Skip to content

༄༅། །གསུར་བསྔོ་བཞུགས་སོ། །

烟供

࿑ བླ་མ་ཡི་དམ་གཙོ་བོར་བཏོན་པ་ལ་གསུར་སྦྱིན་སྲིག་གི་རྣམ་པ་སྔ་དྲོ་དཀར་གསུམ་མངར་གསུམ་

ཕྱི་དྲོ་དམར་གསུར་འདོན་པ་གཅིག་གི་འདིའོ། །

烟供和火供主要是供养上师和本尊。一般上午做三白三甜之烟供,而下午做荤腥之烟供。此法为通用之烟供仪轨。

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསུར་མཆོད་བགྱེས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

ལན་གསུམ།

皈依和发心

诸佛正法圣僧众,直至菩提我皈依,

以我烟供之功德,为利众生愿成佛。

念三遍

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ། ཚད་མེད་བཞི་བསྒོམས།

观四无量心

愿一切有情永具安乐及安乐之因,

愿一切有情远离痛苦及痛苦之因,

愿一切有情不离无有痛苦之妙乐,

愿一切有情常住于远离苦乐之因远近

贪嗔的无量平等舍。

念三遍

ཨོྃ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གསུར་རྫས་འདོད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་མམ་བདུན་བརྗོད། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན།

嗡索巴瓦秀哒、萨瓦大马、索巴哇秀多沆。诸法变成无缘之空性,于空性中“准(བྷྲུཾ)”字变成极其宽广之珍宝器,器内盛满极为丰富之烟供品,欲所源海。

嗡啊吽

念三遍

拿嘛萨瓦达它嘎达、巴夭呗肖目开呗、萨瓦它康欧嘎带、萨怕惹拿饿芒噶噶拿康唆哈。念三遍或七遍

拿嘛萨瓦达它嘎达、啊瓦罗格带、嗡桑巴惹桑巴惹吽。念七遍

ཕེཾ་ཕེཾ་ཕེཾ་གུ་རུ་ཤྲཱི་བཛྲ་ཧེ་རུ་ཀ་ཨ་ཀཌྜྷ་ཡ་ཨ་ཀཌྜྷ་ཡ། པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བུདྷ་ཌཱ་ཀི་ནཱི་ཧྲཱི་ད་ཡ་ཨ་པ་ཏོ་ཥ་ཡ་ཛཿ ཧཱུྃ་བཾ་ཧོཿ སརྦ་ཝི་ར་ཡོ་གི་ནི་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དཀར་བརྒྱུད་ཀྱི་བླ་མ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་ལྷ་ཚོགས་གནས་གསུམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་གནོད་སྦྱིན་ནོར་སྐྱོང་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་དང་བཅས་པ་ཕེཾ།

碰碰碰、古汝西热拜杂嘿如噶啊根扎亚、啊根扎亚、扎味夏亚、扎味夏亚、丙达亚、丙达亚、垛卡亚、垛卡亚、萨瓦布达扎格讷、舍达亚啊怕朵卡亚、咋吽谤伙、萨瓦必惹夭格讷、索八瓦唉嘛更沆。

