགས་ལ་ལོངས་སྤྱོད། མཐར་ལྷག་མ་བསྡུས། དམ་ཚིག་གི་ཁ་ཕྲུས་བཏབ། སྒྲོན་མེ་བཙུགས་ཏེ། ཨོཾ་ཨཱཿ ཧཱུྃ། ཨུཙྪིཥྚ་བ་ལིཾ་བྷཀྵ་བྷྱཿ སྭཱ་ཧཱ། ལྷག་མ་ལ་དབང་བའི་འབྱུང་པོ་འཆོལ་བ་ལ་བྱིན། རོལ་མོ་དང་བཅས་ཕྱིར་དོར། རྣལ་འབྱོར་མ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཉེས་ལྟུང་དྲི་མས་མ་གོས་ཤིང༌། །རླབས་ཆེན་སྤྱོད་པ་རྫོགས་པ་དང༌། །རྣལ་འབྱོར་མ་དང་མཉམ་པ་ཡི། །གོ་འཕང་ཚེ་འདིར་ཐོབ་པར་ཤོག །འཁོར་འདས་ཀུན་གྱི་དུས་གསུམ་བསགས་པ་དང༌། །ཡོད་པའི་དགེ་བ་མ་ལུས་གཅིག་བསྡུས་ནས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུམ་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག།

之后,享用加持品甘露和荟供品。过后收集剩余之荟供品,上面喷洒誓言之口水(甘露),并在上面插上火把后:嗡啊吽,欧泽扎八愣拔恰呗耶梭哈。把剩余的荟供品施舍给诸鬼神,并且随着法器的演奏将供品扔在外面。

瑜伽母之坛城中,供养荟供轮缘故,

自他一切有情众,祈愿同证一坛城。

不被堕罪所污染,圆满广大之愿行,

与瑜伽母同等之,果位即身愿证得。

轮涅三时之所积,合集所有之善根,

大乐菩提心坛中,愿证三身大佛果。

བཛྲ་མུཿ མདུན་བསྐྱེད་དང་གཏོར་མགྲོན་ཡེ་ཤེས་པ་རང་ལ་ཐིམ་པར་གྱུར། སརྦ་གཙྪ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། ལྟེ་བའི་བྂ་ལས་འོད་འཕྲོས་པས་བརྟན་པ་དང་གཡོ་བ་ཐམས་ཅད་འོད་དུ་ཞུ་བ་དེ་ཐམས་ཅད་སྒྱུ་མའི་རྣལ་འབྱོར་མ་ལ་བསྡུ། དེ་བདག་ལ་བསྡུ། དེ་ལྟེ་བའི་བྂ་ལ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་དཱ་ཙམ་ཡང་མི་དམིགས་པར་བྱས་ལ། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ངང་དུ་གཞག་གོ །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །

拜杂幕,对生和智慧者食子宾客融入自己。萨瓦噶擦,诸世间者回归各自处。

脐间之“邦(བྂ)”字中发光,因此所有的器情世间均化光融入于幻化身瑜伽母,彼瑜伽母融入自己,自己融入脐间“邦(བྂ)”字,“邦(བྂ)”字融入字头,字头融入半月,半月融入明点,明点融入那达( ྆),那达变成了无缘而安住于大手印不可思议之境界中。

我今速以此善根,成就金刚瑜伽母,

令诸众生无一余,愿皆安置于彼地。

རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཧེ་རུ་ཀ་དཔལ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །བདག་གིས་དུས་གསུམ་དགེ་བ་ཅི་བྱས་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་རྣམ་དག་འགྲུབ་གྱུར་ཅིག། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ཡི་བཀྲ་ཤིས་ཤོག །བདག་མེད་དབང་ཕྱུག་སྐུ་དང་གཉིས་མེད་ཅིང༌། །བདེ་ཆེན་འོད་གསལ་དག་པའི་དཀྱིལ་འཁོར་ནས། །རྒྱལ་བ་སྲས་བཅས་སྐུ་ཡི་སྤྲིན་འཕྲོ་མ། །རྡོ་རྗེ་ཕག་མོ་ཡུམ་གྱི་བཀྲ་ཤིས་ཤོག །

