Skip to content

༄༅།།གསུར་མཆོད་ཚོགས་གཉིས་ཡོངས་རྫོགས། །

圆满二资粮烟供

ཀུན་དགའ་བསྟན་འཛིན་གྱིས་མཛད།

昂旺衮嘎定增 著

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

ལན་གསུམ།

诸佛正法圣僧众,直至菩提我皈依,

以我布施等功德,为利众生愿成佛。

念三遍

ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ

གསུར་རྫས་ཉེས་སྦྱངས་བྱིན་གྱིས་བརླབས། །མི་ཟད་མཆོད་པའི་སྤྲིན་དུ་གྱུར། །

རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །ཡི་དམ་དཔའ་བོ་མཁའ་འགྲོ་དང། །

དམ་ཅན་ཆོས་སྲུང་ནོར་ལྷའི་སྡེ། །སྣང་སྲིད་ལྷ་འདྲེ་ཡུལ་ལྷའི་ཚོགས། །

རིགས་དྲུག་བར་དོ་བགེགས་རིགས་བཅས། །མགྲོན་ལྔ་སྤྱན་དྲངས་བཞུགས་སུ་གསོལ། །

ཕྱི་ནང་གསང་བའི་མཆོད་པ་འབུལ། །བསྟོད་པ་དམ་པས་ཡོངས་སུ་བསྟོད།།

嗡啊吽哈伙舍

念三遍

加持净垢烟供品,变为无尽供养云,

三宝根本传承师,本尊勇士空行母,

守誓护法财神部,现有神鬼地神众,

六趣中阴魔类等,恭迎五宾祈安住,

敬献外内密供养,以胜称赞一切赞。

གསུར་མཆོད་ནི།

ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ།

ལན་བདུན་སོགས་གང་འོས་བརྗོད།

བཟའ་བཅའ་ལྷ་རྫས་རིན་ཆེན་ཚོགས། །མེ་སྦར་དྭངས་མ་བདུད་རྩིར་ཞུ། །

དྲི་བཅུད་ཕུན་སུམ་ཚོགས་པའི་གསུར། །མགྲོན་རྣམས་ཀུན་ལ་འབུལ་ལོ་བཞེས། །

ལྷག་པར་བར་མ་དོར་འཁྱམས་པའི། །ཡིད་ལུས་སེམས་ཅན་མཐའ་ཀླས་པ། །

གསུར་རྫས་དྲི་ཡིས་ཚིམ་ཞིང་ངོམ། །འདོད་ཡོན་རྒྱུན་མི་འཆད་གྱུར་ཅིག །

འཇིགས་སྐྲག་ལ་སོགས་སྡུག་བསྔལ་ཞི། །སྔོན་བསགས་མི་དགེའི་རྣམ་སྨིན་བྲལ། །

དགེ་བའི་ལས་ལམ་ཡོངས་སུ་སད། །བར་དོ་ལོངས་སྐུར་གྲོལ་བར་ཤོག །

དེ་ལྟར་གསུར་མཆོད་ཕུལ་བ་ཡིས། །དགྱེས་ཚིམ་ཡི་རང་རེ་བ་གང། །

མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །

ཀུན་ཀྱང་གནས་སྐབས་བདེ་དང་ལྡན། །མཐར་ཐུག་ལེགས་པའི་དཔལ་ཐོབ་ཤོག །

མགྲོན་རྣམས་རང་རང་གནས་སུ་གཤེགས། །དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ།།

烟供者:

拿嘛萨瓦达它嘎达、啊瓦罗格带、

嗡桑巴然桑巴然吽。

念七遍

食品天衣饰宝聚,燃火化为妙甘露,

圆满味之烟精华,供众宾客请享用;

尤其漂游中阴境,无量意成身众生,

烟味令足且满愿,愿诸妙欲无间断;

息灭恐怖等痛苦,永无昔造恶异熟,

圆满觉醒善业道,中阴愿得报身果;

如是贡献此烟供,欢喜满足诸所愿,

一切共胜诸悉地,祈请无余赐予吾;

诸众暂时具安乐,究竟愿得决定胜,

宾众回归各自地,善根回向证菩提。

དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །

བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །

བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །

བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །

三世诸佛咸称赞,如是回向最殊胜,

我亦普以此善根,回向为令依贤行。

ཅེས་ཀུན་དགའ་བསྟན་འཛིན་གྱིས་མཛད་པ་དགེའོ།།

此乃昂旺衮嘎定增造也。善哉!

དཔལ་ལྡན་འབྲུག་པའི་ལོ་ཙཱ་གཞུང་ལས་ཁང་གིས་བསྒྱུར་བསྒྲིགས་བྱས།

竹巴噶举译经办公室编译

主页