Appearance
Appearance
༄༅། །རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་ཉུང་ངུ་ཞིག་བཞུགས་སོ། །
རང་ཉིད་རི་ཁྲོད་མ་ལོ་མ་གྱོན་མའི་ས་བོན་གྱིས་སྙིང་ག་མཚན་པར་གྱུར། དེའི་འོད་ཟེར་གྱིས་བླ་མ་དང་ལོ་མ་གྱོན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གྷནྡྷེ། ནཻ་ཝིདྱ། ཤཔྟ་པྲ་ཏཱིཙྪ་ཧཱུྃ།
(明观福田)
于自我心间观想山居叶衣佛母之种子,此处发光迎请由 诸佛菩萨围绕的传承上师及叶衣佛母、拜杂萨嘛杂。
嗡阿刚扎德擦吽,嗡巴当扎德擦吽,嗡布白扎德擦吽, 嗡都白扎德擦吽,嗡阿洛格扎德擦吽,嗡更德扎德擦吽, 嗡纳微德扎德擦吽,嗡下达扎德擦吽。
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །
འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །
སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །
རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །
བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །
བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
ལན་གསུམ།
(七支供)
我今皈依佛法僧,一切罪业皆忏悔,
随喜有情诸善业,至心受持佛菩提,
正觉妙法圣僧众,乃至菩提我皈依,
成就自利他利故,发起求证菩提心,
既发殊胜菩提心,接引有情如宾客,
乐行最胜菩萨行,为利有情愿成佛。
念三遍
བཛྲ་མུཿ ཚོགས་ཞིང་རང་ལ་ཐིམ།
拜杂姆,福田融入于自身。
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ལན་གསུམ།
(四无量心)
愿一切有情永具安乐及安乐之因,
愿一切有情远离痛苦及痛苦之因,
愿一切有情不离无有痛苦之妙乐,
愿一切有情远离苦乐之因贪嗔远近、常住无量平等舍。
念三遍
ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿཤུདྡྷོ྅ཧཾ། སྟོང་པའི་ངང་ལས། པད་ཟླའི་གདན་ལ་པཾ་སེར་པོ་ལས་རྡོ་རྗེ་པཾ་གྱིས་མཚན་པ། དེ་ལས་བདག་ཉིད་བཅོམ་ལྡན་འདས་རི་ཁྲོད་མ་ལོ་མ་ཅན་སྐུ་མདོག་གསེར་བཙོ་མ་ལྟ་བུ། སྤྱན་གསུམ་མངའ་བའི་ཞལ་གཡས་དཀར་གཡོན་དམར་དབུས་སེར། བཞད་ཅིང་ཁྲོ་བ། གཞོན་ཤ་རྒྱས་ཤིང་ཅུང་ཟད་ལྟོ་བ་འཕྱང་བ། འགྱིང་ཞིང་སྒེག་པའི་སྐུ། ལོ་མ་དང་རྨ་བྱའི་མདོངས་ཀྱི་ཤམ་ཐབས་ཅན། ཕྱག་དྲུག་གི་གཡས་པ་གསུམ་ན་སྣ་ཚོགས་རྡོ་རྗེ། དགྲ་སྟ། མདའ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། ཡལ་ག་དང་ལྷན་ཅིག་པའི་རྨ་བྱའི་མདོངས། གཞུ་བསྣམས་པ། མེ་ཏོག་བཅིངས་པའི་རལ་པའི་ཅོད་པན་ལ་མི་བསྐྱོད་པ་བཞུགས་པ་ཉི་མའི་འོད་ཅན། བགེགས་མནན་ཏེ་ཞབས་གཡས་ཙོག་པུ། གཡོན་པུས་བཙུགས་རྟིང་པ་གསང་གནས་ལ་བརྟེན་ཏེ་འོད་ཟེར་གྱི་ཀློང་ན་བཞུགས་པར་གྱུར་པའི་སྙིང་གར་ཟླ་བ་ལ་པཾ། དེའི་མཐར། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རི་སརྦ་ཛྭཱ་ར་པྲ་ཤ་མ་ནཱ་ཡེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལ་དམིགས་ཏེ་སྔགས་དེ་མང་དུ་བཟླའོ། །
