Appearance
Appearance
༄༅། །གསུམ་པ་ལྷན་སྐྱེས་ཀུ་སཱ་ལིའི་སྐོར་ལས་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བཞུགས་སོ།།
竹巴噶举修法五类之三,俱生胜乐金刚古萨里类
༈ ལྷན་སྐྱེས་དྲིལ་བུ་པའི་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས།
俱生智布巴之传承上师祈祷文
ཟུང་འཇུག་བདེ་བའི་མཆོག་གྱུར་འཁོར་ལོ་སྡོམ། །གང་དང་གཉིས་མེད་གྲུབ་མཆོག་དྲིལ་བུ་པ། །
ཨ་ཝ་དྷཱུ་ཏཱི་ཆོས་ཀྱི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་རླབས་གྲུབ་གཉིས་སྩོལ། །
双运大乐殊胜总集轮,与此不二觉者智布巴,
阿瓦度德、求吉多杰尊,祈祷赐我加持二悉地。
བྱང་ཆུབ་བཟང་པོ་རཏྣ་ཀཱ་ར་དང༌། །རྡོ་རྗེ་གདན་པ་ཙ་མི་སངས་རྒྱས་གྲགས། །
རྒྭ་ལོ་ཕག་གྲུ་གྲུབ་ཆེན་གླིང་རས་པ། །གསོལ་བ་འདེབས་སོ་བྱིན་རླབས་གྲུབ་གཉིས་སྩོལ། །
宋秋桑布、热拿嘎惹尊,多杰定巴、杂密桑杰扎,
嘎罗、帕摩竹巴、岭日巴,祈祷赐我加持二悉地。
སྤྱན་རས་གཟིགས་དངོས་རྒྱ་རས་ཡེ་ཤེས་ཞབས། །སངས་རྒྱས་དབོན་རས་གཞོན་ནུ་ཉི་མའི་མཚན། །
སེང་ཤེས་སྤོས་སྐྱ་པ་དང་སེང་གེ་རྒྱལ། །ཀུན་སེང་བསམ་རྒྱལ་ཁ་ཆེ་བློ་གྲོས་ཞབས། །
གསོལ་བ་འདེབས་སོ་བྱིན་རླབས་གྲུབ་གཉིས་སྩོལ། །
真实观音甲热也协尊,桑杰旺热、玄努、尼玛名,
森西、呗甲巴与森格嘉,衮森、桑嘉卡切与罗珠,
祈祷赐我加持二悉地。
ཤེས་རབ་སེང་གེ་དང་ནི་རིགས་གསུམ་སྤྲུལ། །རྒྱལ་དབང་རྗེ་དང་ངག་དབང་ཆོས་ཀྱི་རྒྱལ། །
ཆོས་གྲགས་རྗེ་བཙུན་གཉིས་སྤངས་བཙུན་མོ་ཅན། །ཀུན་མཁྱེན་རྒྱལ་དབང་པདྨ་དཀར་པོ་ལ། །
གསོལ་བ་འདེབས་སོ་བྱིན་རླབས་གྲུབ་གཉིས་སྩོལ། །
西惹森格、三怙之化身,嘉旺吉与昂旺求吉嘉,
秋吉扎巴、尊者尊摩金,遍智嘉旺白玛嘎波尊,
祈祷赐我加持二悉地。
མཚུངས་མེད་ལྷ་རྩེ་བ་དང་དཔག་བསམ་དབང༌། །ཀུན་དགའ་ལྷུན་གྲུབ་ཆོས་ཀྱི་དབང་ཕྱུག་དང༌། །ཐུགས་ཀྱི་རྡོ་རྗེ་བདེ་ཆེན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་རླབས་གྲུབ་གཉིས་སྩོལ། །
无等拉泽瓦与巴桑旺,衮嘎论珠、求吉旺素尊,
更嘎丹增、德钦多杰尊,祈祷赐我加持二悉地。
འཇམ་དཔལ་དཔའ་བོ་ཆོས་ཀྱི་སྣང་བ་དང༌། །ཡེ་ཤེས་གྲུབ་པ་ཆོས་ཀྱི་ཉིན་མོར་བྱེད། །
བསྟན་པའི་ཉི་མ་མཐུ་སྟོབས་ཆོས་རྒྱ་མཚོ། །གྲུབ་རིགས་ཁྱུ་མཆོག་རྩ་བའི་བླ་མ་ལ། །
གསོལ་བ་འདེབས་སོ་བྱིན་རླབས་གྲུབ་གཉིས་སྩོལ། །ཚེ་འདིར་གདོད་མའི་མགོན་པོ་འགྲུབ་པར་ཤོག །
降巴八沃、求吉南瓦尊,叶西珠巴、求吉尼摩色,
定悲尼玛、图多秋嘉措,根本上师仲惹却秋尊,
祈祷赐我加持二悉地,祈愿此世获得怙主位。
རིམ་གཉིས་ལམ་གྱི་རྣལ་འབྱོར་གོམས་པའི་མཐུས། །ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་ཀྱི། །
ངོ་བོ་ཉིད་དུ་མངོན་གྱུར་ཧེ་རུ་ཀ །དཔལ་ཆེན་སྡོམ་པའི་གོ་འཕང་ཐོབ་པར་ཤོག།།
娴熟生圆次第瑜伽故,祈愿吾之身语意三门,
显于本尊咒智之自性,祈愿获得嘿汝嘎果位。