生为种姓具誓言,依止吉祥嘿汝嘎,

恭敬上师具大悲,生生世世愿如此。

持金刚杵手摇铃,诵读甚深精要法,

共享空行精华者,生生世世愿如此。

以我三时所行善,一切遍空诸有情,

成为无上密乘器,愿证金刚持果位。

无等上师之大悲,如来菩萨与独觉,

罗汉谛实加持力,愿成清净之发愿。

清净法界境中虽不动,然以方便怒相降妖魔,

大中大圣佛中最胜佛,普贤嘿汝嘎之愿吉祥。

无我自在身无二无别,大乐光明清净坛城中,

照耀佛与佛子身云母,佛母金刚亥母愿吉祥。

ཅེས་བཀྲ་ཤིས་ཀྱང་ཅི་རིགས་བརྗོད་པར་བྱའོ། །རྡུལ་ཚོན་བསྡུ་སྐབས་ཨ་ཀཱ་རོའི་སྔགས་ཀྱིས་ཕྱི་ཞིང་སིནྡྷུ་ར་ཕྱིས་པ་སྨིན་མཚམས་སུ་བྱུག་ཅིང་བསྲུང་ངོ༌། །དེ་ལྟར་རྡོ་རྗེ་ཕག་མོ་ཞལ་གཉིས་མའི་མཆོད་ཆོག་བཀླག་བདེ་བར་ཆུ་འབབ་ཏུ་བཀོད་པ་ཞིག་བྲི་དགོས་ཞེས། ལྡེ་འཆང་ཆོས་མཛད་མི་ཕམ་ནས་བསྐུལ་བའི་ངོར། ཕག་མོའི་མཆོད་ཆོག་རྩ་བ་ཀུན་མཁྱེན་ཆེན་པོ་ངག་དབང་ནོར་བུའི་གསུང་ལྟར་བཀླག་ཆོག་མར་སྒྲིག་པ་པོ་༧མི་ཕམ་ཀུན་གཟིགས་ཆོས་ཀྱི་སྣང་བའོ།། །།སརྦ་མངྒ་ལཾ།

如此念诵各种吉祥颂。在结尾收拾坛城时,一边念诵啊嘎若咒语一边擦洗黄丹坛城,并将黄丹液点在眉间表守护。

应德强却则密旁要求著作一部念诵顺畅的两面金刚亥母供修仪轨。因此,此金刚亥母供修仪轨,乃按照大遍智者昂旺诺布之言教,由密旁衮色求吉南瓦造也。愿吉祥!

古普·钦哲仁波切译,陈润泽居士和朱红霞居士校对汉文。

༄༅། །ཕག་མོ་ཞལ་གཉིས་མའི་རྫས་གཅིག་གི་སྦྱིན་སྲེག་བྱ་ཐབས་གྲུབ་མཆོག་རིན་པོ་ཆེའི་ཞལ་སྐྱིན་

ཇི་ལྟ་བ་ཟིན་བྲིས་བྱས་པ་བཞུགས་སོ།།

两面金刚亥母之单一物烧施方法

如实笔录仲却仁波切言教

བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ།། འདིར་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་རྫས་གཅིག་བྱ་བར་འདོད་པ་རྣམས་ལ། ཤིན་དུ་སྤྲོས་མེད་ཀྱི་ལག་ལེན་འཁྱེར་བདེ་བྱ་ཚུལ་རྗེ་བཙུན་བླ་མ་གྲུབ་མཆོག་རིན་པོ་ཆེའི་གསུང་ཇི་ལྟ་བ་བཞིན་ཟིན་བྲིས་བྱ་བ་ལ། བསྙེན་པ་སྤྱི་ལྟར་གྲུབ་རྗེས། མདུན་བསྐྱེད་ལ་བསྟེན་པའི་སྒྲུབ་མཆོད་དང་ཚོགས་འཁོར་ཉིན་ལྔ་བདུན་སོགས་གང་འོས་མཐར། བསྙེན་གྲངས་ཀྱི་བཅུའི་ཆའི་སྦྱིན་སྲེག་བྱ་དགོས་པས། དེའི་ལག་ལེན་ནི། བདག་བསྐྱེད་བཟླས་པ་རྫོགས་པའི་བར་སོང་ནས། མདུན་དུ་མེ་ཐབ་ཀྱི་དོད་དུ་མེ་སྣོད་རྫ་བུམ་ལྟ་བུ་ཞིག་གི་ནང་དུ། སོལ་མེའམ་ལྕི་མེ་དུད་པ་མེད་པ་དང༌། ཞི་བའི་བསྲེག་རྫས་ཏིལ་ནག་འདུ་བྱས་ལ། མེ་ཐབ་ལ་བདུད་རྩི་འཐོར་ཞིང༌།

