Appearance
Appearance
༄༅། །གཏོར་མ་བརྒྱ་རྩའི་ལག་ལེན་འདོད་དགུའི་དཔལ་གཏེར་ཞེས་བྱ་བ་བཞུགས་སོ།།
所欲吉祥藏
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། རྟེན་གྱི་གང་ཟག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་དག་གི་ཚོགས་གཉིས་སྤེལ་བའི་འཇུག་སྒོར། གང་ལ་སྦྱིན་པ་རྣམ་བཞིའི་དོན་བདེ་བླག་ཏུ་ཚང་བ་བསིལ་གཏོར་བརྒྱ་རྩའི་ལག་ལེན་ལ་འབད་པར་བྱ་སྟེ། གཏོར་སྣོད་སྟེགས་བཅས། ཆུ་བུམ། འབྲུའམ། མེ་ཏོག་གམ། ཟན་རིལ་གཙང་མ། བཟེད་ཞལ་རྣམས་སྟ་གོན་བྱས། ཁྲུས་དང་གཙང་སྦྲ་སོགས་སྔོན་དུ་འགྲོ་བས། སྟན་བདེ་བ་ལ་འཁོད། ཡན་ལག་བདུན་པ་ཅི་རིགས་ཀྱི་རྗེས་སུ།
顶礼一切诸佛菩萨。希求解脱和无上正等觉果位的诸所依补特伽罗,应当精进修持积累二资粮之门径,具备四种布施之意义,水供百颗朵玛(食子)之方法。
在供桌上准备好朵玛盘、水瓶、谷物、鲜花、清净食丸、承接器。也提前做好沐浴和清洁等事宜。之后坐在舒适的坐垫上,适宜地念诵七支供。
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །
བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།
ལན་གསུམ།
诸佛正法圣僧众,直至菩提我皈依,
以我布施等功德,为利众生愿成佛。
念三遍
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སོགས་ལན་གསུམ་གྱི་རྗེས་སུ།
愿一切有情永具安乐及安乐之因,愿一切有情远离痛苦及痛苦之因,愿一切有情不离无有痛苦之妙乐,愿一切有情常住于远离苦乐之因、远近贪嗔之大平等舍。
念三遍
རང་ཉིད་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎིར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཏོར་མགྲོན་རྣམས་སྤྱན་དྲངས། ཏིང་ཤག་འཁྲོལ་ཞིང་འདི་སྐད་དོ།། རྒྱལ་བ་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང༌། །ལྷ་སྲིན་སྡེ་བརྒྱད་འགྲོ་དྲུག་སེམས་ཅན་རྣམས། །བགེགས་རྣམས་གཏན་པ་མེད་པའི་མཆོད་སྦྱིན་ལ། །སྤྱན་འདྲེན་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མཱ་ལ་ཡེ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤཔྟ་ཨཱཿཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ།
སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་བརྒྱན། །
ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །
ཨོཾ་མ་ཎི་པདྨེ་ཧཱུྃ། ཉེར་གཅིག།།
自观想为大悲观音喀萨巴尼相,其心间发光,迎请诸朵玛宾客。奏碰铃并念诵:
佛与佛子声闻及缘觉,天龙八部六道诸有情,
诸魔为此无遮之供施,迎请与其眷属请降临。
嗡啊拜杂萨嘛杂、白玛嘎玛拉耶当,嗡萨瓦达塔嘎达,阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。嗡萨瓦达塔嘎达、啊呗肯嘎达萨嘛亚、西热耶吽。
无有过患身净白,圆满正觉顶上严,
大悲之眼观众生,顶礼观世音菩萨。
嗡嘛呢呗咪吽。
念二十一遍
ཨོཾ་ཨཱཿཧྲཱིཿཧཱུྃ། གསུམ། ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏ་བྷྱེཿསྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཤིང༌། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནེ་ཀཾ་ཀ་ནེ། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ནཱཉྩ་སྭཱ་ཧཱ། གཅིག།
ཆུ་སྦྱིན་འདིའི་མཐུས་བར་སྲིད་རྣམས། །བཀྲེས་སྐོམ་ཚ་གྲང་འཇིགས་སྐྲག་སོགས། །སྡུག་བསྔལ་ཀུན་ལས་མྱུར་གྲོལ་ནས། །བདེ་བ་ཆེན་པོའི་ས་ཐོབ་ཤོག།།
嗡啊舍吽。念三遍。嗡左拉米当、萨瓦斋达白唆哈。
圣者观世音菩萨,手中所流之乳汁,
满足一切诸饿鬼,祈愿沐浴常清凉。
顶礼出有坏不动佛。
拿摩惹拿扎亚亚,嗡刚嘎聂刚嘎聂,若咋呢若咋呢,桌扎呢桌扎呢,扎萨呢扎萨呢,扎德哈拿扎德哈拿,萨瓦嘎嘛巴让巴惹,讷麦萨瓦萨多尼咋梭哈。
念一遍
以此施水诸中阴,饥渴冷热与恐惧,
迅速解脱诸痛苦,愿得大乐之果地。
༈ བརྒྱ་རྩ་དང་པོ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རིན་ཆེན་གཏོར་སྣོད་ཡངས་ནང་དུ། །གཏོར་རྫས་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། བཅུ།
ཨོཾ་ཨརྒྷཾ་སོགས་གཅིག།། བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་ལ། །མཆོད་གཏོར་འབུལ་ལོ་མཆོག་དང་ཐུན་མོང་གི །དངོས་གྲུབ་བདག་དང་འགྲོ་ལ་བསྩལ་ནས་ཀུན། །གནས་སྐབས་མཐར་ཐུག་ཕན་བདེས་འཚོ་བར་མཛོད།།
【第一组宾客】
嗡拜杂啊讷达、衮扎勒、哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
上师本尊佛法僧三宝,供养朵玛共同殊胜之,
悉地赐予我和一切众,获得暂时究竟之利乐。
གཉིས་པ། བསངས་སྦྱངས། བྱིན་བརླབས། གཏོར་བསྔོ་སྔར་བཞིན་ལ། མཁའ་འགྲོ་ཆོས་སྐྱོང་དཀར་ཕྱོགས་སྐྱོང་བའི་ལྷ། །མཆོད་གཏོར་འབུལ་ལོ་བསྟན་པ་རབ་རྒྱས་ཤིང༌། །བསྟན་འཛིན་བཞེད་དོན་འགྲུབ་དང་བདག་སོགས་ཀྱི། །བར་ཆད་ཉེར་ཞི་བཞེད་དོན་འགྲུབ་པར་མཛོད།།
【第二组宾客】
嗡拜杂啊讷达、衮扎勒、哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
空行护法神与护善神,供养朵玛佛法广兴盛,
高僧大德完成利众事,消除吾等障碍实现愿。
གསུམ་པ་སྔར་བཞིན་ལ། མངོན་ཤེས་བདེན་སྟོབས་གྲུབ་པའི་རིག་འཛིན་ལ། །མཆོད་གཏོར་འབུལ་ལོ་ཆོས་མཐུན་བསམ་སྦྱོར་ཀུན། །མྱུར་དུ་ལྷུན་གྱིས་གྲུབ་པའི་བདེན་ཚིག་དང༌། །སྨོན་ལམ་རྒྱ་ཆེར་གདབ་པའི་བཀའ་དྲིན་མཛོད།།
【第三组宾客】
嗡拜杂啊讷达、衮扎勒、哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
成就神通真谛持明者,供养朵玛如法之愿行,
迅速任运成就之谛言,赐予发起广大之发愿。
བཞི་པ་སྔར་བཞིན་ལ། ལྷན་སྐྱེས་ནོར་ལྷ་མགོན་སྐྱབས་དཔུང་གཉེན་ལྷར། །མཆོད་གཏོར་འབུལ་ལོ་ནད་དང་དབུལ་ཕོངས་སོགས། །མི་མཐུན་རྐྱེན་ཞི་མཐུན་པའི་ལས་ཐམས་ཅད། །རང་རང་འདོད་པ་བཞིན་དུ་འགྲུབ་པར་མཛོད། །ཡར་མཆོད་བཞིའོ།།
【第四组宾客】
嗡拜杂啊讷达、衮扎勒、哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
俱生财神依怙救助神,朵玛供养疾病与贫穷,
息灭一切逆缘赐顺缘,成就各自所求及所愿。
以上为上供四组
ལྔ་པ་ནི། བསང་སྦྱངས་བྱིན་བརླབས་གཏོར་བསྔོ་སྔར་བཞིན་ལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གཟུགས་མཛེས་དམ་པ་ལ༴ སྐུ་འབྱམས་ཀླས་ལ༴ འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ༴ བརྟན་མ་བཅུ་གཉིས་ལ་སོགས་ཡུལ་ལྷ་དང༌། །གཞི་བདག་རྣམས་ཀྱིས་གཏོར་མ་འདི་ལོངས་ལ། །དུས་སུ་ཆར་འབབ་ལོ་ལེགས་འཁྲུགས་པ་ཞི། །ནད་དང་མུ་གེ་མེད་པའི་བདེ་བར་མཛོད།།