噶举上师、佛与菩萨、一切本尊、三处空行母、具誓护法神、夜叉、财神及维护善法之土地神、碰。

དེ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བས་མཉེས་པར་གྱུར། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨཱ་པཱ་ལ་རཾ་ཧྲཱིཾ་ཛཿ ཙིཏྟ་ཧྲིཾ་ཧྲིཾ་ཛ་ཨ་ཀརྵ་ནི་ཨགྣེ་ཛྭ་ལ་རཾ་ཁཱ་ཧི། །ཡེ་ཤེས་མེ་ཡི་དཀྱིལ་འཁོར་དུ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་གནོད་སྦྱིན་སྐྱོང་རྣམས་ལ། །འདོད་ཡོན་ལྔ་ཡི་མེ་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་མཉེས་བཞེས་ལ། །ནད་དང་གནོད་པ་ཞི་གྱུར་ཅིག །ཤནྟིཾ་ཀུ་རུ་སྭཱ་ཧཱ། ཚེ་དབང་ལོངས་སྤྱོད་རྒྱས་གྱུར་ཅིག །པུཥྚིཾ་ཀུ་རུ་སྭཱ་ཧཱ། ལྷ་འདྲེ་མི་གསུམ་དབང་སྡུད་གྱུར། ཝ་ཤཾ་ཀུ་རུ་སྭཱ་ཧཱ། བསྟན་དགྲ་དམ་ཉམས་ཐམས་ཅད་བརླག་གྱུར་ཅིག །མ་ར་ཡ་ཕཊ། བཅོམ་ལྡན་འདས་སྒྲིབ་པ་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། རྣལ་འབྱོར་པ་བདག་ནམ་འཆི་བའི་ཚེ་ནད་ཐོག་དུ་རོ་སྙོམས་ནས་འཆི་རྐྱེན་ངན་པ་མི་འབྱུང་བའི་ཕྲིན་ལས་མཛད་དུ་གསོལ། ན་མཿ སུ་རུ་ཕུག་པ་ཡེ་ཨ་དྷི་པ་ཏི་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱི་ཧི། ལན་གསུམ།

彼等圣众以舌光之管吸入甘露后得欢喜。嗡古汝德瓦扎格讷、达嘛巴拉让盛杂、则达盛盛杂、啊噶卡讷、嗯格左拉让卡赫。

智慧火焰坛城中,上师本尊空行母,

护法夜叉善法神,供养五欲之烧施,

慈悲欢喜心纳受,祈愿病害悉消除,

兴邓故汝梭哈。

祈愿福寿权旺盛、布章故汝梭哈。

祈愿征服鬼神人、瓦香故汝梭哈。

祈愿摧毁一切佛法敌、嘛惹亚呸。

顶礼出有坏除盖障佛,祈求我等瑜伽士,临命终时,一味诸疾病,远离恶死缘。

拿嘛素如普巴耶、啊德巴谛、额当巴冷达、卡卡卡核卡核。念三遍

དྲི་ཟའི་རྒྱལ་པོ་རབ་དགའ་དང་། ཟུར་ཕུད་ལྔ་པ་དང་། ལྗོན་པ་རྟ་མགོ་ཅན་ལ་སོགས་པ་དྲི་ཟ་བའི་སྡེ་དང་རིགས་སུ་གཏོགས་པ་ཐམས་ཅད་དང་། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་སྲོག་ལྷ་བཅུ་གཉིས་ལ་སོགས་པ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ན་གནས་པ་རྣམས་དང་། བྱེ་བྲག་ཏུ་ས་ཕྱོགས་ཡུལ་ཕྱོགས་འདི་སྐོར་ལ་གནས་པའི་གཞི་བདག་གནས་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་ལེགས་དང་ལྡན་པར་མཛད་དུ་གསོལ། ཨོཾ་ཧ་ས་བྷ་དྲ་སུ་རུ་ཕུག་པ་ཡེ་སྭཱ་ཧཱ། ཨ་དྷི་པ་ཏི་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿ ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་དང་།

供养司伎乐、五髻、乾达婆王等乐神、中阴身、雪域永宁地母十二尊、十三尊神、十二生命神等千万亿世界中所有尊神,特别是此地周边一切原住山神、土地神,祈求所有世界永具安乐、幸福吉祥。