顶礼与上师无二无别之至尊金刚瑜伽母。在此为了百分之十许之念咒补充,行持单一物烧施(火供)者,以简单便携的方式,极不戏论的如实笔录至尊上师仲却仁波切言教。

在咒语的念诵达到标准之后,依止对生的供修和荟供轮,为期五天或七天的修行完成之时,应进行咒数的百分之十许的烧施。其方法,在仪轨的自生之修圆满之时,于坐前准备火炉,如瓦瓶等火器。之后,在火器里放入木头或牛粪制造的无烟火炭。息灾之烧施物应准备黑芝麻。在火炉上喷洒甘露后:

ཨོཾ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། གིས་སྦྱངས། མདུན་གྱི་མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། མེ་ཐབ་དེ་ཉིད་རྡོ་རྗེའི་མེ་ལྷ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་འཇིག་རྟེན་ལས་འདས་པའི་མེ་འབར་བའི་རྣམ་པར་གྱུར། དེ་ཡི་དབུས་སུ། སྐད་ཅིག་ཙམ་གྱིས་བདེ་བ་ཆེན་པོའི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་དབུས་སུ། རབ་ཏུ་དམར་བའི་ཆུ་སྐྱེས་དང་སྲོག་བྲལ་གྱི་སྙིང་ཁར་ཉིན་མོར་བྱེད་པའི་ལྟེ་བ་ལ།

嗡啊讷达吽呸,以此化为净。嗡 索巴瓦 秀哒 萨瓦 大马 索巴哇 秀多沆。以此化为空。前面的火炉变成无缘空性,于空性中其火炉变成了诸如来之本体、法界之本性、燃烧出世间火之形相——金刚火神。其正中一瞬间,于三角形的大乐法基中心、极为艳红的莲花和尸体心间、于太阳中心,