嗡 所巴瓦 秀大 沙瓦 大马 所巴哇 秀多沆,
观想: 于虚空中莲花,月轮之宝垫上黄色之༼པཾ༽“邦” 字,其“邦”字化成了中央记有“邦”字的金刚杵,金刚杵瞬间化成自出有坏山居叶衣佛母,身为真金色,三面均三眼, 右面白、左面红、正面黄,显现愤怒与笑容,年华青春貌,腹部微隆,娇媚尊严之姿势,身着叶片和孔雀尾翎眼 裙子,六臂,右三臂依次持十字金刚杵、钺斧、箭,左臂依次结期剋印持套索、树枝和孔雀尾翎眼、弓,头戴鲜花,发髻处有不动佛安住,阳光明媚,压制妖魔,右足蹲,左足跪,脚后跟顶在密处,于光芒当中安住,其心间 月轮上༼པཾ༽“邦”字周围有 ༀ་པི་ཤཱ་ཙི་པརྞ་ཤ་ཝ་རི་སརྦ་ཛྭཱ་ར་པྲ་ཤ་མ་ནཱ་ཡེ་སྭཱ་ཧཱ། “嗡 比夏则 巴那夏瓦惹 萨瓦佐冉 扎夏 嘛那耶 唆哈” 围绕。尽力念诵其心咒。
ཐུན་བསྡུ་ཁར་ལྷ་མདུན་དུ་བསམས་ལ། གོང་བཞིན་མཆོད།
སྲིད་པའི་འཇིགས་རྣམས་སྐྱོབ་པ་དང༌། །ཕུན་ཚོགས་དངོས་གྲུབ་ཀུན་སྟེར་ལ། །
ཡིད་བཞིན་ནོར་ལྟར་རྨད་བྱུང་བའི། །བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །
བདག་དང་སེམས་ཅན་ཐམས་ཅད་ལ་ནད་དང་གདོན་དང་རིམས་ཀྱི་འཚེ་བ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐར་རང་ལ་ཐིམ། རང་ཡང་མི་དམིགས་པར་གྱུར།
即将出坐时叶衣佛母观想于前方,而后如前一样供养并念诵:
拯救三有一切惧,功德悉地尽能赐,
稀有如同如意宝,我敬礼赞出有坏。
祈求我等一切有情众生远离疾病、恶魔、瘟疫等一切侵害。最后叶衣佛母融入自身,自身亦消融于无念中。
དགེ་བ་འདི་ཡིས་མྱུར་དུ་བདག །ལོ་མ་གྱོན་མ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །
ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བ་དང༌། །མི་མཐུན་གནོད་པའི་རྐྱེན་དང་འབྲལ་བ་དང་། །
མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །
སོགས་ཤིས་བརྗོད་བྱའོ།།
我今速以此善根,成就山居叶衣母,
令诸众生无一余,悉皆安置于此地。
遣除四百二十四疾病,远离分岐灾害等违缘,
成就祥和一切皆圆满,愿彼吉祥此时亦吉祥。
ལྷ་ལྗང་མོ་བསྒོམ་པར་སྤྲོ་ན། སྐུ་མདོག་སེར་མོའི་ཚབ་ལ་ལྗང་ཁ་ཙམ་ལས། གཞན་ཞལ་ཕྱག །བཞུགས་སྟངས། རྒྱན་ཆ་ལུགས། སྔགས་ཐམས་ཅད་མཚུངས་སོ།། །།འདི་རྗེ་བཙུན་བླ་མ་ངག་གི་དབང་ཕྱུག་སངས་རྒྱས་རྡོ་རྗེས་མཛད་པ་ཡིན་འདུག་ལགས། །སརྦ་མངྒ་ལཾ།། །།
若想观修绿叶衣佛母,身色改成绿色便可,其它面容、手印、身体姿势、装饰、咒语等皆是与此相同。
此简易修法是至尊上师智者桑杰多吉著作,愿吉祥!
古普·钦哲仁波切译。