ཅེས་ལྷན་སྐྱེས་དྲིལ་བུ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་འདི་བླ་མ་སྐུ་ཐང་པའི་བཞེད་ངོར། དཔལ་འབྲུག་པ་མི་ཕམ་ཆོས་ཀྱི་སྣང་བའི་མིང་ཅན་གྱིས་བརྗོད་པ་དགེའོ།།
此《俱生智布巴之传承祈祷文》,因喇嘛古唐巴之请求,吉祥竹巴密旁求吉南瓦祈祷。
༄༅། །དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་
སྒྲུབ་ཐབས་བཞུགས་སོ།།
吉祥俱生胜乐金刚修法
༈ སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །
རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །
ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །
བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །
རྟག་ཏུ་བདག་ནི་སྐྱབས་སུ་མཆི།།
ཞེས་སྐྱབས་འགྲོ་ལན་གསུམ།
诸佛正法圣僧众,时时刻刻我皈依。
瑜伽密咒空行母,即是三轮之本体,
时时刻刻我皈依。
勇士勇母怀佛母,即是菩萨大本体,
特别向于阿闍梨,时时刻刻我皈依。
如此皈依三遍
ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །
དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །
སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །
སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི།།
སེམས་བསྐྱེད་ལན་གསུམ།
如同三世诸怙主,定证圆满菩提果,
如实⽆上菩提⼼,吾亦发起殊胜⼼。
⼀者乃摄律仪戒,⼆者乃摄善法戒,
三者饶益有情戒,吾当牢牢持其戒。
如此发心三遍
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་འཁོར་ལོ་སྡོམ་པའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་གྱི་རིམ་པ་ལ་འཇུག་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཀྱིས།
愿一切有情永具安乐及安乐之因,愿一切有情远离痛苦及痛苦之因,愿一切有情不离无有痛苦之妙乐,愿一切有情常住于远离苦乐之因,远近贪嗔之大平等舍。
为了度化一切有情,应当证得吉祥总集轮果位,为此,我当修持瑜伽道次第。如此发菩提心
ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བའི་དོན་ལ་མངོན་དུ་ཕྱོགས་པས། ཐ་མལ་གྱི་ལུས་སྟོང་པ་ཉིད་ལས། སྐད་ཅིག་གིས་རི་རབ་ཀྱི་སྟེང་དུ། ཟར་མའི་མེ་ཏོག་ཁ་བྱེ་མ་ཐག་པ་ལྟར་སྔོ་བའི་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མནན་པ་སྟག་གི་པགས་པའི་ཤམ་ཐབས་ཅན་ཞལ་གཅིག་སྤྱན་གསུམ་ཅུང་ཟད་ཁྲོ་ཞིང་འཛུམ་པ། གར་གྱི་ཉམས་དགུ་དང་ལྡན་པ། རལ་པ་ནག་པོའི་ཐོར་ཚུགས་བརྫེས་པའི་སྟེང་དུ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་འཆང་བ། དེའི་འོག་ཕྱོགས་ཀྱི་གཡོན་དུ་ཟླ་ཚེས་ཀྱི་རི་མོ་དང༌། སྣ་ཚོགས་རྡོ་རྗེའི་གདན་ལ་ཐུབ་པ་མི་བསྐྱོད་པས་མཛེས་པ། དཔྲལ་བའི་ངོས་ལ་ཐོད་པ་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་རློན་པ་ཤིན་ཏུ་འཛུམ་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