嗡哈萨巴扎、素如普巴耶梭哈,啊德巴谛额当巴冷达、卡卡卡核卡核。嗡啊噶若目康萨瓦达嘛囊、啊邓怒白拿多达、嗡啊吽呸梭哈。念三遍

拿嘛萨瓦哒它嘎哒、啊瓦罗格带、嗡桑巴惹桑巴惹吽。念三遍

མདང་ད་ནངས་ཤི་བ་དང་བསད་པའི་སྔ་ལུས་རྙིང་པ་བོར་ནས་ཕྱི་ལུས་གསར་པ་མ་རྙེད་པ། རིག་པ་གཏད་མེད་དུ་འཁྱམས་པ། ཟས་ནོར་ཆོས་གསུམ་གྱི་འབྲེལ་པ་ཡོད་པའི་སེམས་ཅན་རྣམས་ཀྱིས་ཐོག་དྲངས་བར་དོའི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །བར་དོ་ལ་བར་དོ་ཡིན་པར་ངོ་ཤེས་ནས་བར་དོ་དག་པ་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུར་མངོན་པར་རྫོགས་པ་འཚང་རྒྱ་བར་གྱུར་ཅིག །

布施给近期被杀害或自然逝世者、此身已失来身尚未得者、无依无靠意识漂泊者,与饮食、财物、佛法等结过缘的众生为主的一切中阴身众生。祈愿中阴身认得中阴身,获得清净中阴身——幻化圆满报身佛果位。

ནམ་གཞག་གཏན་གྱི་ཟས་སུ་འདི་བསྔོའོ། །ཡེ་ཤེས་གསལ་བའི་ཟས་སུ་འདི་བསྔོའོ། །

ཟག་པ་མེད་པའི་ཟས་སུ་འདི་བསྔོའོ། །བླ་མེད་བྱང་ཆུབ་ཟས་སུ་འདི་བསྔོའོ། །

བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །

ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །

སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །

དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །

ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་མདོ་ཁམས་པ་ཀརྨ་བསྟན་འཕེལ་གྱི་མཛད་པའོ། །

此乃回向日常食,此乃回向明智食,

此乃回向无漏食,此乃回向菩提食,

以我清净发心力,如来善逝舍施力,

法界一切之谛力,供养十方诸圣众,

为利一切众生故,一切所愿所求心,

种种不同世间事,所有世上无一余,

祈愿无碍得实现。

此乃多康巴·嘎玛定配造著。

古普·钦哲仁波切译。

ན་མོ་རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །

རིགས་དྲུག་འདོད་པས་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །

ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པ་དང་།

རྩོད་པ་མེད་་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །

ཕ་མ་རིགས་དྲུག་སེམས་ཅན་ལ། །ཟག་མེད་གསུར་རྫས་འདི་བསྔོས་པས། །

ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །

ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནེ་ཀཾ་ཀ་ནེ། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ནཱཉྩ་སྭཱ་ཧཱ།

