Skip to content

༄༅།།ཇ་མཆོད་བྱིན་རླབས་མཆོག་སྩོལ།།

茶供祈请殊胜加持颂

ཨོཾ་ཨཱཿཧཱུྃ།

嗡啊吽

ཇ་མཆོད་པ་དཀར་བརྒྱུད་བླ་མ་མཆོད། །དཀར་བརྒྱུད་རྣམ་ཐར་འཁྱོངས་པར་བྱིན་གྱིས་རློབས། །

茶供养噶举传承师,祈加持续持噶举脉。

ཇ་མཆོད་པ་སྒྲུབ་བརྒྱུད་བླ་མ་མཆོད། །སྒྲུབ་བརྒྱུད་བསྟན་པ་ཟིན་པར་བྱིན་གྱིས་རློབས། །

茶供养实修传承师,祈加持承续实修法。

ཇ་མཆོད་པ་དོན་བརྒྱུད་བླ་མ་མཆོད། །དོན་བརྒྱུད་སེམས་ལ་ཐོབ་པར་བྱིན་གྱིས་རློབས། །

茶供养了义传承师,祈加持心证了义法。

ཇ་མཆོད་པ་རྩ་བའི་བླ་མ་མཆོད། །ཐུགས་ཡིད་གཅིག་ཏུ་འདྲེ་བར་བྱིན་གྱིས་རློབས། །

茶供养根本上师尊,祈加持心与智合一。

ཇ་མཆོད་པ་ཡི་དམ་ལྷ་ཚོགས་མཆོད། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །

茶供养诸圣众本尊,祈加持获得胜悉地。

ཇ་མཆོད་པ་གནས་གསུམ་མཁའ་འགྲོ་མཆོད། །ཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབས། །

茶供养三处空行母,祈加持成就四事业。

ཇ་མཆོད་པ་ཆོས་སྐྱོང་སྲུང་མ་མཆོད། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །

茶供养护法诸神众,祈加持息灭违缘障。

ཇ་མཆོད་པ་རྡོ་རྗེ་སྤུན་ཚོགས་མཆོད། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །

茶供养金刚诸道友,祈加持无偏现净相。

ཇ་མཆོད་པ་ཕྱག་རྒྱ་ཆེན་པོ་མཆོད། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །

茶供养了义大手印,祈加持证轮涅不二。

ཞེས་རྒྱལ་དབང་ཆོས་རྗེས་སོ།། །།

嘉旺曲杰 著。古普·钦哲仁波切译。

主页