་དག་གིས་རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྣོད་འཛིན་པའི་ཕྱག་གཉིས་མ། ཐོད་པ་སྐམ་པོ་ལྔའི་ཅོད་པན་དང་ལྔ་བཅུའི་དོ་ཤལ་དང༌། ཕྱག་རྒྱ་ལྔ་དང་ལྡན་པ། དབུ་སྐྲ་མཐོན་མཐིང་གྲོལ་ཞིང་འཁྱིལ་བ། ཞལ་གཅིག་སྤྱན་གསུམ་མ། ཕྱོགས་ཀྱི་གོས་ཅན། ཉི་མ་འཆར་ཀའི་འོད་ལྟར་དམར་བའི་རྡོ་རྗེ་ཕག་མོ་ལ་འཁྱུད་པ། དགའ་བའི་མ་མཆུའི་སྦྲང་རྩིའི་རོ་འཐུང་བ། ཐུགས་ཀའི་ཆུ་སྐྱེས་ལ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་དང་ལྡན་པ། འབར་བའི་འཕྲེང་བ་འཁྲིགས་པ། དྭངས་ཤིང་གསལ་ལ་རྙོག་པ་མེད་པ། བལྟ་བས་ཆོག་མི་ཤེས་པའི་སྐུ་མེ་ལོང་དྲི་མ་མེད་པ་ལ་ཤར་བའི་གཟུགས་བརྙན་ལྟ་བུ་ཡུན་རིང་དུ་བསྒོམ།
嗡 所巴瓦 秀大 沙瓦 大马 所巴哇 秀多哼
向于如此之意义,故而平凡之躯体变成空性,于空性中一瞬间于须弥山上,出有坏吉祥总集轮,身蓝色犹如初开之胡麻花,右腿伸展,左膝弯曲,于彩色的八瓣莲花和日轮上,以跨姿站立踩踏大黑天和红色黑夜天,腰围虎皮裙,一面三眼微带忿怒与笑容,显现九种舞姿,黑色发髻上佩戴摩尼宝和十字金刚杵,其下方左边月牙饰装饰,于十字金刚杵之坐垫上部主不动佛庄严,额头上五骷髅为饰,装饰六种手印,长挂半百湿人头鬘,手持金刚杵和金刚铃,与金刚亥母双运,以喜乐下唇享用蜂蜜之味。
佛母金刚亥母二臂,手持金刚杵和天灵盖,头戴五个骷髅,长挂五十个湿人头鬘,装饰五种手印,深蓝头发松散而卷,一面三眼,穿着虚空之衣,身红色如同日出之光。
心间莲花和日轮上有蓝色“吽(ཧཱུྃ)”字,光芒灿烂,清晰、明亮、无浊,视不餍足之庄严相,即如同无尘镜中显现之影像。如此长时间观想
དེ་ལ་སྐྱོ་བར་གྱུར་ན་ས་བོན་ལ་བསྐོར་བའི་སྔགས། ཨོཾ་ཧྲཱིཿ ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་མང་དུ་བཟླའོ། །དེའི་ཚེ་ཡིད་ཀྱིས་ས་བོན་སྔགས་འཕྲེང་གི་འོད་ཟེར་ལས་བདེ་མཆོག་དཔག་ཏུ་མེད་པ་སྤྲོས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་སེམས་ཅན་གྱི་དོན་བྱས། སླར་ཡང་རང་ལ་བསྡུས་ཤིང་བསྒོམ་མོ། །གཞན་དུ་བཤད་པ་བཞིན་གྱི་དོ་ལིའི་བཟླས་པ་ཡང་འགལ་བ་མེད་པར་བསམ་མོ། །དེ་ནས། སྣོད་ཀྱི་འཇིག་རྟེན་བཅུད་ཀྱི་སེམས་ཅན་ལ། དེ་བཅོམ་ལྡན་འདས་མ་ལ། དེ་རི་རབ་དང་བཅས་པའི་བདག་ཉིད་ལ། དེ་ཡས་ཞུ་མས་ཞུ་སྙིང་གའི་ཧཱུྃ་ལ། ཞབས་ཀྱུ་ཧ། ཧ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་མི་དམིགས་པ་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག།།དེ་ལས་ལངས་ནས།
若对此感到疲劳,尽力念诵旋绕种子字的心咒:“嗡舍哈哈吽吽呸。”与此同时观想:“种子字及咒鬘之光芒中出现无量无边之胜乐金刚,由此转法轮等而饶益了一切有情。之后,光芒再次回摄于自己。”这跟别处讲的一样,仅仅意念咒语亦可。
之后,器世间融入于有情世间,有情世间融入佛母出有坏,佛母及须弥山融入自身,自身上下溶化后融入于心间“吽(ཧཱུྃ)”字中,“吽”融入“下久(ུ )”,下久融入“哈(ཧ)”字,哈字融入“字头(–),”字头融入“月牙 ( ྃ ),”月牙融入“明点(༠)”,明点融入“那达( ྆྆)”,最后那达变成无缘并安住于光明大手印境界中。与此境界中出定后
