Skip to content

༄༅། །ཡབ་བཀའ་རས་ཆུང་སྙན་བརྒྱུད་ཀྱི་གསོལ་འདེབས་ཡང་ཟབ་ཤིང་རྟའི་ཁ་ལོ།།

惹琼巴父经耳传法祈请文

甚深车夫

རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ། །དེ་སྲས་ཏིལླི་ནཱ་རོ་དང༌། །

ལྔ་བརྒྱའི་གཙུག་རྒྱན་མར་མི་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

金刚总持瑜伽母,其子帝洛那若巴,

末法顶严玛米拉,恭敬祈祷求加持。

རས་ཆུང་ཞབས་དང་ཁྱུང་ཚང་པ། །མ་གཅིག་ཀོང་ཇོ་ལོ་ཆེན་ཞང༌། །

དྷ་ར་ཤྲཱི་བསོད་ནམས་མཚན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

惹琼巴与群藏巴,玛吉公主罗钦香,

达惹悉热索南名,恭敬祈祷求加持。

ཀུན་ལྡན་རས་མ་བདེ་ལེགས་པ། །ཀུན་དགའི་དཔལ་དང་རྒྱལ་བའི་དབང༌། །

ངག་དབང་ཆོས་ཀྱི་རྒྱལ་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

衮登日玛德勒巴,衮格巴与嘉卫旺,

昂旺求吉嘉波尊,恭敬祈祷求加持。

རྡོ་རྗེ་སེམས་དངོས་པད་དཀར་ཞབས། །རྒྱལ་བའི་རྒྱལ་ཚབ་ལྷ་རྩེ་བ། །

རྗེ་བཙུན་དཔག་བསམ་དབང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

金刚萨垛白玛嘎,佛陀补处拉泽瓦,

尊者巴桑旺波尊,恭敬祈祷求加持。

འཇམ་དཔལ་དབྱངས་དངོས་བུདྡྷའི་མཚན། །མ་ལུས་འགྲོ་བའི་ཡོངས་འཛིན་རྗེ། །

ཆོས་རྣམས་ཀུན་གྱི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

真实文殊布达名,玛露卓卫永增尊,

一切法之自在者,恭敬祈祷求加持。

མཆོག་གཟིགས་ཡར་འཕེལ་དབང་པོ་དང༌། །དགེ་ལེགས་ལེགས་པའི་འབྱུང་གནས་དཔལ། །

རྗེ་བཙུན་ཐུགས་ཀྱི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

求赛亚陪旺波尊,格勒勒悲久内巴,

尊者图吉多杰尊,恭敬祈祷求加持。

གསང་བདག་འཇམ་མགོན་དགྱེས་པའི་དབང༌། །ཧེ་རུ་ཀ་དཔལ་བདེ་ཆེན་སྐུ། །

རྡོ་རྗེ་ཉི་མ་སྣང་བའི་གཏེར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

密主降公吉悲旺,嘿汝嘎巴德钦故,

多杰尼玛南卫带,恭敬祈祷求加持。

བདེ་ཆེན་སྐུར་སྟོན་ཆོས་ཀྱི་སྣང༌། །ལྷན་སྐྱེས་འཇམ་དཔལ་ཡེ་ཤེས་གྲུབ། །

ངེས་དོན་བསྟན་པའི་ཉིན་བྱེད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

德钦故顿曲吉南,岭吉降巴叶西珠,

恩顿登悲宁色尊,恭敬祈祷求加持。

ཤེས་བྱ་ཀུན་གཟིགས་ཡོངས་འཛིན་རྗེ། །ངེས་དོན་ཤེས་རབ་དཔལ་བཟང་པོ། །

ཆོས་ཀྱི་རྒྱ་མཚོ་གྲུབ་རིགས་མཚན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

西萨滚赛阳增杰,恩顿西染巴松波,

秋吉嘉措仲惹名,恭敬祈祷求加持。

ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཡང༌། །གང་གི་རོལ་རྩེད་ཡིན་ཤེས་ནས། །

