Appearance
Appearance
༄༅། །བདེ་ཆེན་ཞིང་གི་སྒྲུབ་ཐབས་ཉུང་ངུ་བྱང་ཆུབ་གསེང་ལམ་བཞུགས།།
菩提捷径之道
ན་མོ་གུ་རུ་ཨ་མི་ཏ་བྷ་ཡེ།
南摩古如阿弥达巴耶!
འདིར་མགོན་པོ་འོད་དཔག་ཏུ་མེད་པའི་མཚན་ནས་བཟུང་ཞིང་རང་གཞན་གཏན་དུ་ཞི་བདེ་མངོན་པར་བྱེད་འདོད་པས།
在此持念怙主无量光佛名号,自他求证究竟圆满的佛果。
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །
བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
诸佛正法圣僧众,直至菩提我皈依,
以我布施等功德,为利众生愿成佛。
ཅེས་སྐྱབས་འགྲོས་རྒྱུད་སྣོད་རུང་དུ་བསྒྲུབ་ཅིང་སེམས་བསྐྱེད་རྣམ་པར་དག་པས་རྒྱུད་སྦྱངས་ནས།
如此皈依,将自相续修成法器。以清净之发心,将净化心相续。
ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །
ལག་མཐིལ་ལྟར་མཉམ་བཻཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །
普愿大地咸清净,无诸砂砾等杂物,
平正均齐如掌心,柔软滑顺琉璃性。
ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་ར་ཎ་བི་ཤྭ་དྷ་ན་བཛྲེ་སྭཱ་ཧཱ།
拿摩惹呐扎雅雅,嗡拿摩吧嘎瓦代 拜杂萨让扎玛达哪,达它噶达亚,啊哈代 桑娘桑布达亚,带呀塔,嗡白再白再玛哈白再,玛哈代左白再,玛哈比亚白再,玛哈波德字达白再,玛哈波德民照巴桑扎玛拿白再萨瓦尕玛阿让拿 悲肖大拿白再唆哈。
ཞེས་མཆོད་སྤྲིན་གཟུངས་ལན་གསུམ་བརྗོད་པས་དངོས་ཡིད་ཀྱི་མཆོད་པ་རྣམས་མང་དུ་སྤེལ་ནས།
如此供云咒念三遍,并奉献诸多供品及意识之供养。
ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ།
嗡玛哈 秀涅达 加拿拜杂 索巴哇 哎玛根沆!
གཉིས་བསྡུས་ཆོས་ཀུན་མི་དམིགས་སྟོང་ཉིད་དབྱིངས། །སྙིང་རྗེའི་མདངས་ལས་རང་སེམས་ཧྲཱིཿཡིག་དཀར། །
ཡོངས་གྱུར་འགྲོ་འདུལ་འཕགས་མཆོག་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་བཞི་རྒྱན་དང་ཆ་ལུགས་རྫོགས། །
མདུན་མཁར་རྣམ་དག་ཞིང་མཆོག་བདེ་བ་ཅན། །གསེར་གཞི་རིན་ཆེན་རི་དང་སྐྱེད་མོས་ཚལ། །
འབབ་ཆུ་མཚོ་རྫིང་ནེའུ་གསིང་པདྨོས་མཛེས། །སྤྲུལ་པའི་བྱ་དང་ཁང་བཟང་འདོད་ཡོན་ཚོགས། །
ངོ་མཚར་ཡོན་ཏན་བཀོད་པ་ཕུལ་ཕྱིན་དབུས། །བྱང་ཆུབ་ཤིང་དབང་རབ་ཏུ་རྒྱས་པའི་དྲུང༌། །
རྨ་བྱའི་ཁྲི་དང་པད་ཟླའི་གདན་གྱི་སྟེང༌། །ཧྲཱིཿཡིག་འོད་ཀྱིས་དོན་གཉིས་བྱས་པ་ལས། །
བཅོམ་ལྡན་བདེ་གཤེགས་མགོན་པོ་འོད་དཔག་མེད། །པདྨ་རཱ་གའི་མདངས་འཚེར་མཚན་དཔེ་རྫོགས། །
ཏིང་འཛིན་ཕྱག་རྒྱས་བཻཌཱུའི་ལྷུང་བཟེད་འཛིན། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་གིས། །
ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པར་གསལ། །གཡས་སུ་སྤྱན་གཟིགས་དཀར་པོ་པདྨ་དང༌། །
གཡོན་དུ་གསང་བདག་སྔོན་པོ་རྡོ་རྗེ་འཛིན། །གཉིས་ཀའང་གཡས་པས་སྐྱབས་སྦྱིན་ཞི་འཛུམ་མདངས། །
