Appearance
Appearance
༄༅།།རྒྱུན་གྱི་ལམ་བསང་བསྡུས་པ་དགེ་ལེགས་ཆར་འབེབས་བདུད་རྩིའི་སྤྲིན་ཕུང་བཞུགས་སོ།།
甘露云蕴
རྒྱུན་གྱི་ལམ་བསང་བསྡུས་པ་དགེ་ལེགས་ཆར་འབེབས་བདུད་རྩིའི་སྤྲིན་ཕུང་ནི། དངོས་འབྱོར་གྱི་བསང་རྫས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འཁོར་འདས་ཀྱི་ཞིང་ཁྱབ་པར་ཡིད་ཀྱིས་སྤྲུལ་ནས། ཡེ་རྫོགས་ཡེ་ཤེས་ཀྱི་མདངས་ལས་ཤར་བའི་མཆོག་དམན་གྱི་མགྲོན་རིགས་སྣང་སྲིད་ཁྱབ་པར་ཡིད་ཀྱི་ཡུལ་དུ་བྱས་ཏེ།
此《日常简易路桑妙善之雨——甘露云蕴》,对真实的供品,以虚空藏咒印,观想遍满整个轮回与涅槃。之后,本来清净圆满智慧之显现,遍满整个轮回之各种尊卑宾客为煨桑之所缘。
ཧཱུྃ་ཧྲཱིཿའོད་གསལ་ཆོས་དབྱིངས་ཀུན་ཁྱབ་མཁའ་ཀློང་ནས། །
མ་འགག་རང་རྩལ་ཡེ་ཤེས་རོལ་པའི་འཕྲུལ། །
ཟག་མེད་བསང་མཆོད་བདུད་རྩིའི་སྤྲིན་ཕུང་ཆེ། །
འཁོར་འདས་ཞིང་ཁྱབ་བདེ་ཆེན་རོལ་པ་འདིས། །
吽舍!
遍满光明法界虚空中,不灭自现智慧之化身,
无漏桑供甘露大云蕴,遍满轮涅大乐此游舞,
བླ་མ་མཆོག་གསུམ་རབ་འབྱམས་རྒྱལ་བའི་དཀྱིལ། །
དཀོན་མཆོག་སྲི་ཞུའི་མགྲོན་ཀུན་མཆོད་ཅིང་བསང༌། །
ཡེ་ཤེས་ལས་གྲུབ་བརྒྱུད་གསུམ་དམ་ཅན་ཚོགས། །
མགོན་པོ་ཡོན་ཏན་མགྲོན་ཀུན་མཆོད་ཅིང་བསང༌། །
上师三宝无量佛坛城,侍奉三宝诸客供与净,
智慧所成三派护法神,怙主功德诸客供与净。
རྒྱུད་ལྔས་བསྡུས་ཤིང་ཁམས་གསུམ་ལ་གནས་པའི། །
རིགས་དྲུག་སྙིང་རྗེའི་མགྲོན་ཀུན་མཆོད་ཅིང་བསང༌། །
ཚེ་རབས་བུ་ལོན་ལན་ཆགས་ཤ་འཁོན་བདག །
བགེགས་རིགས་ལན་ཆགས་མགྲོན་ཀུན་མཆོད་ཅིང་བསང༌། །
五趣所摄身处三界中,悲客六道众生供与净,
世代冤亲债主众幽灵,妖魔冤魂众客供与净。
ལོ་ཟླ་ཞག་དུས་ཚེས་ལ་དབང་འབྱོར་བའི། །
གཟའ་སྐར་ས་བདག་ལྷ་ཀླུ་མཆོད་ཅིང་བསང༌། །
སྟོང་གསུམ་འཇིག་རྟེན་སྲིད་པའི་ལྷ་རབས་སོགས། །
ཡུལ་ལྷ་གཞི་བདག་སྡེ་བརྒྱད་མཆོད་ཅིང་བསང༌། །
自在掌握年月日时主,星辰地主龙天供与净,
三千世界世间九尊神,地神山神八部供与净。
འགོ་ཞིང་སྐྱོབ་དང་ཕྱྭ་རྨུ་གཙུག་རབས་སོགས། །
མཚུན་རིགས་དགྲ་བླ་གཉེན་རྣམས་མཆོད་ཅིང་བསང༌། །
མཁར་ཁྱིམ་ཐབ་ཞིང་རྟ་ཕྱུགས་ཚོང་མགྲོན་དང༌། །
ལམ་ལྷ་ལ་སོགས་དགྲ་ལྷའི་ཚོགས་རྣམས་བསང༌། །
守舍神与远古氏财神,祖先神等亲神供与净,
城堡炉灶田牛马商客,道路神等众神供与净。
ཚེ་རབས་རིགས་རྒྱུད་བསྟེན་ཅིང་མཆོད་པ་དང༌། །
མ་བསྒྲུབས་འགོ་བའི་ལྷ་རྣམས་མཆོད་ཅིང་བསང༌། །
