Skip to content

༄༅། །སྨན་བླའི་བསྙེན་ཐབས་བསྡུས་པ་གདུང་སེལ་ག་པུར་ཐིགས་པ་ཞེས་བྱ་བ་བཞུགས་སོ།།

药师佛简易持咒方法

除病冰片之滴

རྒྱལ་བ་སྨན་གྱི་དབང་པོ་ལ་ཕྱག་འཚལ་ལོ།།

顶礼大医王佛!

དེང་ནས་བྱང་ཆུབ་སྙིང་པོའི་བར། །

དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །

མཁའ་མཉམ་སེམས་ཅན་བསྒྲལ་བྱའི་ཕྱིར། །

བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ།།

直至菩提果,皈依佛法僧,

为度等空众,发大菩提心。

རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང༌། །

ཨོཾ་སྔོན་འོད་ཀྱི་འཕྲོ་འདུས་མ་དག་པའི། །

ཕུང་ཁམས་སྦྱངས་ནས་རང་རིག་ཡེ་ཤེས་སྐུ། །

བཅོམ་ལྡན་སྨན་བླ་བཻཌཱུར་འོད་ཀྱི་རྒྱལ། །

སྐུ་མདོག་མཐིང་སྔོན་མཚན་དཔེའི་གཟི་བརྗིད་འབར། །

རབ་བྱུང་ཆ་ལུགས་ཕྱག་གཡས་མཆོག་སྦྱིན་གྱིས། །

ཨ་རུ་ར་ཡི་སྡོང་པོ་རྒྱས་པ་འཛིན། །

གཡོན་པ་མཉམ་བཞག་སྟེང་ན་བཻཌཱུརྻའི། །

ལྷུང་བཟེད་ཡེ་ཤེས་བདུད་རྩིས་གང་བ་བསྣམས། །

པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །

ཐུགས་ཀར་ཟླ་བར་ཨོཾ་ཡིག་སྔོན་པོ་ལས། །

འོད་ཟེར་ལྕགས་ཀྱུ་ཞགས་པ་ལྟ་བུར་འཕྲོས། །

ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿ ཧཱུཾ་བཾ་ཧོཿ

གཉིས་སུ་མེད་པར་གྱུར། །

自之心间啊变月轮上,蓝色嗡字发光与收光,

清净不净蕴界自我心,智身药师琉璃光如来,

身色深蓝相好威严相,出家装束右手供施印,

持拿尊胜诃子树枝干,左手平等住之手印上,

持拿满智甘露琉璃钵,莲月垫上金刚跏趺坐,

心间月上蓝色嗡字中,照耀犹如钩与羂之光,

智慧萨埵呗杂萨嘛咋,咋吽班伙成无二无别。

གཡས་གཡོན་ཨ་དང་མཾ་ལས་བྱང་སེམས་ནི། །

ཟླ་ལྟར་སྣང་བྱེད་དཀར་པོ་ཉི་མ་ལྟར། །

སྣང་བྱེད་དམར་པོ་ཐལ་སྦྱར་རྒྱན་གྱིས་བརྒྱན། །

རང་གི་གནས་གསུམ་ཨོཾ་ཨཱཿ ཧཱུཾ་གིས་མཚན། །

ཅེས་བསྒོམས་ནས་སྔགས་བཟླ་བ་ནི།

ཨོཾ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱཻ་གུ་རུ་བཻཌཱུརྻ་པྲ་བྷ་རཱ་ཛཱ་ཡ།

ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ།

ཨོཾ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ། མ་ཧཱ་བྷཻ་ཥ་ཛྱཻ། རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ།

ཞེས་བཟླས་སོ།།

左右啊和芒字两菩萨,月光遍照菩萨合掌相,

日光遍照菩萨亦合掌,自之三处嗡啊吽字标。

如此观想后持念咒语。

嗡拿摩巴嘎瓦喋,

呗堪则咕如呗哲亚扎巴冉杂呀,

达他嘎达呀,啊哈喋,萨酿桑布达呀,

喋雅他 ,嗡呗堪则呗堪则,玛哈呗堪则,

冉杂萨目嘎喋梭哈。

如此尽力念诵咒语。

འབུམ་བཟླས་པ་གྲུབ་ནས།

ཡེ་ཤེས་པ་བདག་ཉིད་ལས་བྱེ་ནས་མདུན་དུ་བཞུགས་པར་གྱུར།

བཟང་སྤྱོད་ལས་བྱུང་བའི་ཡན་ལག་བདུན་པ་བྱ།

将咒语完成十万遍念诵后,

观想智慧者安住于前方,

于是念诵《普贤行愿品》当中的《七支供》。

བདག་དང་སེམས་ཅན་ཐམས་ཅད་ཀྱི། །

ནད་དང་སྡུག་བསྔལ་ཡིད་མི་བདེ། །

ལས་ངན་སྡིག་སྒྲིབ་མ་ལུས་པ། །

ཐམས་ཅད་བྱང་ཞིང་དག་པ་དང༌། །

འཁོར་བའི་ཕྱི་མཐའ་དེ་སྲིད་དུ། །

རླབས་ཆེན་སྤྱོད་པ་རྒྱ་མཚོ་ཡིས། །

གཞན་དོན་དཔག་མེད་འགྲུབ་པ་དང༌། །

བླ་མེད་གོ་འཕང་མཆོག་ཐོབ་ཤོག །

ཅེས་གསོལ་བ་བཏབ། ཡིག་བརྒྱ་བརྗོད།

吾等一切有情之,疾病痛苦心不安,

恶业罪障无一余,悉皆消除并清净,

直至轮回终止间,广大如海之愿行,

圆成无数利他事,愿得无上菩提果。

如此祈祷,并念诵百字明咒。

བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས།

བདག་བསྐྱེད་སྟོང་པ་ཉིད་དུ་ཞུགས་པར་གྱུར།

དགེ་བ་བསྔོ། བཀྲ་ཤིས་ཅི་རིགས་བརྗོད་པར་བྱའོ། །

呗杂目、智慧者回归自性,

自生起融入于空性。

之后回向善根,念诵各种吉祥颂。

ཞེས་སྨན་བླའི་བསྙེན་ཐབས་བསྡུས་པ་འདི་ཡང༌། ཀུན་བཟང་པད་དཀར་གྱིས་བསྐུལ་བའི་ངོར། ཤཱཀྱའི་དགེ་སྦྱོང་དྲི་མེད་ལེགས་བློས་སྦྱར་བའོ།། །།

此《药师佛简易持咒方法》,因更松白嘎之请求,由释迦沙门智美勒罗著。

古普·钦哲仁波切译,陈润泽居士和朱红霞居士校对汉文。

主页