དར་དང་རིན་ཆེན་རྒྱན་སྤྲས་པད་ཟླར་བཞེངས། །ཕྱོགས་མཚམས་ཁྱོན་ཡངས་སངས་རྒྱས་བྱང་ཆུབ་སེམས། །
ཉན་ཐོས་དགྲ་བཅོམ་དགེ་འདུན་འཕགས་པའི་ཚོགས། །གྲངས་མེད་བསམ་མི་ཁྱབ་པའི་འཁོར་གྱིས་བསྐོར། །
ཀུན་ཀྱང་གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན། །གཙོ་བོའི་ཐུགས་སྲོག་འོད་ཟེར་འཕྲོས་པ་ཡིས། །
ནུབ་ཕྱོགས་བདེ་ཆེན་ཆོས་སྐུའི་ཞིང་མཆོག་ནས། །ཡེ་ཤེས་སེམས་དཔའི་ཚོགས་ཀུན་སྤྱན་དྲངས་གྱུར།།
二摄诸法无缘空性界,大悲之力自心白舍字,
舍字圆成大悲观世音,一面四臂装饰均圆满,
前方空观清净极乐刹,黄金大地珠宝山花园,
河流湖泊草地盛鲜花,化身鸟儿宫殿等妙欲,
奇妙功德圆满之中央,菩提大树极其茂盛前,
孔雀宝座莲花月垫上,舍字发光成办二事业,
无量光佛薄伽梵善逝,身发映红之光满相好,
禅定之印手持琉璃钵,身着三衣金刚跏趺坐,
雄姿灿烂闪烁而安坐,右边白色观音持莲花,
左边蓝色密主持金刚,两者右手救济印微笑,
绸缎珠宝装饰莲月站,周围四隅诸佛大菩萨,
声闻圆觉罗汉圣僧众,无量无边圣者所围绕,
圣众三处金刚三字相,主尊心间种子字发光,
西方极乐法身世界中,智慧萨垛圣众此迎请。
ཅེས་གསལ་བཏབ་ལ།
如此观想。
སྤོས་བཏུལ་ཞིང་དབྱངས་སྙན་པོས།
此时巡香,并以悦耳的声音念诵:
མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །
དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །
བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམས་སྦྱངས་ཤིང༌། །
སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །
དེ་ཕྱིར་ཆོས་དབྱིངས་ལྷུན་གྲུབ་ཕོ་བྲང་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང། །
མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བྱའི་ཕྱིར། །ཡོངས་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ།།
无余有情众生依怙主,摧毁魔军聚众凶猛尊,
无余真实正等了知者,师尊偕眷此地请降临。
薄伽梵于无量劫当中,为利有情慈悲净二障,
圆满完成广大之誓愿,此时度化众生尊所愿。
故于法界任运宫殿中,显现种种神变与加持,
为度无量无边有情众,清净眷等此地请降临。
ཞེས་པས་སྤྱན་དྲངས་ལ།
如此祈请降临。
མགོན་པོ་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །
བདག་གི་མཆོད་ཡོན་བཞེས་སླད་དུ། །ཇི་སྲིད་དུ་ནི་བཞུགས་སུ་གསོལ།།
怙主此次降为妙,吾等具备福德缘,
为纳吾等所供物,祈请常住于此地。
ཞེས་པས་བཞུགས་སུ་གསོལ་ཞིང༌།
如此祈请常住世间。
སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །
བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །
八瓣莲花蕊,遍满三千界,
平坦献供养,随意请纳受。
ཅེས་གདན་ཕུལ་ལ།
如此供养坐垫。
ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །
ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ།
如佛降生时,九龙水灌浴,
清净九龙水,如是我灌浴。
嗡 萨瓦达它噶达 阿悲肯尕代 萨玛雅 西日耶哄!
