Skip to content

༄༅། །འཇམ་དབྱངས་དམར་སེར་གྱི་བསྟོད་སྒྲུབ་བཞུགས་སོ།།

黄文殊师利菩萨赞修

ན་མོ་མཉྫུ་ཤྲཱི་ཡེ། སྐྱབས་སེམས་སྔོན་དུ་འགྲོ་བས་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ་སྔོན་བཏང༌།

南无文殊师利菩萨!先念三遍皈依、发心,及《普贤行愿品》七支供。

ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ།བརྗོད།

嗡 所巴瓦秀大 沙瓦达玛 所巴哇秀多沆

སྟོང་པའི་ངང་ལས་པད་ཟླའི་སྟེང༌། །འཁོར་ལོ་དམར་སེར་རྩིབས་ལྔ་པའི། །

ལྟེ་བར་དྷཱིཿདང་རྩིབས་རྣམས་ལ། །ཨ་ར་པ་ཙ་ན་ཡིས་མཚན། །

ཡོངས་གྱུར་རང་ཉིད་འཇམ་པའི་དབྱངས། །དམར་སེར་གུར་གུམ་གཞོན་ནུའི་མདོག །

ཕྱག་གཡས་རལ་གྲི་ནམ་མཁར་འཕྱར། །གཡོན་པ་ཐུགས་ཀར་གླེགས་བམ་འཛིན། །

དར་དང་རིན་ཆེན་རྒྱན་གྱིས་སྤྲས། །གཞོན་ཚུལ་ཟུར་ཕུད་ལྔ་པ་ཅན། །

རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དཔག་མེད་འོད་ཟེར་འཕྲོ་བའི་སྐུ། །

ཐུགས་ཀར་འཁོར་ལོ་ཡིག་འབྲུས་མཚན། །མདུན་གྱི་ནམ་མཁར་འཇམ་པའི་དབྱངས། །

རང་འདྲའི་ཐུགས་ཀར་དྷཱིཿཡིས་བརྒྱན། །གཉིས་ཀའི་གནས་གསུམ་འབྲུ་གསུམ་མཚན། །

ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །བདག་མདུན་སོ་སོར་ཐིམ་པར་གྱུར། །

空性境中莲月上,红黄颜色五辐轮,

中央谛字其五辐,阿惹巴扎那表征,

悉成自我文殊尊,身如初绽藏红花,

右手高举慧宝剑,左手心间持经函,

锦缎珍宝饰庄严,五髻童子妙龄相,

金刚跏趺安然坐,大放无量光芒身,

心间法轮字表征,前方空中文殊尊,

如自心间谛字严,二者三处三字显,

迎请智慧之菩萨,融入自生对生中。

བཛྲ་ས་མཱ་ཛཿཧཱུཾ་བཾ་ཧོཿ

拜杂 萨嘛 咋吽谤伙

ཐུགས་ཀའི་ས་བོན་ལས་འོད་འཕྲོས། །འཕགས་མཆོད་དོན་བྱས་རང་ལ་ཐིམ། །

ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །དགྱེས་པ་ཡོངས་སུ་བསྐྱེད་གྱུར་ཅིག །

心间种字发光芒,供圣利众入于己,

普贤菩萨之云供,祈请一切令欢喜。

ཨོཾ་མཉྫུ་ཤྲཱི་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤཔྟའི་བར་དུ་མཆོད།

嗡 文殊师利 阿刚扎德擦 唆哈;嗡 文殊师利 巴当扎德擦 唆哈;嗡 文殊师利 布白扎德擦 唆哈;嗡 文殊师利 都白扎德擦 唆哈;嗡 文殊师利 阿洛格扎德擦 唆哈;嗡 文殊师利 更德扎德擦 唆哈; 嗡 文殊师利 奈微德扎德擦 唆哈;嗡 文殊师利 下达扎德擦 唆哈。依次供养

རང་གི་ཐུགས་ལས་འོད་འཕྲོས་པའི། །རྩེ་མོར་མཆོད་སྤྲིན་མཐའ་ཡས་པས། །

མདུན་གྱི་ནམ་མཁའི་འཇམ་དབྱངས་ལ། །མཆོད་ཅིང་གསོལ་བ་འདེབས་པར་གྱུར། །

自心心间放光芒,光端无量之云供,

供养祈祷于前方,虚空之中文殊尊。

ཅེས་དམིགས་པ་གསལ་བཏབ་ལ།

如此明观

གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །བདེན་གཉིས་དོན་རྣམས་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌། །འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །

妙慧遣除二障云,清净极明如日光,

如实见尽一切义,故持经函于心间,

任谁堕入轮回狱,无明暗钝苦所逼,

悲悯众生如独子,语具六十妙法音,

如雷震醒烦恼眠,解脱业力链锁缚,

消除无明众苦苗,皆斩尽故持慧剑,

本净究竟证十地,功德圆成佛首子,

百十二相好庄严,除我心昧礼文殊。

ཅེས་ཚར་ཉེར་གཅིག་གིས་ཉུང་མཐའ་བྱས་ཅི་མང་དུ་བརྗོད་མཐར་ཡིད་ཀྱིས་གསོལ་བ་དྲག་ཏུ་བཏབ་རྗེས། མདུན།

如此至少念诵二十一遍,之后从内心深处强烈祈祷。

之后观想并念诵:

འཇམ་དབྱངས་འོད་ཞུ་རང་ཉིད་ཀྱང༌། །འཇམ་དབྱངས་དངོས་གྱུར་ཐུགས་ཀ་ཡི། །

འཁོར་ལོ་དྲག་ཏུ་འཁོར་བ་ལས། །མི་ཤེས་མུན་པ་ཀུན་བསལ་ནས། །

ཡེ་ཤེས་སྣང་བ་རྒྱས་པར་གྱུར། །ཨ་ར་པ་ཙ་ན་དྷཱིཿ

文殊化光入于己,自成文殊其心间,

法轮速转功德力,消除一切无明暗,

增长智慧大光明, 阿惹 巴扎 那谛。

༼ ཨོཾ་ཨ་ར་པ་ཙ་ན་དྷཱིཿ ༽

(嗡阿惹巴扎那谛)

ཞེས་བརྒྱ་རྩ་སོགས་ཀྱི་མཐར་བརྟེན་པ་ཅི་མང་བཟླ། མཐར།

如此咒语念诵一百零八遍或更多,之后观想并念诵:

རང་ཉིད་ལྷ་སྐུ་མི་དམིགས་ངང༌། །སླར་ཡང་སྐད་ཅིག་འཇའ་ལྟར་བཀྲ། །

དགེ་བས་སེམས་ཅན་མ་ལུས་པ། །འཇམ་མགོན་ཡེ་ཤེས་སྐུ་ཐོབ་ཤོག །

无缘镜中自佛身,刹那重现宛如虹。

以此善根一切众,愿得文殊智慧身。

ཅེས་དགེ་བ་བསྔོ་བར་བྱའོ། །ཅེས་འཇམ་དབྱངས་དཔལ་ཡོན་ཏན་ཡེ་ཤེས་བཟང་པོའི་བསྟོད་སྒྲུབ་ཀྱི་རྒྱུན་ཁྱེར་ཉུང་ངུ་འདི་ནི་ལྕགས་འབྲུག་དྲེའུ་ལྷས་ཀྱི་འདུས་ཡོངས་ལ་འོད་ཟེར་དགུ་ཕྲུགས་ཀྱི་བྱིན་རླབས་དང་བསྟོད་སྒྲུབ་ཀྱི་ལུང་ཕུལ་སྐབས་བྱང་འདྲེན་བསྟན་རབ་དང་ཐུབ་བསྟན་བློ་འཕེལ་གྱིས་བསྐུལ་ངོར་རྒྱལ་ཁམས་པ་ཀུན་དགའ་མི་འགྱུར་རྡོ་རྗེས་ཤར་མར་བྲིས་པའོ།། །།

如此回向善根。此《简略文殊师利菩萨赞修法》,于铁龙年在支悟赖前,对大众作九轮光芒加持、并口传赞修法之际,应领诵惹定、图定罗培二人祈请,由游方行者衮嘎米久多杰随即撰成。古普·钦哲仁波切译。

主页