བྂ་ཡིག་གི་འོད་ཀྱིས་སྤྲུལ་པའི་བཅོམ་ལྡན་འདས་མ་ཉི་མ་བདུན་གྱི་འོད་དང་འཆར་ཀའི་ཁ་དོག་ཅན། ནམ་མཁར་ཕྱོགས་པའི་གཡས་ཀྱི་ཕག་ཞལ་མཐིང་ཀ་ནི་ཆོས་ཉིད་དོན་དམ་པའི་བདེན་པ་དང༌། ཡིད་ཙམ་ཁྲོས་པའི་རྩ་བའི་ཞལ་མཆོག་ཏུ་མཛེས་ཤིང་རྒྱས་པ་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་སྟེ། ཕག་ཞལ་ལས་གྱེན་དུ་ཕྱོགས་པའི་སྤྱན་གསུམ་ནི་དུས་གསུམ་གཟིགས་པ་དང༌། ཁྲོ་ཞལ་ལས་ཐད་ཀར་ཕྱོགས་པའི་སྤྱན་གསུམ་ནི་ཁམས་གསུམ་ལ་གཟིགས་པ། དབུ་སྐྲ་ཅུང་ཟད་བཅིངས་པ་ལྷོད་པོར་གྱུར་བ་ལས་གསིལ་བུར་གྲོལ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཙམ་ལས་འཆིང་བར་མི་ནུས་པ་དང༌། མགོ་སྐམ་པོ་ལྔ་ཅོད་པན་དུ་འཛིན་པ་ནི་ཟག་པ་མེད་པའི་ངོ་བོ་ཉིད་ཀྱིས་མཛེས་པ། རབ་ཏུ་འབར་བའི་གྲི་གུག་སྔོ་བསངས་གཡས་པའི་ཕྱག་གིས་གྱེན་དུ་ཕྱོགས་པར་འཛིན་པས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང༌། བདུད་ཀྱི་ཁྲག་གིས་ཡོངས་སུ་གང་བའི་ཀ་པཱ་ལ་གཡོན་པའི་ཕྱག་གིས་འཛིན་པས་ཟག་པ་མེད་པའི་བདེ་བ་ཆེན་པོར་དུས་རྟག་ཏུ་རོལ་པ། གྲུ་མོའི་ངོས་ལ་བསྟེན་པའི་ཁ་ཊྭཱཾ་ག་ནི་ཤེས་རབ་ཀྱིས་ཐབས་ཡོངས་སུ་མི་གཏོང་བའི་ངང་ཚུལ་ཅན་དང༌། རྡོ་རྗེ་སྔོན་པོའི་ཐག་པས་བརྒྱུས་པའི་མགོ་བོའི་འཕྲེང་བས་ཡོངས་སུ་བསྐོར་བ་ནི་སེམས་བྱུང་གི་རྒྱུ་བ་རྣམ་པར་དག་པ་ཉིད་དང༌། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐ་རགས་ཏེ་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ། ཞབས་གཡས་རོལ་གྱི་གར་གྱིས་གཡོན་པའི་བརླ་ལ་གཏད་ཅིང༌། གཡོན་བརྐྱང་བས་སྲོག་བྲལ་གྱི་སྙིང་ག་མནན་པ། གློ་བུར་གྱི་དྲི་མའི་གོས་དང་བྲལ་བའི་གཅེར་མོ་གདོད་ནས་དག་པ་ནམ་མཁའི་གོས་ཅན་མ། དགའ་བའི་ཆ་ཤས་ཡོངས་སུ་གང་བ་ན་ཚོད་བཅུ་དྲུག་པའི་ཉམས་ཅན། ཡེ་ཤེས་ཀྱི་མེའི་ཕུང་པོའི་དབུས་སུ་རབ་ཏུ་བརྗིད་ཅིང་མཛེས་པར་བཞུགས་པའི་ལྟེ་བའི་འཁོར་ལོའི་དབུས་ན། ཨོཾ་བཾ་ཕག་མོ་དམར་མོ། སྙིང་ཁར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། མགྲིན་པར་ཧྲིཾ་མཽཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་ཧྲེཾ་ཧྲིཾ་སྲེག་བྱེད་མ་སེར་མོ། སྤྱི་བོར་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་ཙཎྜི་ཀ་དུད་ཁ། གཞན་ཡང་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ དམར་པོ། སྙིང་ཁར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ལུས་ལ་རྡོ་རྗེའི་གོ་གྱོན། ལྟེ་བར་བྂ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་སུ་སྟེང་གི་ནམ་མཁའ་ལ་དབང་གི་ལྷ་དང་བཅས་པ་འབར་བའི་ཕྱག་རྒྱས་ཕེཾ།

由“邦(བྂ)”字光之所化出有坏金刚亥母,身色犹如七颗太阳光及日出之光。向于天空的右边深蓝色亥面,则是法性胜义谛;微忿怒之主面十分美丽饱满,则是清净有法世俗谛;亥面三眼向上看,则是观照三时;怒面三眼直视,则是观照三界;顶发少许结挽余者松散而披,则是稍具能取所取之相,然却不为之束缚;头戴五个骷髅为冠,则是以无漏之体性作美饰;右手上举深青色锋利弯刀,则是斩断所有妄念分别之痛苦;左手托持盛满魔血之天灵盖,则是恒时享用无漏大乐;倚于臂肘之天杖,则是智慧不离不弃方便之本色;长挂蓝色金刚绳所串联之湿人头鬘,则是彻底清净一切心所之流。装饰圆轮、耳环、项链、钏环、腰带等五种手印,右脚游舞势向左跨下,左脚伸并站立按压于尸身之心间。远离客尘之衣身赤裸,身着本来清净虚空衣之母,喜乐部分圆润丰满,具足十六妙龄之姿势。慧焰正中极为庄严华美而住,其脐间法轮中心有“嗡邦(ཨོཾ་བཾ)”之红色亥母,心间有“杭阳(ཧཾ་ཡཽཾ)”之蓝色阎魔母,喉间有“舍芒(ཧྲིཾ་མོཾ)”之白色愚痴母,额间有“盛舍(ཧྲེཾ་ཧྲིཾ )”之黄色能行母,顶上有“吽吽(ཧཱུྃ་ཧཱུྃ)”之绿色能惧母,所有肢体和支分均有“呸呸(ཕཊ྄་ཕཊ྄)”之烟色能动母。