རྗེ་བཙུན་བླ་མ་ཁྱེད་མིན་པའི། །སྐྱབས་གཞན་བདག་ཅག་རྣམས་མི་འཚོལ། །

本尊空行护法神,了知亦是师游舞,

至尊上师汝以外,吾等不另寻怙主。

དེ་ཕྱིར་ཉམ་ངའི་འཁོར་བ་ནས། །འགྲོ་བ་འདོན་པའི་ཐུགས་རྗེའི་མཐུ། །

བསྐུལ་བའི་གསོལ་བ་འདེབས་ལགས་ན། །བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །

故而轮回痛苦中,救度有情之悲力,

祈请赐予吾等众,任运成就一切愿。

སྨིན་བྱེད་དབང་གིས་རྒྱུད་གསོལ་ནས། །གྲོལ་ལམ་གསེར་འགྱུར་རྩིས་བྲན་པས། །

མི་གཙང་ལུས་འདི་རྒྱལ་བའི་སྐུ། །རིན་ཆེན་མཆོག་ཏུ་གྱུར་ཅིག་གུ། །

能熟灌顶受相续,解脱道如冶金料,

祈愿垢身能转成,无价之宝佛陀身。

༈ དཔལ་འབྲུག་པའི་སྒྲུབ་ཐབས་སྐོར་ལྔ་ལས་དང་པོ་

བདེ་མཆོག་དངོས་གྲུབ་ཀྱི་སྐོར་ནི།

竹巴噶举修法五类之一

胜乐金刚悉地类

༄༅།།དཔལ་འཁོར་ལོ་སྡོམ་པའི་བསྐྱེད་བཟླས་ཉུང་ངུ་

མཁའ་སྤྱོད་ཉེ་ལམ་བཞུགས་སོ།།

吉祥胜乐金刚简易观修法

空行捷径之道

སངས་རྒྱས་ཆོས་དང་ཚོགས་མཆོག་བླ་མར་བཅས། །ཡི་དམ་མཁའ་འགྲོར་སྐྱབས་མཆི་སེམས་བསྐྱེད་བྱ། །

皈依发心于诸佛正法,僧众上师本尊空行母,

འཁོར་འདས་ཆོས་ཀུན་སྟོང་ཉིད་སྦྱངས་པ་ཡི། །ནམ་མཁར་ཧཱུྃ་མཐིང་ཤར་བ་དེའི་འོད་ཀྱིས། །

轮涅诸法净化于空性,空中显现蓝吽之光芒,

འབྱུང་བཞི་སྣོད་བཅུད་གཞལ་མེད་ཁང་པ་མཆོག །དུར་ཁྲོད་སྲུང་འཁོར་ཡོངས་སུ་གྲུབ་པར་གྱུར། །

四大器情世间无量宫,圆满形成尸林及护轮,

ཧཱུྃ་ཡིག་ནཱ་དའི་བར་བསྡུས་མི་དམིགས་སྦྱངས། །སླར་ཡང་སྙིང་རྗེ་ཆེན་པོའི་གླུས་བསྐུལ་བས། །

收至吽字那达净无缘,复次大悲歌所激发故,

ཧཱུྃ་ཡིག་གསལ་རྫོགས་ཡོངས་གྱུར་འཁོར་ལོ་སྡོམ། །ནམ་མཁའི་མདོག་འཛིན་ཞལ་བཞི་ཕྱག་བཅུ་གཉིས། །

晰满吽字变成总集轮,身天蓝色四面十二臂,

ཡུམ་མཆོག་རྡོ་རྗེ་ཕག་མོར་མཉམ་པར་སྦྱོར། །གནས་ལྔ་རྡོ་རྗེ་ནོར་བུ་ཡིག་འབྲུས་མཚན། །

佛母金刚亥母合双运,五处金刚摩尼字母标,

གོ་ཆའི་ལྷ་ཚོགས་སྔགས་ཀྱི་རྣམ་པར་གསལ། །ཉེར་བཞིའི་གནས་སུ་བདེ་ཆེན་ཐུགས་གསུང་སྐུའི། །

铠甲众尊显于咒形相,二十四处大乐意语身,

ལྷ་ཚོགས་ཡོངས་གསལ་གནས་གསུམ་འོད་ཀྱིས་བསྐུལ། །བསྒོམས་པ་ཇི་ལྟའི་རྟེན་དང་རྟེན་པར་བཅས། །