དམིགས་ཡུལ་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །

ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །

འདི་བཟུང་ཚེ་རབས་ཐམས་ཅད་དུ། །མི་ལུས་རིན་ཆེན་ཐོབ་པ་དང་། །

གསང་སྔགས་རྡོ་རྗེ་ཐེག་པ་ཡི། །བླ་མ་སངས་རྒྱས་རྣམས་དང་མཇལ་བར་ཤོག །

ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་མང་བརྗོད།

拿摩

祈愿供养佛欢喜,祈愿还愿护法神,

祈愿众生皆满欲,祈愿还清冤亲债。

一切犹如虚空藏,无穷无尽具财富,

无有冲突无危害,祈愿自由自在行。

吾为六道父母众,回向无漏烟供故,

皆具福报积资粮,祈愿速证佛果位。

不动佛心咒

拿摩惹拿扎亚亚,嗡刚嘎聂刚嘎聂,若咋呢若咋呢,桌扎呢桌扎呢,扎萨呢扎萨呢,扎德哈拿扎德哈拿,萨瓦嘎嘛巴让巴惹讷麦萨瓦萨多尼咋梭哈。

所缘皆无恶趣苦,尚未苦修之众生,

亦能获得胜天身,祈愿彼等速成佛。

从此生生世世中,获得珍宝人身宝,

密宗金刚乘之尊,愿见上师诸佛陀。

嗡 嘛 呢 呗 咪 吽

尽力念诵此咒

རབ་འབྱམས་ཕྱོགས་བཅུའི་ཞིང་ན་འཚོ་ཞིང་གཞེས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་འཇིག་རྟེན་འདི་ནས་ཕ་རོལ་དུ་དུས་ལས་འདས་པ་དེ་ཉིད་ཀྱི་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམ་ཅན་ཐམས་ཅད་ལ་དགོངས་སུ་གསོལ། །དུས་གསུམ་དུ་བསགས་པ་དང་འཁོར་འདས་ཀྱི་དགེ་བའི་རྩ་བ་ཐམས་ཅད་དུས་འདས་དེ་རྣམས་ཀྱི་ཤེས་རྒྱུད་ལ་རྗེས་སུ་འཇུག་པར་གྱུརཅིག །དེའི་མཐུ་ལ་བརྟེན་ནས་སྲིད་པ་བར་དོའི་འཇིགས་སྐྲག་ངན་སོང་འཁོར་བའི་སྡུག་བསྔལ་འབྲས་བུ་རྒྱུ་དང་བཅས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །དལ་འབྱོར་གྱི་རྟེན་ལས་སྡོམ་པ་གསུམ་གྱིས་སྒོར་ཞུགས་ཏེ་རིམ་གཉིས་ཡང་དག་ངེས་པ་དོན་གྱིས་རྒྱུད་སྦྱང་མྱུར་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །

无量无边十方刹土中所住一切诸佛菩萨及学子,请垂念于离开此世界当中的逝世者为主等虚空一切有情。

祈愿三时所积轮涅一切善根随于彼等逝世者心相续。

祈愿以此之力,即除一切有中阴恐惧和恶趣轮回痛苦的因与果。

祈愿获得所依暇满人身宝、入学三律仪、净修二次第、了义净化心相续、速得无上正等正觉之果位。

古普·钦哲 仁波切译。

༄༅། །རྒྱ་གར་སྐད་དུ། ཨཱརྱ་ནཱ་གཱ་རྫུ་ན་པྲ་ཎི་དྷཱ་ན་ནཱ་མ། བོད་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱི་སྨོན་ལམ་ཞེས་བྱ་བ།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།

梵语:阿亚那咖祖呐、扎讷达呐拿嘛

汉语:圣龙树菩萨祈愿文

顶礼三宝

འཁོར་བར་འཁོར་ཚེ་སྐྱེ་གནས་ཐམས་ཅད་དུ། །ཆོས་ལ་བཟོད་པ་མ་ཐོབ་བར་དུ་ཡང་། །

ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་ཞིང་། །མཐོ་རིས་མི་ཡི་ལུས་སུ་སྐྱེ་བར་ཤོག །

永世流转轮回时,未证无生法忍间,

永不堕入三恶趣,愿生善趣得人身;

མཐོ་རིས་མི་ཡི་ལུས་སུ་སྐྱེས་ནས་ཀྱང་། །སྡིག་སྤྱོད་རྒྱལ་པོར་མ་སྐྱེ་དེ་ཡི་བློན་པོ་དང་། །

དམག་དཔོན་ཞལ་ལྕེ་གཅོད་པའི་ལུས་སུ་མ་སྐྱེ་ཞིག །ཁེ་བྱེད་ཏིལ་རྡུང་ཆང་འཚོང་རྐུན་མོ་དང་། །

བྲན་དང་མོ་ཡི་ལུས་སུ་མ་སྐྱེ་ཞིག །

已得善趣人身后,莫生暴君及大臣,

莫生将军及刑人;经商榨芝卖酒盗,

莫生奴仆及女身;

དགེ་སློང་རྣམས་ལ་དབང་བྱེད་བདག་པོ་དང་། །གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ། །

དགེ་བསྐོས་གཙང་སྦྱོར་པ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་མ་སྐྱེ་ཞིག །

主持管理诸比丘,长老官员立规者,

纠察炊事司库僧,莫生世事监管者;