顶上又有身金刚之体性白色“嗡(ཨོཾ)”字,喉间语金刚之本体红色“阿(ཨཱཿ )”字,心间意金刚之体性蓝色“吽(ཧཱུྃ)”字。其心间“吽(ཧཱུྃ)”字中发光,身着金刚铠甲。脐间有“邦(བྂ)”字,其“邦(བྂ)”字中发光。诸佛菩萨以勇士和瑜伽母之身相伴随灌顶之佛,于上方之虚空中以燃烧之手印碰。

ཨོཾ་ཨཱཿ བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་ཨ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་གནྡྷེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿ བཛྲ་ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་མཆོད། ཛཿ ཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། བྱོན་སྐྱེམས་སུ། ཨོཾ་བཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་པདྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་ཨཉྩ་མཱ་ནཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་ཨ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་ནཻ་ཝི་དྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཝཱ་རཱ་ཧཱི་ས་པ་རི་ཝཱ་ར་ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་མཆོད།

嗡啊拜杂布呗扎德擦吽唆哈;嗡啊拜杂都呗扎德擦吽唆哈;嗡啊拜杂阿洛格扎德擦吽唆哈;嗡啊拜杂根德扎德擦吽唆哈;嗡啊拜杂乃微德扎德擦吽唆哈;嗡啊拜杂下达扎德擦吽唆哈。如此供养。咋吽谤伙,誓言者和智慧者融为一体。供献神饮: 嗡拜杂瓦惹核萨巴热瓦惹啊冈扎德擦吽唆哈;嗡拜杂瓦惹核萨巴热瓦惹啊吧当扎德擦吽唆哈;嗡拜杂瓦惹核萨巴热瓦惹嗯咋嘛囊扎德擦吽唆哈;嗡拜杂瓦惹核萨巴热瓦惹布呗扎德擦吽唆哈;嗡拜杂瓦惹核萨巴热瓦惹都呗扎德擦吽唆哈;嗡拜杂瓦惹核萨巴热瓦惹阿洛格扎德擦吽唆哈;嗡拜杂瓦惹核萨巴热瓦惹根德扎德擦吽唆哈;嗡拜杂瓦惹核萨巴热瓦惹乃微德扎德擦吽唆哈;嗡拜杂瓦惹核萨巴热瓦惹下达扎德擦吽唆哈。如此供养。

དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པས། བཅོམ་ལྡན་མས་མེ་ལྷའི་བྱ་བ་མཛད་པ་ཞལ་གྱིས་བཞེས། ཞི་བའི་ལས་སྒྲུབ་པར་བཞེད་ནས་ཞི་བའི་ཉམས་འཛིན་པར་གྱུར་པའི་མོས་པས། ཨོཾ་ཨཱཿ ཧཱུྃ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲེ་ཡེ་སྭཱ་ཧཱ། མ་མ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།

具德金刚空行母,即空行母转轮王,

亦即五智三身体,顶礼拯救众生母。

如此赞颂故:佛母出有坏允诺行持火神之事业,并许诺成办息灾事业后显现出寂静神态。如此信受后:嗡嗡嗡 萨瓦布达扎格讷耶 拜杂瓦拿讷耶 拜杂白若咋讷耶 吽吽吽 呸呸呸梭哈。嗡萨瓦吧邦哒哈拿拜载耶梭哈。嘛嘛萨瓦吧邦兴邓故汝梭哈。