གཏོར་མའི་རྣལ་འབྱོར་ནི། གཏོར་མ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཨཱཿ ཧཱུྃ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་ཁར། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར། ཧཱུྃ་ཨོཾ་ཁཾ་ཨཾ་ཏྲཱཾ་དང༌། བཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རང་རང་གི་ས་བོན་གྱིས་མཚན་པ། རླུང་གིས་བསྐྱོད། མེ་སྦར། བསྐོལ་བས་ས་བོན་དང་བཅས་པའི་རྫས་རྣམས་བཞུ། དེའི་ཁར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་གྱུར་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་པ་དེ་དག་ཀྱང་འོད་དུ་ཞུ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར། རང་གི་སྙིང་གའི་འོད་ཀྱིས་བདེ་མཆོག་ལྷན་ཅིག་སྐྱེས་པ་ལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་སྤྱན་དྲངས། མགྲོན་རྣམས་ཀྱི་ལྗགས་རྡོ་རྗེ་དཀར་པོ་རྩེ་གཅིག་པའི་རྣམ་པའི་འོད་ཟེར་གྱི་སྦུ་གུས་གསོལ་བར་གྱུར། ཨོཾ་ཨཱ་ར་ལི་ཧོཿ ཛཿ ཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཥྱ་ཧོཿ ཞེས་པས་འཇིག་རྟེན་ལས་འདས་པ་རྣམས་ལ་འབུལ་ལ།
食子瑜伽:嗡 所巴瓦 秀大 沙瓦 大马 所巴哇 秀多哼,以此净化食子。于空性中由“阳(ཡཾ)”字形成风,由“嚷(རཾ)”字形成火轮,由“嗡啊吽(ཨོཾ་ཨཱཿ ཧཱུྃ)”形成了三颗头颅之三角灶,于灶上“啊(ཨ)”字形成了极为宽广之颅器。器内“嗡(ཨོཾ)”字形成了日轮,其中央和四方的“吽嗡康昂障(ཧཱུྃ་ཨོཾ་ཁཾ་ཨཾ་ཏྲཱཾ)”及“邦朗芒帮当(བཾ་ལཱཾ་མཱཾ་པཱཾ་ཏཱཾ)”等种子字,分别代表五甘露和五灯。吹风,点火,煮熬,故溶化了所有种子字及食物,其上有“啊(ཨ)”字形成的月轮,月轮上有“(ཧཱུྃ)吽”字形成的白色五股金刚杵,金刚杵中央也标有“(ཧཱུྃ)吽”字,以此之光诸佛如来心间所迎请的所有智慧甘露化光,并与誓言甘露融为一味。自己心间之光迎请了八尸林行者围绕的俱生胜乐金刚。于是诸宾客用白色一股金刚舌光管之方式享用。嗡惹勒伙,咋吽谤伙,拜杂扎格讷 ,萨玛雅当哲卡约伙。以此供养于诸出世间者
སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །
ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །
མགོན་པོ་ཐུགས་རྗེའི་ཆུ་ཡི་དཔྱིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །
བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ།།
ཞེས་གསོལ་བ་བཏབ།
有寂平等故而坏灭贪欲亦灭分别念,
汝则具有观察遍满虚空尽之诸法性,
怙主大慈大悲之水庄严所湿之心水,
祈求润我所有佛母大慈大悲随摄受。
如此祈祷
ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙོནྨཱ་ད་ཨ་པསྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་དཱ་ཡ། ཨི་དཾ་བ་ལིཾ་གྲྀཧྣནྟུ། ས་མ་ཡ་རཀྵནྟུ། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། ཁཱ་ད་ཐ། པི་ཝ་ཐ། ཛི་གྷཱ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ་སཏ་སུ་ཁཾ་བི་ཤུདྡྷ་ཡེ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དུར་ཁྲོད་པ་རྣམས་ལའོ། །དེ་ནས་ཡིག་བརྒྱའི་སྔགས་ཀྱིས་ལྷག་ཆད་བསྐང༌། མགྲོན་རྣམས། བཛྲ་མུཿ གཤེགས་པར་བྱའོ།། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད། ཅེས་པ་འདི་ཡང་མིའི་དབང་པོ་གཡུལ་ལས་རྣམ་པར་རྒྱལ་བའི་མཚན་འཛིན་པས་བསྐུལ་བའི་ངོར། པདྨ་དཀར་པོས་སྦྱར་བའོ། །མངྒ་ལཾ།། ཞེས་པ་འདི་གྲུབ་པའི་སློབ་དཔོན་རྡོ་རྗེ་སློབ་དཔོན་དྲིལ་བུ་པའི་ལུགས་ལས་བྱོན་པ་ལྷན་སྐྱེས་ཀུ་སཱ་ལིའི་སྐོར་རམ་དབང་པོ་རྣོན་པོ་བདག་བྱིན་གྱིས་བརླབ་པའི་ཆོས་སོ།།
嗡卡卡,卡赫卡赫,萨瓦亚恰,惹恰萨,布哒斋哒,呗夏尊嘛哒阿拜嘛惹,扎嘎扎格乃哒亚,爱当巴冷哲哈拿度,萨嘛亚惹庆度,萨瓦⾊德麦扎耶层度,亚泰邦,亚泰章,奔咋它,卡哒它,呗瓦它,则嘎它,嘛德扎嘛它,嘛嘛萨瓦嘎惹哒亚,思素康呗秀哒叶萨哈耶嘎八文度吽吽呸梭哈。即供养于诸尸林行者,之后以百字明咒添补咒语之不全。
诸宾客,拜杂幕,各自回归。最后将善根回向于无上菩提。
此《吉祥俱生胜乐金刚修法》,因官长优勒南加之请求,白玛嘎波著作。愿吉祥如意!
此法乃是大成就者金刚阿闍梨智布巴之传承,俱生(胜乐金刚)古萨里类,也是上根利器者自我加持之法。
古普·钦哲仁波切译,陈润泽居士和朱红霞居士校对汉文。
༄༅། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་བརྒྱུད་འདེབས་
བྱིན་རླབས་ཆར་རྒྱུན་བཞུགས།།
出有坏金刚亥母传承祈祷文
加持之雨
ན་མོ་གུ་རུ་བཛྲ་ཝཱ་ར་ཧི།
སྐུ་བཞིའི་ཁྱབ་བདག་རྡོ་རྗེ་རྣལ་འབྱོར་མ། །དེ་ཡིས་རྗེས་བཟུང་དཔལ་ལྡན་ཤ་བ་རི། །
རྡོ་རྗེའི་སྐུ་བརྙེས་མངའ་བདག་ཏི་པུ་པར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
拿摩咕如呗咋哇惹核!
四身遍主金刚瑜伽母,彼所摄受巴登夏瓦日,
金刚身者尊主底普巴,祈祷赐予共胜之悉地。
འཇའ་ལུས་རྡོ་རྗེ་གྲགས་དང་སྐུ་མཆེད་གསུམ། །གླིང་དང་འཇིག་རྟེན་དབང་ཕྱུག་གཙང་པ་རྒྱ། །
སེང་གེའི་མཚན་དགུ་རྡོ་རྗེ་རིན་ཆེན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
虹身惹琼巴与三同门,岭日巴与自在藏巴嘉,
狮名九尊与多杰仁钦,祈祷赐予共胜之悉地。
རིགས་གསུམ་རྒྱལ་དབང་རྗེ་དང་ཤཱཀྱ་འཕེལ། །ཆོས་སྐྱབས་ཆོས་གྲགས་ཀུན་སྤངས་པདྨ་དཀར། །
ངག་དབང་བཟང་དང་དཔག་བསམ་དབང་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
三怙、嘉旺杰与夏迦佩,曲嘉、曲扎、衮邦、白玛嘎,
阿旺桑与巴桑旺波尊,祈祷赐予共胜之悉地。
མི་ཕམ་ཆོས་དབང་དགེ་ལེགས་བཞད་པའི་དཔལ། །ཐུབ་བསྟན་ཆོས་དབང་རྒྱལ་དབང་ཤིང་རྟ་ཆེ། །ཕྲིན་ལས་ཡར་འཕེལ་ཆོས་ཀྱི་སྣང་བ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
米彭曲旺与格列协巴,图定曲旺与嘉旺星达,
成列雅培及曲吉囊哇,祈祷赐予共胜之悉地。
ཡེ་ཤེས་གྲུབ་པ་ཆོས་ཀྱི་ཉིན་བྱེད་དང༌། །བསྟན་པའི་ཉི་མ་ཆོས་ཀྱི་རྒྱ་མཚོའི་སྡེ། །
འཁོར་ལོའི་མགོན་པོ་གྲུབ་མཆོག་རྡོ་རྗེ་འཆང༌། །རྡོ་རྗེ་མ་དཔལ་རྩ་བའི་བླ་མ་ལ། །
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