དེང་འདིར་བདག་ཅག་གང་དུ་གནས་པ་ཡི། །
གནས་དང་ཡུལ་བདག་ཚོགས་རྣམས་ཐམས་ཅད་བསང་། །
祖祖辈辈供奉依止神,不供自守诸神供与净,
此时此刻我等所处地,当地山神地神供与净。
དག་བྱེད་ཡེ་ཤེས་བདུད་རྩིའི་བསང་མཆོད་འདིས། །
བརྩོག་གནོལ་འཁོན་འཁྲུགས་ཉེས་ཚོགས་མ་ལུས་སྦྱངས། །
ཕྱི་ནང་གསང་བའི་ཐུགས་དམ་གཉེན་པོ་བསྐང༌། །
སྡོམ་གསུམ་ཉམས་ཆག་ཉེས་ལྟུང་ཐུགས་འགལ་བཤགས། །
能净智慧甘露此净供,净化污秽仇恨等过失,
还愿内外密之一切愿,忏悔违犯三律仪堕罪。
གསང་གསུམ་ཡོན་ཏན་རྒྱ་མཚོར་རབ་བསྔགས་ཤིང༌། །
སྲིད་ཞིའི་མགོན་དང་དཔལ་དུ་མངའ་གསོལ་ན། །
གཟི་བྱིན་མཐུ་བསྐྱེད་ནུས་པའི་རྩལ་ཕྱུངས་ལ། །
བདག་ཅག་དཔོན་སློབ་རྒྱུ་སྦྱོར་མི་ནོར་ཀུན། །
赞美三密无量功德海,封为有寂一切之怙主,
祈请显现神勇和威力,吾等师徒施主及财富,
འབྱུང་བཞིའི་འཚེ་སོགས་འཇིགས་བརྒྱད་བཅུ་དྲུག་གི །
ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང༌། །
ཚེ་བསོད་དབང་ཐང་ལེགས་ཚོགས་ཡོན་ཏན་རྒྱས། །
ཀླུང་རྟའི་དཔལ་བསྐྱེད་གྲགས་སྙན་ཕྱོགས་ཀུན་སྤེལ། །
四大种等八危十六难,消除病魔违缘及障碍,
增长福寿势等善功德,运气旺盛名声传遍世。
རླུང་སེམས་སྣང་སྲིད་འཁོར་འདས་བྱིན་བཅུད་སོགས། །
བརྟན་གཡོའི་ཡིད་འོང་དངོས་ཀུན་དབང་དུ་བསྡུས། །
གདུག་པའི་བསམ་སྤྱོད་མངོན་སྦྱོར་ལྐོག་ཤོམ་པའི། །
གཟུགས་ཅན་གཟུགས་མེད་དགྲ་བགེགས་ཐལ་བར་རློགས། །
风心轮涅万物精华等,怀摄器情世间美好物,
当面背后恶毒之心行,灭除有形无形诸祸害。
སྣོད་བཅུད་ཉམས་པ་གསོས་ལ་དཔལ་གཡང་སྐྱེད། །
སྐྱེ་རྒུའི་ཤེས་རྒྱུད་ཡང་དག་ལམ་ལ་སྦྱོར། །
འཇིག་རྟེན་ཀུན་ཏུ་སྡེ་བཞིའི་དགེ་ལེགས་ཀྱིས། །
རྫོགས་ལྡན་སྣང་བས་ཁྱབ་པའི་བཀྲ་ཤིས་སྩོལ། །
恢复器情世间促和谐,众生相续引领清净道,
世界各地法财欲果等,显现圆劫盛世愿吉祥。
ཅེས་དང༌། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་ཆོས་དབྱིངས་བསམ་མི་ཁྱབ་པའི་ཀློང་དུ་རྒྱས་གདབ་བོ། །དེ་ལྟར་ཡང་དམ་པའི་ངང་ཚུལ་གསལ་བའི་རིགས་དབོན་མཆོག་སྤྲུལ་པདྨ་ཕྲིན་ལས་ཀྱི་ཐུགས་བཞེད་ལྟར་ཁུ་བོ་གྲུབ་རིགས་མིང་གིས་གང་དྲན་བྲིས་ཏེ་ཕུལ་བ་ཕྱོགས་དུས་ཀུན་ཏུ་དགེ་ལེགས་འཕེལ།། །།
此后念诵缘起咒,并与不可思议之法界中融为一体。此显现正士本性的侄儿白玛成勒活佛(萨卓仁波切)之请求,其叔父仲惹却秋(阿德仁波切)随即撰写并赠送,愿以此为缘,一切时处充满吉祥。
古普·钦哲仁波切译,陈润泽居士和朱红霞居士校对汉文。