显现众尊以光激三处,如是所观所依及能依,

སྤྱན་དྲངས་དབང་ལྷས་དབང་བསྐུར་རིགས་བདག་བརྒྱན། །ཐུགས་འོད་རིག་མ་མཆོད་ལྷས་མཆོད་སྤྲིན་དང༌། །

迎请灌佛灌顶部主严,心光明妃天女之云供,

གསང་བ་དགྱེས་བདེའི་གར་གྱིས་བསྟོད་དབྱངས་འབུལ། །ཐུགས་ཀར་སེམས་དཔའ་སུམ་བརྩེགས་གསལ་བ་ཡི། །

供养秘密喜乐之歌舞,心间显现三重勇识相,

སྔགས་འོད་དབུ་མ་རྡོ་རྗེ་པདྨར་བརྒྱུད། །ལྷ་མོའི་ཞལ་ནས་བདག་གི་ཞལ་དུ་ཞུགས། །

通过咒光中脉杵莲花,佛母口中入于自口中,

ཁམས་གསུམ་འཁོར་ལོ་གསུམ་གྱི་ལྷ་རུ་བསྒྱུར། །ཧཱུྃ་ཡིག་ཀླད་ཀོར་འོད་ཟེར་འབར་བའི་ནང༌། །

三界转成三轮之本尊,吽字顶圈光芒万丈中,

རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་བསྒོམ། །སྨིན་མཚམས་ཐིག་ལེར་ཏིང་འཛིན་བསྒོམ་པར་བྱ། །

观想所依能依诸本尊,额间明点观想三摩地。

ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་ཝ་རཾ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ།

嗡西热拜杂嘿嘿汝汝冈吽吽呸,扎格讷杂拉桑瓦让梭哈,嗡舍哈哈吽吽呸,嗡萨瓦布达扎格讷耶拜杂瓦拿讷耶吽吽呸梭哈,嗡拜杂白若咋讷耶吽吽呸梭哈。

ཞེས་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་ཅི་ནུས་བཟླས།

如此尽力念诵佛父佛母之心咒和近心咒

མཐར་ནི་ཐུགས་འོད་སྣོད་བཅུད་ཐམས་ཅད་བསྡུས། །ཐུགས་ཀའི་ཧཱུྃ་ཐིམ་ཐུན་མཚམས་ཧེ་རུ་ཀ །

最后心光摄收诸器情,心光蓝吽坐间嘿汝嘎,

ཞལ་གཅིག་ཕྱག་གཉིས་སྐུར་སྒོམ་ཁྱེར་སོ་གསུམ། །སྐུ་དང་སྒྲ་སྔགས་ཏིང་འཛིན་འབྱམས་ཀླས་བསྒོམ། །

一面二臂身观佛咒法,亦观无量佛身咒与定,

དགེ་འདིས་བདག་གཞན་སེམས་ཅན་མ་ལུས་པ། །ཟུང་འཇུག་རྡོ་རྗེ་འཆང་དངོས་མྱུར་འགྲུབ་ཤོག །

以此善根自他诸有情,祈愿速成双运金刚持,

ཅེས་དཔལ་ལྡན་འཁོར་ལོ་སྡོམ་པ་ནཱ་རོ་ལུགས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་བསྒོམ་བཟླས་ཉུང་ངུར་དྲིལ་བ་འདི་ཡང༌། འབྲུག་པ་བླ་མ་ཚེ་ལྷའི་ཐུགས་དམ་རྒྱུར། མདོ་ཁམས་ལྔ་པ་སྒྲུབ་བརྒྱུད་ཉི་མའི་མིང་གིས་སུག་བྲིས་སུ་བཏབ་པ། འགྲོ་ཀུན་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པ་ནི་བདེ་མཆོག་དངོས་གྲུབ་ཀྱི་སྐོར་རོ།།

此那若巴传承之吉祥总集轮《六十二尊胜乐金刚简易观修》,是竹巴才拉喇嘛修持本尊之因缘,由第五世多康巴·珠觉尼玛撰写,愿此成为一切有情速证金刚持果位之因。 此乃胜乐金刚悉地类之修法也。

古普·钦哲仁波切译于成都,陈润泽居士和朱红霞居士校对汉文。

主页