益西珠巴与曲吉尼色,丹悲尼玛与曲吉嘉措,
坛城怙主仲却金刚持,至尊金刚亥母根本师,
祈祷赐予共胜之悉地。
དབང་བཞིས་རྒྱུད་སྨིན་དམ་ཚིག་སྲོག་རྩ་བརྟན། །རིམ་གཉིས་རྩལ་རྫོགས་ས་ལམ་མ་ལུས་བགྲོད། །
ཁ་སྦྱོར་བདུན་ལྡན་རྡོ་རྗེ་ཕག་མོ་ཡི། །གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་ཤོག།།
四灌续熟誓言根稳固,圆二次第一切地道行,
七支和合金刚亥母之,殊胜果位即身愿亲证。
ཅེས་བཀའ་བརྒྱད་རིན་པོ་ཆེས་སོ།།
此乃噶杰仁波切造也。
༄༅། །རང་རིག་ལྷན་ཅིག་སྐྱེས་མའི་ཉམས་ལེན་
བཞུགས་སོ།།
自证俱生亥母之实修法
ཁམས་གསུམ་པོ་ཀུན་གྱི་བདག་ཉིད་བདེ་བ་ཆེན་པོའི་རྣམ་པ་ཤྲཱི་ཧེ་རུ་ཀ་རྡོ་རྗེ་སངས་རྒྱས་དང༌། དེས་བསྟན་པའི་སྔགས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱི་ཆོས་དང༌། དེའི་འཁོར་ལོར་གནས་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་དགེ་འདུན་ལ་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བ་ཆེན་པོའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།།
于获菩提果之间,皈依一切三界之自性,大乐之形象、西惹嘿汝嘎金刚佛,与其宣说之密咒、手印、坛城等自性法,以及居住其坛城之瑜伽男女僧众。
为利一切众生,发起具有现空无别的性相、圆满正等觉、大乐自性之菩提心。
གཟུང་དང་འཛིན་པ་རྣམས་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །
རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །
离诸能所取,法无我等性,
自心本无生,空之自性也。
ཞེས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལས། སྣ་ཚོགས་པདྨ་དང་ཉི་མ་དང་སྲོག་བྲལ་གྱི་སྙིང་གར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། སོ་སོ་རང་གིས་རིག་པའི་ཆོས་ཀྱི་སྐུ་དེ་ཉིད་བྃ་ཡིག་གིས་སྤྲུལ་པའི་བཅོམ་ལྡན་འདས་མ་གཟུགས་ཀྱི་སྐུ་ཉི་མ་འབུམ་གྱི་འོད་དང་འཆར་ཀའི་ཁ་དོག་ཅན། ནམ་མཁར་ཕྱོགས་པའི་གཡས་ཀྱི་ཕག་ཞལ་མཐིང་ཁ་ནི་ཆོས་ཉིད་དོན་དམ་པའི་བདེན་པ་དང༌། ཡིད་ཙམ་ཁྲོས་པའི་རྩ་བའི་ཞལ་མཆོག་ཏུ་མཛེས་ཤིང་རྒྱས་པ་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་སྟེ། ཕག་ཞལ་ལས་གྱེན་དུ་ཕྱོགས་པའི་སྤྱན་གསུམ་ནི་དུས་གསུམ་ལ་གཟིགས་པ་དང༌། ཁྲོ་ཞལ་ལས་ཐད་ཀར་ཕྱོགས་པའི་སྤྱན་གསུམ་ནི་ཁམས་གསུམ་ལ་གཟིགས་པ། དབུ་སྐྲ་ཅུང་ཟད་བཅིངས་པ་ལྷོད་པོར་གྱུར་པ་ལས་བསིལ་བུར་གྲོལ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཙམ་ལས་འཆིང་བར་མི་ནུས་པ་དང༌། མི་མགོ་སྐམ་པོ་ལྔ་ཅོད་པན་དུ་འཛིན་པ་ནི་ཟག་པ་མེད་པའི་ངོ་བོ་ཉིད་ཀྱིས་མཛེས་པ། རབ་ཏུ་འབར་བའི་གྲི་གུག་སྔོ་བསང་གཡས་པའི་ཕྱག་གིས་གྱེན་དུ་ཕྱོགས་པར་འཛིན་པས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང༌། བདུད་ཀྱི་ཁྲག་གིས་ཡོངས་སུ་གང་བའི་ཀ་པཱ་ལ་གཡོན་པའི་ཕྱག་གིས་འཛིན་པས་ཟག་པ་མེད་པའི་བདེ་བ་ཆེན་པོར་དུས་རྟག་ཏུ་རོལ་བ། གྲུ་མོའི་ངོས་ལ་བརྟེན་པའི་ཁ་ཊྭཱྃ་ག་ནི་ཤེས་རབ་ཀྱིས་ཐབས་ཡོངས་སུ་མི་གཏོང་བའི་ངང་ཚུལ་ཅན་དང༌། རྡོ་རྗེ་སྔོན་པོའི་ཐག་པས་བརྒྱུས་པའི་མགོ་བོ་རློན་པའི་ཕྲེང་བས་ཡོངས་སུ་བསྐོར་བ་ནི་སེམས་བྱུང་གི་རྒྱུ་བ་རྣམ་པར་དག་པ་ཉིད་དང༌། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐ་རགས་ཏེ་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ཞབས་གཡས་རོལ་པའི་གར་གྱིས་གཡོན་པའི་བརླ་ལ་གཏད་ཅིང༌། གཡོན་བརྐྱང་བས་སྲོག་བྲལ་གྱི་སྙིང་ག་མནན་པ། གློ་བུར་གྱི་དྲི་མའི་གོས་དང་བྲལ་བའི་གཅེར་མོ་གདོད་ནས་དག་པ་ནམ་མཁའི་གོས་ཅན་མ། དགའ་བའི་ཆ་ཤས་ཡོངས་སུ་གང་བ་ན་ཚོད་བཅུ་དྲུག་པའི་ཉམས་ཅན། ཡེ་ཤེས་ཀྱི་མེའི་ཕུང་པོའི་དབུས་སུ་རབ་ཏུ་བརྗིད་ཅིང་མཛེས་པར་བཞུགས་པའི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོར་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོར་ཨཱཿ དམར་པོ། སྙིང་ཁར་ཐུགས་རྡོ་རྗེའི་ངོ་བོར་ཧཱུྃ་སྔོན་པོ། ལྟེ་བར་བྃ་དམར་པོ། དེའི་མཐར། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། སྤྱི་བོར་བླ་མ་རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་སྤྲུལ་སྐུའི་ཆ་ལུགས་ཅན་དུ་བཞུགས་པ། བསྐྱེད་རྫོགས་ཟུང་འཇུག་གི་ངང་ནས་སྔགས་ཅི་རིགས་སུ་བཟླ། བཟླས་པའི་འོད་ཀྱིས་སྣོད་ཀྱི་འཇིག་རྟེན་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་དང༌། བཅུད་ཀྱི་སེམས་ཅན་ཉིད་དང་མཚུངས་པའི་རྣལ་འབྱོར་མའི་འཁོར་ལོར་སད། ཡེ་ཤེས་ཀྱི་ལུས་དེ་ཉིད་སུམ་ཅུ་རྩ་གསུམ་གྱི་གནས་ཨརྨོ་ལི་ཀའི་རྡོ་ལེབ་མནན་ན་ནེམ་དང་བཏེག་ན་སྤར་བྱེད་པའི་སྟེང་དུ་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པ་ཡང་ནས་ཡང་དུ་སྦྱངས་ན། སངས་རྒྱས་ཀྱི་ཞིང་མཐའ་ཡས་བགྲོད་པ་དང༌། སྐབས་རེར་རིལ་པོར་འཛིན་པའི་བློ་གཞིག་སྟེ་སྣང་མེད་འོད་གསལ་ལ་འཇུག་གོ །དེས་མ་འོངས་པ་ན་བར་དོ་འཕོ་བའི་གདམས་ངག་གཞན་མི་དགོས་ཞེས་གསུངས་སོ།།