【第五组宾客】
嗡拜杂啊讷达、衮扎勒;哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
那摩多宝如来;那摩妙色身如来;
那摩广博身如来;那摩离怖畏如来。
十二永宁地母地方神,所有山神接受此朵玛,
及时降雨丰收息战乱,无有疾病灾荒具安乐。
དྲུག་པ་གོང་བཞིན་ལ། གནོད་སྦྱིན་སྡེ་དཔོན་འབྲོག་གནས་འཁོར་བཅས་དང༌། །འཕྲོག་མ་མ་བུས་གཏོར་མ་འདི་ལོངས་ལ། །སེམས་ཅན་སྲོག་དང་མདངས་དང་བདེ་འཕྲོག་པའི། །ལས་ངན་སྤངས་ནས་བདེ་བའི་ཐབས་བཟང་མཛོད།།
【第六组宾客】
嗡拜杂啊讷达、衮扎勒、哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
那摩多宝如来;那摩妙色身如来;
那摩广博身如来;那摩离怖畏如来。
施碍大将与其众眷属,诃利帝母接受此朵玛,
剥夺有情生命容颜者,汝当弃恶创造幸福因。
བདུན་པ་གོང་བཞིན་ལ། གདོན་བགེགས་ལོག་འདྲེན་ནད་ཡམས་རིམས་ཀྱི་བདག །ནག་ཕྱོགས་འབྱུང་པོས་གཏོར་མ་འདི་ལོངས་ལ། །བདུད་ཀྱི་ལས་རྣམས་བདུད་ཕྱོགས་མགོར་བཟློག་ནས། །དཀར་པོ་དགེ་བས་བདག་གཞན་ཀུན་དགེར་མཛོད།།
【第七组宾客】
嗡拜杂啊讷达、衮扎勒、哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
那摩多宝如来;那摩妙色身如来;
那摩广博身如来;那摩离怖畏如来。
妖魔鬼怪瘟疫施放者,邪魔外道接受此朵玛,
一切魔业回遮于魔处,应以善法自他皆引善。
བརྒྱད་པ་གོང་བཞིན་ལ། འཁོར་བར་འཁོར་ཞིང་རིགས་དྲུག་སྡུག་བསྔལ་ཆེར། །ལོངས་སུ་སྤྱོད་རྣམས་གཏོར་མ་འདི་ལོངས་ལ། །རྒྱུ་ལྔའི་ལམ་གྱི་དུཿཁ་ཀུན་ཞི་བའི། །ཐབས་མཆོག་ཕན་སེམས་བཟང་པོས་འཚོ་བར་མཛོད།།
【第八组宾客】
嗡拜杂啊讷达、衮扎勒、哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
那摩多宝如来;那摩妙色身如来;
那摩广博身如来;那摩离怖畏如来。
流转轮回六道大痛苦,感受者们接受此朵玛,
息灭五因道之诸痛苦,应有殊胜方便之善心。
དགུ་པ་གོང་བཞིན་ལ། ཕྱི་ནང་ཟས་སྐོམ་སྒྲིབ་པས་གཙེས་པའི་འགྲོ། །ཡི་དྭགས་སྡེར་བཅས་གཏོར་མ་འདི་ལོངས་ལ། །ཟས་སྐོམ་དཔལ་ལ་ཐོགས་མེད་ལོངས་སྤྱོད་པའི། །རྒྱུ་བཟང་སྦྱིན་པའི་སེམས་ལ་དགའ་བར་མཛོད།།
【第九组宾客】
嗡拜杂啊讷达、衮扎勒、哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
那摩多宝如来;那摩妙色身如来;
那摩广博身如来;那摩离怖畏如来。
感受内外饮食障碍众,饿鬼众生接受此朵玛,
无碍享用各种饮食之,汝当喜爱善因布施心。
བཅུ་པ་གོང་བཞིན་ལ། ལན་ཆགས་འདེད་དང་ཤ་འཁོན་གཉེར་བའི་འདྲེ། །གནོད་བྱེད་ཐམས་ཅད་གཏོར་མ་འདི་ལོངས་ལ། །ཚེ་རབས་དུ་མའི་བུ་ལོན་ཀུན་ཁྱེར་ནས། །བདག་ལ་ཕན་པ་སྒྲུབ་ལ་བརྩོན་པར་མཛོད། །མར་མཆོད་དྲུག་གོ།
【第十组宾客】
嗡拜杂啊讷达、衮扎勒、哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
那摩多宝如来;那摩妙色身如来;
那摩广博身如来;那摩离怖畏如来。
追讨宿债冤亲怨恨鬼,一切魔鬼接受此朵玛,
还清多生累劫之债务,汝等应做对我有利事。
以上为下施六组