ཞེས་པས་ཁྲུས་གསོལ་ནས།
以此进行灌浴。
མཎྜལ་རྒྱས་བསྡུས་གང་ལྕོགས་དང༌།
于是供养曼扎罗,长短随意。
ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །
བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །
བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །
ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །
རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །
དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །
དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །
རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །
མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །
མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །
ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང༌། །
བཀོད་པ་ཁྱད་པར་འཕགས་པ་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །
མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །
བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །
འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །
སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །
ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །
འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །
གང་ན་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །
མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །
མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །
བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །
ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།།
所有十方世界中,三世一切人师子,
我以清净身语意,一切遍礼尽无余。
普贤行愿威神力,普现一切如来前,
一身复现刹尘身,一一遍礼刹尘佛。
于一尘中尘数佛,各处菩萨众会中,
无尽法界尘亦然,深信诸佛皆充满。
各以一切音声海,普出无尽妙言辞,
尽诵诸佛之功德,一切善逝我皆赞。
以诸最胜妙华鬘,伎乐涂香及伞盖,
末香烧香与灯烛,我以供养诸如来。
最胜衣服最胜香,一一皆如妙高聚,
如是最胜庄严具,我悉供养诸如来。
我以广大胜解心,深信一切三世佛,
悉以普贤行愿力,普遍供养诸如来。
我昔所造诸恶业,皆由无始贪嗔痴,
从身语意之所生,一切我今皆忏悔。
十方一切诸众生,二乘有学及无学,
一切如来与菩萨,所有功德皆随喜。
十方所有世间灯,最初成就菩提者,
我今一切皆劝请,转于无上妙法轮。
诸佛若欲示涅槃,利乐一切诸众生,
唯愿久住刹尘劫,我悉至诚而劝请。
所有礼赞供养佛,请佛住世转法轮,
随喜忏悔诸善根,回向众生及佛道。
ཞེས་ཡན་ལག་བདུན་པ་ཕུལ་ལ།
如此供养七支供。
ཐལ་མོ་སྦྱར་ཞིང་དད་མོས་རྩེ་གཅིག་པས།
于是双手合掌,并以恭敬心念诵:
བཅོམ་ལྡན་མགོན་པོ་བདེ་གཤེགས་འོད་དཔག་མེད། །སངས་རྒྱས་སྲས་བཅས་མ་ལུས་དགོངས་སུ་གསོལ། །
དེང་འདིར་བདག་གིས་བསམ་སྦྱོར་རྣམ་དག་པས། །སངས་རྒྱས་མཚན་ནས་བཟུང་ཞིང་གསོལ་འདེབས་ན། །
གྲངས་མེད་གོང་ནས་ཐུགས་བསྐྱེད་དམ་བཅས་པའི། །བདེན་ཚིག་ཇི་བཞིན་བདག་དང་མཐའ་ཡས་འགྲོ། །
སྒྲིབ་གཉིས་དག་ཅིང་ས་ལམ་མཐར་ཕྱིན་ནས། །རྣམ་དག་ཞིང་དུ་ཕྱིར་མི་ལྡོག་པ་རུ། །
ཐུགས་རྗེས་ཟུངས་ཤིག་བླ་མ་འོད་དཔག་མེད། །ལམ་སྣ་དྲོངས་ཤིག་རྒྱལ་སྲས་སེམས་དཔའི་ཚོགས། །
བྱིན་གྱིས་རློབས་ཤིག་དགྲ་བཅོམ་འཕགས་པའི་ཚོགས། །བླ་མེད་བྱང་ཆུབ་མཆོག་བརྙེས་མཛད་དུ་གསོལ།
师尊怙主善逝无量光,无余诸佛菩萨垂念我,
此次我以清净心之行,持念佛号恭敬心祈祷。
无量劫前发心所立誓,如同谛言我与一切众,
清净二障地道皆圆满,往生极乐世界不退地。
慈悲观照上师无量光,祈求引路菩萨摩诃萨,
祈求加持阿罗汉圣众,祈愿获得无上胜菩提。
ཅེས་བརྗོད་ཅིང་སངས་རྒྱས་ཀྱི་ཞིང་དང་སྐུའི་ཡོན་ཏན་ལ་མོས་པ་བརྟན་པོས།
对佛的世界和佛本身的功德,建立坚定的信心。
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ།།
顶礼、供养、皈依,出有坏、善逝、应供、圆满正等觉怙主无量光。
ཞེས་བརྒྱ་སྟོང་ནས་དུང་ཕྱུར་སོགས་ཀྱི་གྲངས་གང་ནུས་བསགས་ཅིང༌། དེས་སྐྱོ་ན།
尽力持念从一百至一亿遍之间。若生起闷倦,念诵:
གཙོ་བོའི་ཐུགས་ཀར་ཟླ་སྟེང་ཧྲཱིཿསྔགས་ལས། །
འཕྲོ་འདུའི་འོད་ཀྱིས་རྒྱལ་མཆོད་བྱིན་རླབས་བསྡུས། །
བདག་དང་དམིགས་ཡུལ་འགྲོ་བའི་ལས་ཉོན་སྦྱངས། །
ཀུན་ཀྱང་བདེ་གཤེགས་གོ་འཕང་ཐོབ་པར་བསམ། །
主尊心间月上舍字中,发光回射供佛受加持,
清净我与有情业烦恼,心想悉皆获得善逝果。
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
嗡 阿弥 德瓦 舍!
