Skip to content

༈ དོན་བརྒྱུད་འབྲུག་པའི་འཕྲལ་དགོས་ཆོས་བཞི་ལས་གསུམ་པ་ཚེ་དཔག་མེད་ཚེ་སྲིང་བའི་ཆོས་ནི།༄༅། །ཚེ་དཔག་མེད་ཀྱི་སྒྲུབ་ཐབས་མདོར་བསྡུས་བཞུགས་སོ།།

义传竹巴传承四部急需实修法之三

——无量寿佛修长寿法

无量寿佛之简易修法

སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །

རང་གཞན་དོན་གཉིས་རབ་སྒྲུབ་པའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །

ལན་གསུམ།

诸佛正法圣僧众,直至菩提我皈依,

为成自他二利故,即发殊胜菩提心。

念三遍

བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས་ཏེ།

自生起

嗡 所巴瓦 秀大 沙瓦 大马 所巴哇 秀多沆

以此而净

རང་གི་ཕུང་ཁམས་སྐྱེ་མཆེད་རྣམས། །མི་དམིགས་སྟོང་པའི་ངང་ཉིད་ལས། །

ཆུ་སྐྱེས་འདབ་བརྒྱད་གེ་སར་དབུས། །བསིལ་ཟེར་བྱེད་པའི་དཀྱིལ་འཁོར་སྟེང། །

吾之五蕴和六处,无缘空性境之中,

八瓣莲花蕊心上,明月坛城之中央,

ཧྲཱིཿ ཡིག་ཚེག་དྲག་ལྡན་པ་ལས། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །

འཕགས་པ་མཆོད་པས་མཉེས་བྱས་ཤིང༌། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །

观想舍字与符号,彼处发光照十方,

供养圣者得欢喜,三界一切有情之,

དུས་མིན་འཆི་བའི་འཇིགས་བསལ་ནས། །ཚུར་འདུས་ཧྲཱིཿ ལ་ཐིམ་པ་ལས། །

རང་ཉིད་མགོན་པོ་ཚེ་དཔག་མེད། །བྱི་རུའི་རི་བོ་ལྟར་དམར་བ། །

遣除非时死畏惧,后而回光入舍字,

自观怙主无量寿,身红宛如珊瑚山,

ཞི་ཞིང་འཛུམ་པའི་ཉམས་ལྡན་ཞིང༌། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །

ཕྱག་གཉིས་མཉམ་བཞག་ཕྱག་རྒྱའི་སྟེང༌། །འཆི་མེད་ཚེ་ཡི་བུམ་པ་འཛིན། །

寂静微笑之姿势,双足金刚跏趺坐,

双手禅定印之上,持拿无死长寿瓶,

དར་དང་རིན་ཆེན་རྒྱན་གྱིས་བཀླུབས། །ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན། །

འོད་ཟེར་འབར་བའི་ཀློང་ན་བཞུགས། །གནས་གསུམ་ཨོཾ་ཨཱཿ ཧཱུཾ་གིས་མཚན། །

绸缎珍宝饰装束,身着报身佛服饰,

住于光辉炽燃中,三处嗡啊吽字标,

ཐུགས་ཀའི་ཆ་སྨད་ཧྲཱིཿ ཡིག་ལས། །འོད་འཕྲོས་དག་པའི་ཞིང་ཁམས་ནས། །

ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས། །མདུན་གྱི་ནམ་མཁར་བྱོན་པར་གྱུར། །

ཡེ་ཤེས་འཁོར་ལོ་དམ་ཚིག་དང༌། །ཛཿ ཧཱུཾ་བཾ་ཧོཿ ས་གཉིས་མེད་གྱུར། །

心间下部之舍字,发光清净刹土中,

智慧萨垛之圣众,迎请前方虚空中,

智慧轮与誓言者,咋吽班伙成不二。

སླར་ཡང་སྙིང་གའི་འོད་ཟེར་གྱིས། །དབང་ལྷ་བདེ་གཤེགས་རིགས་ལྔ་ཡིས། །

བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །རིགས་བདག་འོད་དཔག་མེད་པས་མཚན། །

又以心间之光芒,灌佛善逝五方佛,

甘露流之灌顶故,部主无量光庄严。

ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱཱ། ཤཔྟས་མཆོད།

嗡阿刚扎德擦唆哈;嗡巴当扎德擦唆哈;嗡布白扎德擦唆哈;嗡都白扎德擦唆哈;嗡阿洛格扎德擦唆哈;嗡更德扎德擦唆哈; 嗡纳微德扎德擦唆哈;嗡下达扎德擦唆哈。

以此进行供养

འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཅེས་སོགས་ཀྱིས་བསྟོད།

世间导师无量寿,遣除一切非时死,

一切苦难众生怙,顶礼佛陀无量寿。

以此进行赞颂

ཐུགས་ཀའི་སྔགས་འཕྲེང་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་བསྲིངས། བསོད་ནམས་བསྐྱེད། ནུས་པ་ཐམས་ཅད་བསྡུས་ཏེ། སྙིང་གའི་སྔགས་འཕྲེང་ལ་ཐིམ་པར་གྱུར།

心间咒轮发光,延长一切有情之寿命、增长福报,在摄受一切威力后,融入心间咒轮中。

ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླ་ཞིང༌། ཚེའི་གཟུངས་རིང་ཡང་བཟླ།

嗡阿玛 呥讷 则弯 德耶唆哈

尽力念诵心咒,也念诵无量寿佛长咒

དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས།།

སོགས་དགེ་བ་བསྔོ་ཞིང་སྨོན་ལམ་བརྗོད་དོ། །

我今速以此善根,成就怙主无量寿,

令诸众生无一余,愿皆安置于彼地。

以此进行发愿和回向

ཡབ་རྗེ་བསྟན་པའི་ཉི་མའི་གསུང་ལ་ཀུན་མཁྱེན་གྱི་གཞུང་སོགས་ཀྱིས་ཁ་བསྐངས་ཏེ་རང་བཟོས་མ་བསླད་པར་བསྡེབས་པའོ།།

此《无量寿佛之简易修法》乃遵父丹悲尼玛之言教为基础、遍智·白玛嘎波论著为补充而编著。

古普·钦哲仁波切译,陈润泽居士和朱红霞居士校对汉文。

主页