མཐའ་འཁོབ་ཀླ་ཀློ་སྐྱེ་བོའི་ཡུལ་རྣམས་དང་། །གླེན་ལྐུགས་འོན་ལོང་ཕྲག་དོག་ཅན་རྣམས་དང་། །

མུ་སྟེགས་ལོག་ལྟ་བྲན་གྱི་རིགས་རྣམས་དང་། །རིགས་ངན་ཤན་པའི་ལུས་སུ་མ་སྐྱེ་ཞིག །

边地野蛮人地域,痴哑聋瞎嫉妒者,

外道邪见奴隶族,莫生恶种屠夫身;

བྱང་ཆུབ་མ་ཐོབ་བར་དུ་རྟག་པར་བདག །ལུས་ཀྱི་ཡན་ལག་རྒྱས་ཤིང་སྐྱོན་མེད་པ། །

དབང་པོ་ཚང་ཞིང་རིགས་མཐོ་བཀུར་བའི་གནས། །དམ་ཆོས་སྤྱོད་པའི་ལུས་སུ་སྐྱེ་བར་ཤོག །

未得菩提果之间,愿我体状无残缺,

诸根具足生贵族,愿生修行佛法身;

དམ་ཆོས་སྤྱོད་པའི་ལུས་སུ་སྐྱེས་ནས་ཀྱང་། །གཞོན་ནུ་རབ་བྱུང་ཚུལ་ཁྲིམས་ལྡན་པ་དང་། །

ཚེ་ལ་ནད་ཀྱི་བར་ཆད་མེད་པ་དང་། །སྐྱེས་མ་ཐག་དུ་ཆོས་ལ་འཕྲད་པར་ཤོག །

已生修法之身后,年少出家持净戒,

寿命无有疾病障,愿出生即遇佛法;

སྐྱེས་མ་ཐག་ཏུ་ཆོས་ལ་འཕྲད་ནས་ཀྱང་། །ཐོས་བསམ་སྒོམ་གསུམ་རིམ་པས་རྒྱུད་སྦྱངས་ནས། །

རྣམ་ཤེས་དྲུག་པོ་ཡུལ་ལ་མ་ཡེངས་པར། །ཏིང་འཛིན་རྩེ་གཅིག་སེམས་ལ་དབང་ཐོབ་ནས། །

ཁམས་གསུམ་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །དོན་རྣམས་དཔག་མེད་བདག་གིས་འགྲུབ་པར་ཤོག །

ཅེས་པ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ། །

出生值遇佛法后,闻思修行净相续,

六识不散外境处,获得禅定心自在,

一切三界有情之,万事愿我能成就。

此乃龙树菩萨造也

སངས་རྒྱས་བདེན་ཅིང་དམ་ཆོས་བདེན་པ་དང་། །དགེ་འདུན་བདེན་ཅིང་མཆོག་གསུམ་བདེན་པ་དང་། །བླ་མ་ཡི་དམ་མཁའ་འགྲོ་བདེན་པའི་མཐུས། །བདག་གི་སྨོན་ལམ་མཆོག་འདི་འགྲུབ་གྱུར་ཅིག །

佛陀真谛佛法谛,圣僧真谛三宝谛,

上师本尊空行谛,愿成吾之殊胜愿。

བདག་སོགས་སེམས་ཅན་ཐམས་ཅད་སྡིག་པའི་གྲོགས་པོའི་དབང་དུ་མི་འགྲོ་བར་གྱུར་ཅིག །ལོགས་པའི་བཤེས་གཉེན་གྱི་དབང་དུ་མི་འགྲོ་བར་གྱུར་ཅིག །ལམ་ལོག་པ་དང་བཏང་སྙོམས་སུ་སྐད་ཅིག་ཙམ་ཡང་མི་སྐྱེ་བར་གྱུར་ཅིག །ངན་སྤྱོད་སྡིག་པའི་ལམ་ལས་བཟློག་ནས། སངས་རྒྱས་བསྟན་པའི་ཞབས་ཏོགས་འགྲུབ་པ་གྱུར་ཅིག །