ཅི་ནུས་བཟླས་མཐར།
尽力持念无量光佛心咒。
བཟང་པོ་སྤྱོད་པ་སོགས་བཀའ་གཏེར་ལས་བྱུང་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་བདེ་ཆེན་ཞིང་དུ་སྐྱེ་བའི་སྨོན་ལམ་རྒྱས་བསྡུས་ཀྱི་རིགས་གང་ལྕོགས་ལ་འབད།
之后精进念诵具有加持的《普贤行愿品》等经藏和伏藏中的各种极乐愿文。
དེ་ནས་བསྡུ་རིམ་ནི།
次第结束文
བདེ་གཤེགས་སྣང་མཐའི་ཐུགས་འོད་འཁོར་འདས་ཁྱབ། །ཁམས་གསུམ་འགྲོ་ཀུན་བདག་གི་ལུས་ལ་ཐིམ། །
བདག་ཉིད་སེམས་དཔའ་སྣང་མཐའི་ཐུགས་དང་འདྲེས། །དེ་ཡང་མི་དམིགས་འོད་གསལ་ཀློང་དུ་བཞག།
无量光佛心光遍轮涅,三界有情融入自身中,
自己融入无量光心间,彼等放于无缘光明境。
དགེ་བ་བསྔོ་བ་ནི།
善根回向
འདི་ལྟར་བསྒྲུབས་པའི་ལེགས་བྱས་བསོད་ནམས་ཚོགས། །མར་གྱུར་འགྲོ་བའི་རྒྱུད་ལ་ཡོངས་སྨིན་མཐུས། །
གནས་སྐབས་མཐོ་རིས་ཡོན་ཏན་དཔལ་ཐོབ་ཅིང༌། །མཐར་ཐུག་བདེ་ཆེན་ཞིང་དུ་སངས་རྒྱས་ཤོག།
如是修善福德资粮故,老母有情相续均成熟,
愿得暂时增上生功德,愿得究竟净土中成佛。
ཤིས་པ་བརྗོད་པ་ནི།
吉祥颂
ཧྲཱིཿ འོད་གསལ་སོ་སོར་རྟོགས་པའི་ཡེ་ཤེས་རྩལ། །རང་བྱུང་མཉམ་ཉིད་ཀུན་མཁྱེན་བདེ་བར་གཤེགས། །
སྲས་བཅས་རྒྱལ་བའི་བཀྲ་ཤིས་གང་ལགས་པ། །དེང་འདིར་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།
舍!光明妙观察智之所力,自然平等遍智善逝尊,
佛与佛子一切之吉祥,祈愿此处吉祥自成就。
དེ་ལྟར་བདེ་ཆེན་ཞིང་གི་མགོན་པོའི་མཚན་ནས་བརྗོད་ཅིང་བསྙེན་པའི་ཐབས་ཚུལ་ཉུང་ངུ་འདི་ལྟར་བྲི་བར་བྱོས་ཞེས། དཔལ་ལྡན་ཇོ་ནང་པའི་བསྟན་པའི་སྒྲོན་མེ་དམ་པ་བླ་མ་བཤད་སྒྲུབ་དཔལ་བཟང་གིས་གསུང་བསྐུལ་ནན་ཆེར་གནང་བ་མ་ལྡོག་ཙམ་དུ་འཁྲུལ་ཞིག་བརྒྱད་མིང་ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོས་བྲིས་ཏེ་ཕུལ་བའི་དགེ་བས་འགྲོ་ཀུན་མགོན་པོ་འོད་མི་འགྱུར་བའི་དགོངས་ཀློང་དུ་མངོན་བྱང་ཆུབ་པའི་རྒྱུར་གྱུར་ཅིག། །།
此持念佛号之简易修法,因觉囊派殊胜上师,西珠巴松喇嘛之请求,由第八世持修巴·昂旺土多慈诚丁增加措(阿德仁波切)著作。以此善根为因,愿一切众生于怙主无量光心间获得无上菩提。
由尊贵的金刚师弟,乔嘎仁波切所推荐,古普·钦哲仁波切编译。