Appearance
Appearance
༈ འཇམ་དཔལ་དབྱངས་ཀྱི་བསྟོད་བསྐུལ།
རྒྱལ་ཀུན་མཁྱེན་པའི་ཆུ་གཏེར་ལས་ཐོན་པའི། །བརྩེ་ཆེན་ས་བཅུའི་རྩེར་སོན་ནམ་མཁའི་མགོན། །
བསྐལ་བཟང་བློ་གྲོས་པདྨོའི་གཉེན་དམ་པར། །བྱང་ཆུབ་བར་དུ་སྐྱོངས་ཤིག་འཇམ་པའི་དབྱངས། །
来自诸佛智海藏,已证大悲十地怙,
缘者慧莲善知识,文殊摄我至菩提。
བརྒྱད་ཁྲི་བཞི་སྟོང་ཐོས་པའི་རྩ་བ་བརྟན། །ཇི་ལྟ་ཇི་སྙེད་བསམ་པའི་ཁོ་ལག་རྫོགས། །
སྒོམ་བྱུང་ས་བཅུའི་སྤང་རྟོགས་འབྲས་སྨིན་པའི། །ཡོངས་འདུའི་དབང་པོར་སྒྲུབས་ཤིག་འཇམ་པའི་དབྱངས། །
八万四千闻根固,如尽所有思枝满,
修所十地断证熟,文殊令我证菩提。
དད་པའི་ཡིད་མཚོ་མོས་པའི་པད་མོས་མཛེས། །གུས་པའི་ངང་མོས་གདུང་ཤུགས་མགྲིན་པའི་རྔ། །
རྟག་པར་སྒྲོག་ལ་མགོན་ཁྱོད་ཐུགས་རྗེའི་སྤྱན། །གཟིགས་ལ་ལེ་ལོ་མ་མཛད་འཇམ་པའི་དབྱངས། །
虔诚湖泊信莲严,恭敬祈请雌鹅鸣,
怙主汝以大悲眼,文殊观我莫怠忘。
ཞེས་བསྟོད་ཅིང་ཕུར་ཚུགས་གསོལ་བ་འདེབས་པར་ནན་ཏན་དུ་འབད་མཐར།
如此赞颂并专心精进祈祷,之后念:
འདི་བཟུང་བྱང་ཆུབ་སྙིང་པོ་དེ་ཚུན་དུ། །བླ་མ་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་ནས། །
རྒྱལ་སྲས་སྤྱོད་པ་རྒྱ་མཚོར་ལེགས་སྤྱོད་ཅིང༌། །མཐའ་ཡས་འགྲོ་བ་འདྲེན་པའི་དཔལ་དུ་ཤོག །
从今乃至菩提果,文殊上师随摄受,
行持佛子如海行,愿我广度无边众。
དྲི་མེད་གཞུང་ལུགས་ཐོས་བསམ་སྒོམ་པའི་མཚོ། །རྩོད་འཆད་རྩོམ་པའི་ཆར་གྱིས་གོང་སྤེལ་ཞིང༌། །
བཤད་སྒྲུབ་ལུང་རྟོགས་བློ་གྲོས་པདྨོའི་ཚལ། །རྒྱས་བྱེད་སྨྲ་བའི་ཉིན་མོར་བདག་འགྱུར་ཤོག །
经论闻思修之海,讲辩著雨令日增,
修讲教证慧繁花,愿我成为能增者。
ཇི་སྙེད་ཤེས་བྱའི་གནས་ལུགས་ཇི་ལྟ་བར། །མངོན་བྱེད་སྤོབས་པའི་གཏེར་བརྒྱད་ཡོངས་གྲོལ་ནས། །
ས་བཅུའི་སྤངས་རྟོགས་མཐར་ཕྱིན་འཇམ་པའི་དབྱངས། །མི་ཕྱེད་ཡེ་ཤེས་སྐུ་མཆོག་ཐོབ་པར་ཤོག །
一切所学如实义,通达八辩才尽显,
十地断证满文殊,愿证不变智慧身。
དཔལ་འཁྲུལ་ཞིག་པ་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོས་མཛད་པའོ།།
持修巴·图多慈成定增嘉措(阿德仁波切) 造。
古普·钦哲仁波切 译。