Appearance
Appearance
༈ དོན་བརྒྱུད་འབྲུག་པའི་འཕྲལ་དགོས་ཆོས་བཞི་ལས་བཞི་པ་ཐུགས་རྗེ་ཆེན་པོ་རྒྱུད་བྱིན་གྱིས་རློབ་པའི་ཆོ་ག་ནི།༄༅། །ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བྱིན་རླབས་བུམ་བཟང་ཞེས་བྱ་བ་བཞུགས་སོ།།
义传竹巴传承四部急需实修法之四
——大悲观音相续加持法
加持妙瓶
དེང་ནས་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །
མར་གྱུར་སེམས་ཅན་བསྒྲལ་བྱའི་ཕྱིར། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ། །
直至菩提果,皈依佛法僧,
为度有情母,即发菩提心。
ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ།
嗡 所巴瓦 秀大 沙瓦 大马 所巴哇 秀多沆
ཕྱི་ནང་སྣོད་བཅུད་ཕུང་ཁམས་རྣམས། །འོད་གསལ་སྟོང་པའི་ངང་ཉིད་ལས། །
པད་དཀར་ཟླ་སྟེང་ཧྲཱིཿ ཡིག་ལས། །པདྨ་ཧྲཱིཿ ཡིས་མཚན་པར་གྱུར། །
内外器情诸蕴界,光明空性界之中,
白莲月上舍字中,莲花舍字所庄严。
དེ་ཉིད་ཡོངས་གྱུར་སྤྱན་རས་གཟིགས། །སྐུ་མདོག་གངས་རི་ལྟར་དཀར་ཞིང༌། །
ཞལ་གཅིག་ཞི་འཛུམ་སྐྱིལ་ཀྲུང་བཞུགས། །ཕྱག་བཞི་ཐལ་སྦྱར་བགྲང་འཕྲེང་དང༌། །
彼等瞬变观世音,身色洁白如雪山,
一面笑容跏趺坐,四臂合掌右念珠,
ཆུ་སྐྱེས་དཀར་པོའི་སྡོང་བུ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །
འོད་ཟེར་འཁྲིགས་པའི་ཀློང་ན་བཞུགས། །
左手持拿白莲花,绸缎珍宝饰庄严,
万丈光芒中安坐。
མདུན་དུ་རིན་ཆེན་གསེར་གྱི་གཞིར། །གྲུ་འཛིན་རི་བོ་མཛེས་པའི་སྤོར། །
གཞལ་མེད་ཁང་བཟང་རྒྱན་ལྡན་དབུས། །པད་དཀར་ཟླ་བའི་གདན་སྟེང་དུ། །
前方黄金大地中,壮美普陀山顶上,
无量宫殿之中央,白莲月轮坐垫上,
ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པའི། །འཕགས་པ་སྤྱན་རས་གཟིགས་དབང་པོ། །
ཡུམ་དང་སྲས་བཅས་དགྱེས་པར་བཞུགས། །མཆོད་སྤྲིན་རྒྱ་མཚོས་མཆོད་པར་གྱུར། །
心间之光所请尊,圣者观自在菩萨,
佛母一同欢喜坐,各种供品云供养。
ཨོཾ་ལོ་ཀི་ཤྭ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། ཤཔྟའི་བར་གྱིས་མཆོད།
嗡罗格笑惹阿刚扎德擦唆哈;嗡罗格笑惹巴当扎德擦唆哈; 嗡罗格笑惹布白扎德擦唆哈;嗡罗格笑惹都白扎德擦唆哈; 嗡罗格笑惹阿洛格扎德擦唆哈;嗡罗格笑惹更德扎德擦唆哈; 嗡罗格笑惹纳微德扎德擦唆哈;嗡罗格笑惹下达扎德擦唆哈。
以此进行供养
སྐྱོན་གྱིས་མ་གོས་སྐུ་མདོག་དཀར།། སོགས་ཀྱིས་བསྟོད།
无有过患身净白,圆满正觉顶上严,
大悲之眼观众生,顶礼观世音菩萨。
如此进行赞扬
ཨོཾ་མ་ཎི་པདྨེ་ཧཱུཾ།
ཞེས་བཟླས་སོ།།
嗡嘛呢呗咪吽
如此念诵观音心咒
མཐར་མདུན་གྱི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་རང་གི་སྙིང་ཁར་ཐིམ་པར་གྱུར།
最后前方观音三尊融入于自己的心间。
我今速以此善根,成就观世音菩萨,
令诸众生无一余,愿皆安置于彼地。
白昼吉祥夜吉祥, 正午之时亦吉祥,
昼夜六时恒吉祥, 无上三宝愿吉祥。
དགེ་བ་བསྔོ། སྨོན་ལམ་དང་བཀྲ་ཤིས་བྱའོ། །
如此念诵回向文、发愿文及吉祥文。
ཤཱཀ་རིན་པས་སོ།། །།
夏任巴尊者著。
ཞེས་དཔལ་འབྲུག་པའི་ལུགས་ཀྱི་འཕྲལ་དགོས་ཀྱི་ཆོས་བཞིའི་ངག་འདོན་རྒྱུན་ཁྱེར་མདོར་བསྡུས་རེ་སྒྲིགས་ཞེས་བཀའ་ཕེབས་པ་བཞིན་ལྷ་མིང་པས་ཕྱོགས་གཅིག་ཏུ་བསྡེབས་པས་རྒྱལ་བསྟན་སྤྱི་དང་བྱེ་བྲག་དོན་བརྒྱུད་རིན་པོ་ཆེའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ནས་འགྲོ་བ་མཐའ་ཡས་པ་ལ་ཕན་ཐོགས་པར་ཤོག་ཅིག།། །།
因多人要求编辑《义传竹巴传承四部急需实修法简易修法》,由拉旺之名摘选编辑而成。
愿以此功德,弘扬如来正法,特别是义传竹巴仁波切传承法教,繁荣昌盛,并能利益无量无边之众生。
古普·钦哲仁波切译,陈润泽居士和朱红霞居士校对汉文。