ཞེས་ལྷ་སྔགས་ཏིང་འཛིན་ཉམས་པ་སོགས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཏིལ་ལ་བསྟིམས་ཞིང་སྲེག་སྦྱོང་གི་དམིགས་པ་བཅས་བརྒྱ་རྩ་རེའི་མཚམས་སུ། སྒྲུབ་པ་པོ་བདག་ཉིད་ཀྱི་དམ་ཚིག་ཉམས་ཆག་ཏུ་གྱུར་པ། ཏིང་འཛིན་མི་གསལ་བ། ཆོ་ག་ཉམས་པ་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པས་ལན་རེ་ཕུལ་བའི་མཐར། འདོད་གསོལ།

观想:因本尊、咒语、三摩地的修持失误,由此产生的所有恶业堕罪全部融入芝麻当中,并一边观想烧净之所缘,一边进行烧施,就这样反复一百次之后:我实修者违犯誓言、三摩地不明晰、仪轨修持失误等所造一切罪业、兴邓故汝梭哈。如此连着咒语念一次,而后祈求心愿:

བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ལ་སྲེག་བླུགས་མཆོད་བསྟོད་ཕུལ་བ་ལ་བརྟེན་ནས། བདག་གཞན་ཀུན་གྱི་ཚེ་དཔལ་བསོད་ནམས་ལ་བར་གཅོད་མི་མཐུན་པ་དང་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་མཐོ་རིས་དང་ཐར་པ་ཐམས་ཅད་མཁྱེན་པའི་གེགས་སུ་འགྱུར་བ་ཐམས་ཅད་དང༌། ཁྱད་པར་དུའང་སྒྲུབ་པོ་བདག་ཉིད་ཀྱི་སེམས་བསྐྱེད་དམན་ཞིང་མོས་གུས་ཞན་པ། ཏིང་ངེ་འཛིན་མི་གསལ་བ། སྔགས་མ་དག་པ། ཆོ་ག་ཉམས་པ། ཐེ་ཚོམ་སོམ་ཉི་གཉིད་སྙོམས་ཀྱི་དབང་དང༌། མཚམས་རལ་བ་སོགས་དང་དངོས་གྲུབ་ཀྱི་གེགས་སུ་གྱུར་པའི་སྒོ་གསུམ་གྱི་ཉེས་ཚོགས་ཐམས་ཅད་ཞི་ཞིང་དག་པར་མཛད་དུ་གསོལ། ཅེས་ལན་རེ་སྤེལ་བར་བྱའོ།། ཐུན་མཐར། བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་གྱུར་པར་བསམ་ལ།

依靠火供、供赞佛母出有坏金刚瑜伽母之功德,祈请消除并清净自他所有人的寿命、福德之违缘障碍、业障、违犯誓言等增上生人天果位和决定胜解脱遍知者佛果之障碍。尤其是实修者本人之发心低劣、缺乏虔敬心、三摩地不明晰、念咒不准、仪轨失误、疑惑、贪睡、懈怠、闭关破裂等障碍悉地之三门所造一切恶业。如此念诵一次。

最后出座时心想:拜咋慕,智慧者回归,誓言者融入自己。

བདག་བསྐྱེད་བསྡུ་རིམ་སོགས་སྤྱི་ལྟར་གྱིས་གྲུབ་བོ།། སྐྱབས་མགོན་བླ་མ་དམ་པ་གྲུབ་མཆོག་རིན་པོ་ཆེའི་ཞལ་ཁྲིད་ཇི་ལྟ་བ། གུས་འབངས་ཐ་ཤལ་བ་ངག་དབང་བསྟན་འཛིན་རྒྱ་མཚོས་ཐད་ཀར་ཟིན་བྲིས་བཏབ་ཅིང་རང་གིས་ལག་ལེན་ཡང་བྱས། རྗེས་སུ་དོན་གཉེར་ཅན་དུ་མའི་རེ་འདོད་ལྟར་བཀླག་ཆོག་ཏུ་བསྒྲིགས་ཏེ་སྤེལ་བའོ།། །།དགེའོ།།

自生及收座之次第按照共用的仪轨进行便可。此法依照怙主殊胜上师仲却仁波切言教,其俗人弟子昂旺丁增嘉措直接笔录,并且自己也做了实修。后来因众多求学者要求而编辑成念诵仪轨。愿吉祥!

古普·钦哲仁波切译,陈润泽居士和朱红霞居士校对汉文。

主页