彼诸法平等性三摩地之中,于八瓣莲花、日轮、死体之心间,诸佛生母般若波罗蜜多母,彼各各自证之法身,由(བྃ)“榜”字所化薄伽梵母,身色犹如十万颗太阳光及日出之颜色。顶上向于天空之右边深蓝⾊亥面,表法性胜义谛;微忿怒之主面十分美丽饱满,表清净有法世俗谛;亥面三眼向上看,表观照三时;怒面三眼直视,表观照三界;顶发少许结挽余者松散⽽披,表仅仅是能取所取之形象,然却不为之束缚;头戴五个骷髅为冠,表无漏之体性作美饰;右手上举深青⾊锋利弯刀,表斩断所有妄念分别之痛苦;左手托持盛满魔血之天灵盖,表恒时享用无漏大乐;倚于臂肘之天杖,表智慧不离不弃方便之情态;长挂蓝色金刚绳所串链之湿人头鬘,表彻底清净一切心所之流。装饰圆轮、耳环、项链、钏环、腰带等五种手印。右脚戏舞姿向左跨下,左脚绷伸独立尸身之心间。远离客尘之衣身赤裸,身着本来清净虚空衣之母,喜乐部分圆润丰满,具⾜十六妙龄之姿势,慧焰正中极为庄严华美而住。顶上身金刚之体性白色(ཨོཾ)“嗡”字,喉间语金刚之体性红色(ཨཱཿ )“阿”字,心间意金刚之体性蓝色(ཧཱུྃ)“吽”字,脐间红色(བྃ)“榜”字周边:嗡嗡嗡 萨瓦布达扎格讷耶 拜杂瓦拿讷耶 拜杂白若咋讷耶 吽吽吽 呸呸呸梭哈。头顶上方端坐身着应化身装饰之上师部主毗卢遮那佛。于生圆二次第双运之境界中尽量念诵咒语。藉此诵咒光芒,从而觉醒器世间自性所成之坛城,以及有情众生与自己等同之瑜伽母坛城。彼智慧身者在三十三天于柔软回弹性的阿摩勒格石板上安住大手印。
若反复修练,则云:“能行无量佛国刹土,时而会坏灭实执之心,进入无相光明境,以此于未来无需其他的中阴破瓦窍诀。”
ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །འདི་འདྲའི་སྐལ་བཟང་མགྲོན་གཉེར་བ། །
བསོད་ནམས་ནོར་ལྡན་འགའ་ཞིག་ལས། །བསགས་སྦྱངས་མེད་ལ་ཅི་ཞིག་བྱ། །
啊哈稀有稀奇法,如此良缘宾友者,
具足些许福德外,无福障重岂遇逢。
དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་རྣལ་འབྱོར་འགྲུབ་གྱུར་ནས།།
འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །
我今速以此善根,成就金刚瑜伽母,
令诸众生无一余,愿皆安置于彼地。
རིགས་སུ་སྐྱེས་དང་དམ་ཚིག་ཅན། །སྨྱོ་མེད་ཧེ་རུ་ཀ་དཔལ་སྟོན། །
བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །
生为种姓具誓言,依止吉祥嘿汝嘎,
恭敬上师具大悲,生生世世愿如此。
ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་བྱེད་དང༌། །
བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །
持金刚杵手摇铃,诵读甚深精要法,
共享空行精华者,生生世世愿如此。
བདག་གིས་དུས་གསུམ་དགེ་བ་ཅི་བསགས་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །
བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །
以我三世所积善,一切遍空诸有情,
成为无上密乘器,普愿获证金刚持。
བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །
དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་རྣམ་དག་འགྲུབ་གྱུར་ཅིག །
无上上师之大悲,如来菩萨与独觉,
罗汉谛实加持力,愿成清净之发愿。
ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །
བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །
正量天母量誓言,所言话亦殊胜量,
依彼谛实胜天母,愿成随摄我之因。
འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་སོགས་ཐོགས་ནས་ཀྱང༌། །
རོལ་མོའི་སྒྲ་དང་གླུ་སྙན་ཚོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་ཕྱིན་པར་ཤོག །
死时怙主勇男女,携持鲜花幢伞等,
乐音妙曲供养已,愿受迎至空行刹。
ཅེས་པ་ནི་མཉམ་མེད་ལྷ་རྩེ་བ་ངག་དབང་བཟང་པོའི་གསུང་འབུམ་ལས་བཏུས་པའོ།།
此《自证俱生母之实修法》乃无等《拉则瓦•阿旺桑波全集》中摘选。
དཔལ་ལྡན་འབྲུག་པའི་ལོ་ཙཱ་གཞུང་ལས་ཁང་ནས་བསྒྱུར།
竹巴噶举译经办公室编译