祈愿吾等一切有情不被恶友所控制;

祈愿不被邪师所控制;

祈愿一瞬间也不生起颠倒邪念和舍心;

祈愿回遮恶行罪业、并能承事佛法之事业;

ཆོས་རྒྱལ་མྱ་ངན་མེད་ལྟ་བུ་གྱུར་ཅིག །བློ་ལས་སུ་རུང་བར་གྱུར་ཅིག །སེམས་བཀོལ་དུ་གཏུབ་པ་གྱུར་ཅིག །ཆོས་མིན་གྱི་བསམ་པ་སྐད་ཅིག་ཙམ་ཡང་མི་སྐྱེ་བར་གྱུར་ཅིག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་གྱུར་ཅིག །དཀོན་མཆོག་གསུམ་གྱི་ཐུགས་རྗེས་རྗེས་སུ་ཟིན་པར་གྱུར་ཅིག །སངས་རྒྱས་བསྟན་པའི་སྒོར་ཞུགས་པར་གྱུར་ཅིག །ཐེགས་པ་ཆེན་པོའི་ཆོས་ལ་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ལ་ལོངས་སྤྱོད་པའི་སྐལ་པ་དང་ལྡན་པརགྱུར་ཅིག །

祈愿能变成如阿育王一般;

祈愿心向于善法;

祈愿能制服自心;

祈愿一瞬间也不起非法之念;

祈愿相续中生起珍宝慈悲菩提心;

祈愿三宝慈悲随摄受;

祈愿有缘进入佛门;

祈愿有缘修行大乘佛法;

祈愿有缘修持密法金刚乘;

བླ་མ་དགེ་བའི་བཤེས་གཉེན་གྱི་རྗེས་སུ་འཛིན་པར་གྱུར་ཅིག །རྟོགས་པས་བདག་གྲོལ་བར་གྱུར་ཅིག །ཐུགས་རྗེས་གཞན་གྲོལ་བར་གྱུར་ཅིག །རྟེན་འབྲེལ་ཐབས་ལ་མཁས་པར་གྱུར་ཅིག །འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག །བྱང་ཆུབ་བསྒྲུབ་པའི་ལམ་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །

祈愿上师善知识随摄受;

祈愿以悟令我得解脱;

祈愿以悲令他人解脱;

祈愿善巧方便立缘起;

祈愿一切结缘者均能获益;

祈愿即生获得大手印殊胜之成就;

祈愿消除修持菩提道上一切违缘及障碍。

གཞན་ཡང་སྐྱེ་བ་འདི་ཉིད་ལ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །

ཚེ་རིང་ནད་མེད་ཕུན་སུམ་ཚོགས། །གཏན་དུ་བདེ་བ་ཐོབ་པར་ཤོག །

བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །

དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་མཆོག་འདི་འགྲུབ་གྱུར་ཅིག །

སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་།

དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །

བདག་གཞན་ཀུན་གྱི༴ ཨེ་མ་ཧོ། ངོ་མཚར་སངས་རྒྱས༴ སོགས་བསྔོ་སྨོན་ཤིས་བརྗོད་གང་ལྕོག་བྱ།།

另于今生今世中,遣除一切违逆缘,

长寿无病财丰富,祈愿永恒得安乐。

无上上师之慈悲,诸佛菩萨及圆觉,

阿罗汉之谛加持,祈愿成就殊胜愿。

佛证三身之加持,法性不变谛加持,

僧众聚会之加持,祈愿如实愿成就。

自他众人之所积,三时善根合为一,

老母有情无一余,为证菩提而回向。

结尾念诵《极乐愿文》等祈愿文和吉祥颂

古普·钦哲仁波切译,陈润泽居士和朱红霞居士校对汉文。

主页