བཅུ་གཅིག་པ་ལྷག་གཏོར་གོང་བཞིན་ལ། གློ་བུར་ཉིད་དུ་ལྷགས་དང་དབང་ཆུང་བས། །གཏོར་སྐལ་ཆད་རྣམས་ལྷག་གཏོར་འདི་ལོངས་ལ། །རང་རང་འདོད་པའི་ཟས་སྐོམ་གྱིས་ཚིམ་ཞིང༌། །གཏན་བདེ་གྲུབ་པའི་སྨོན་ལམ་འདེབས་པར་མཛོད། །
【第十一组宾客】
嗡拜杂啊讷达、衮扎勒、哈拿 哈拿吽呸。
嗡 所巴瓦 秀大 沙瓦 大马 所巴哇 秀多沆
宽广珍宝朵玛容器内,朵玛变成智慧之甘露,
嗡啊吽。念三遍
拿嘛萨瓦 达它嘎达、啊瓦罗格带、嗡桑巴惹 桑巴惹吽。
念十遍
嗡阿刚、巴当、布呗、都呗、阿洛格、根德、乃微德、下达啊吽。念一遍
那摩多宝如来;那摩妙色身如来;
那摩广博身如来;那摩离怖畏如来。
突发性之来客与弱者,朵玛无份者受剩朵玛,
满足各自饮食之所求,当发修证究竟解脱愿。
མགྲོན་ཚན་བཅུ་པ་ཡན་ལ་གཏོར་རིལ་བཅུ་བཅུ་དང༌། སམྦྷ་ར་ཡང་དེ་མཚུངས་བརྒྱ། ལྷག་གཏོར་ལ་རིལ་བུ་བརྒྱད་དང༌། སཾ་བྷ་ར་བརྒྱད་དེ། རྫས་སྔགས་གཉིས་ཀ་བརྒྱ་རྩ་བརྒྱད་དོ།། དེ་རྗེས་སྔར་བཞིན་ཆུ་སྦྱིན་གཉིས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །སོགས་ནས། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་ཆོས་ཀྱི་སྦྱིན་པའི་མཐར་ཡི་གེ་བརྒྱ་པ་བརྗོད།
对十组的以上宾客均供养十颗食丸,同时也念诵一百遍“桑巴惹”咒语,而对剩朵玛(第十一组宾客)则施舍八颗食丸,同时也念诵八遍“桑巴惹”咒语。共计食物和咒语均为一百零八次。
之后如前一样供两次水供,并念诵:诸法因缘生,诸法因缘灭,吾师大沙门,常作如是说。以及,诸恶莫作,众善奉行,自净其意,是诸佛教。如此法布施后念诵百字明咒。
མུཿཞེས་ཡེ་ཤེས་མགྲོན་རྣམས་ནི། །ཉེར་ཞིའི་དབྱིངས་གཤེགས་འཇིག་རྟེན་པ། །
སརྦ་གཙྪ་རང་གནས་སུ། །བདེ་བར་བཞུད་ལ་དགྱེས་པར་རོལ། །
ཞེས་དང༌།
འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་ཤེར་སྙིང་དང༌། ཐེག་ཆེན་གྱི་སྨོན་ལམ་མཐའ་དག་དམ་པའི་ཆོས་འཛིན་པ་ལ་འདུ་བར་བཤད་པ་བཞིན།
རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །
བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང༌། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །
སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །
ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང༌། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་གྱུར་ཅིག །
ཅེས་པའི་ཤོ་ལོ་ཀ་གཉིས་ངེས་པར་འདོན། གཞན་རྒྱས་བསྡུས་སྐབས་དང་སྦྱར་བར་བྱའོ།།
幕而智慧者宾客,逝于寂静法界中,
萨瓦格擦世间者,前往各处喜享用。
之后:从“顶礼圣三宝”开始念诵《般若波罗蜜多心经》。
如云:所有大乘祈愿文,均归摄于护持如来正法。
愿持诸佛微妙法,光显一切菩提行,
究竟清净普贤道,尽未来劫常修习。
我于一切诸有中,所修福智恒无尽,
定慧方便及解脱,获诸无尽功德藏。
这两个偈颂务必要念诵,其他根据实际情况来决定长短。
འདི་ནི་འཐུས་ཚང་ཉུང་ངུར་བསྡུས་པ་སྟེ། །འདི་བས་ཀྱང་ནི་བསྡུས་ན་ཆོ་ག་ཡི། །
ཆ་ལག་མི་ཚང་བས་ན་འདི་ཙམ་ཡང༌། །གཏོང་ལོང་མེད་ཚེ་མ་བཏང་བ་རང་ཟབ། །
ཞེས་བྱ་བ་འདི་ནི་ཆོས་མཛད་ཐུབ་བསྟན་གྱིས་བསྐུལ་བ་ལྟར་སངས་རྒྱས་རྡོ་རྗེས་ཐུན་མཚམས་གཅིག་ལ་བྲིས་པའོ།། །།
此乃完整简易法,若再简短之仪轨,
则不具备支分故,无暇者不修为妙。
此《百颗朵玛供修法所欲吉祥藏》,因修行者图定之请求,由桑杰多吉一坐间撰写也。
古普·钦哲仁波切译于成都,陈润泽居士和朱红霞居士校对汉文。