Appearance
Appearance
༄༅། །ཛམྦྷ་ལ་དཀར་པོ་ཇོ་བོ་ལུགས་ཀྱི་སྒྲུབ་ཐབས་དངོས་གྲུབ་བུམ་བཟང་ཞེས་བྱ་བ་བཞུགས་སོ།།
成就妙瓶
ཨོཾ་སྭ་སྟི། འཇིག་རྟེན་མགོན་པོ་ལ་བཏུད་ནས། །དེ་ཡི་རྣམ་སྤྲུལ་ནོར་ལྷའི་གཙོ། །
གནོད་གནས་ལྷ་ལྔ་ལ་བཏུད་ནས། །སྒྲུབ་ཐབས་འདོན་ཆའི་རིམ་པ་བཤད།།
嗡唆德
恭敬顶礼世间怙,与其化身财神主,
顶礼五方藏巴拉,并著修持之次第。
མདུན་དུ་བྲིས་སྐུ་མཎྜལ་ཚོམ་བུ་དང་བཅས་པའི་རྟེན་བཤམས་ལ། མཐའ་མཆོད་གཏོར་གྱིས་བསྐོར། དང་པོ་བདག་བསྐྱེད་ལ།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །
བདག་གིས་བསྙེན་བསྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།
ཅེས་སྐྱབས་འགྲོ་སེམས་བསྐྱེད་ཡིད་དང་འདྲེས་ངེས་ལན་གསུམ་བྱས་ནས།
在前面摆设画像及曼荼罗供堆,其周边围绕供养施食。
第一、自生:
诸佛正法圣僧众,直⾄菩提我皈依,
以我修行之功德,为利众⽣愿成佛。
如此从内心深处念三遍皈依和发心。
ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ་མདོག་བསིལ་ཟེར་བྱེད་པའི་སྙིང་པོ་ལྟ་བུར་དཀར་བ་ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ་རྒྱལ་བའི་དབང་པོ་ཀུན་གྱི་ཕྱག་རྒྱ་ཐུགས་ཀར་གནས་པ། འོག་མའི་གཡས་ཤེལ་དཀར་གྱི་བགྲང་ཕྲེང་དང་། གཡོན་ཆུ་སྐྱེས་ཀྱི་སྡོང་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། དེ་ལ་དམིགས་ཏེ། ཨོཾ་ཨཱཿབཛྲ་ཨརྒྷཾ་ཧཱུྃ། ནས། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝི་དྱ། ཤཔྟ་ཧཱུཾ། བར་གྱིས་མཆོད།
སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་བརྒྱན། །
ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །
ཅེས་པས་བསྟོད།
嗡 所巴瓦 秀大 沙瓦 大马 所巴哇 秀多沆
于空性中莲花和月垫上,自心性本体白色“舍(ཧྲཱིཿ )”字完全变成了圣世间自在,身色洁白犹如明月一般,一面微笑寂静相,上手合掌并握着摩尼宝,即象征诸佛之悲心,下右手持拿水晶念珠,左手持拿莲花茎,以各种绸缎和珍宝饰装饰,双腿金刚跏趺而坐。
其顶上为“嗡(ཨོཾ)字”,喉间为“啊(ཨཱཿ )字,心间为“吽(ཧཱུྃ)字”,彼处发光,故迎请如观修一般之智慧者。对此为所缘,并念诵供养咒:嗡啊拜杂阿刚吽;嗡啊拜杂巴当吽;嗡啊拜杂布呗吽;嗡啊拜杂都呗吽;嗡啊拜杂阿洛格吽;嗡啊拜杂根德吽;嗡啊拜杂乃微德吽;嗡啊拜杂下达吽。
无有过患身净白,圆满正觉顶上严,
大悲之眼观众生,顶礼观世音菩萨。
如此赞扬
ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་རང་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཚོགས་སྤྱན་དྲངས་པར་གྱུར། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཕྱུར་བ་ལས་རིགས་ཀྱི་བདག་པོ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བར་ཧྲཱིཿརྩིབས་དྲུག་ལ་ཡི་གེ་དྲུག་པས་བསྐོར་བར་གྱུར་པར་བསམ།
ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་མང་བསྙེན། འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱ་བའི་དམིགས་རིམ་བྱ།
咋吽班伙与誓言者融为一体。复次心间种子字发光,故迎请了诸灌顶之佛。彼等诸佛菩萨以装满甘露之宝瓶赐予了灌顶,充满全身,清净了垢染。剩余之甘露上流,顶上就庄严了部主无量光如来。如此心想
嗡嘛呢呗咪吽
如此尽力念诵六字真言
亦进行光芒射摄、成办二利之观想次第。
གཉིས་པ་མདུན་བསྐྱེད་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་གཞལ་མེད་ཁང་གི་དབུས་སུ་ཛཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་ཛམྦྷ་ལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཁྲོ་བོའི་ཆ་ལུགས་ཅན་ཕྱག་གཡས་པས་མདུང་རྩེ་གསུམ་པ་འཕྱར་བ། གཡོན་པས་ནོར་བུས་མཚན་པའི་བེ་ཅོན་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པདྨ་དང་ཉི་མའི་གདན་ལ་གཡུ་འབྲུག་སྔོན་མོ་ལ་ཆིབས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་སངས་རྒྱས་དཔའ་བོའི་ངོ་བོར་གྱུར། ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ་གཡས་རྡོ་རྗེ་དང་གཡོན་རྟེན་འབྲེལ་གྱི་རྫས་སྣ་ཚོགས་ཀྱིས་གང་བའི་སྣོད་འཛིན་པ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡས་རིན་པོ་ཆེ་སྤུངས་པ་དང་གཡོན་ལྕགས་ཀྱུ་བསྣམས་པ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་གཡས་པདྨ་དང་། གཡོན་ནོར་བུས་མཚན་པའི་རྒྱལ་མཚན་འཛིན་པ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ་དང་། གཡོན་གཏེར་གྱི་ནེའུ་ལེ་འཛིན་པ། ཐམས་ཅད་ཀྱང་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། པོ་ཊ་ལ་ནས་ཛམྦྷ་ལ་འཁོར་དང་བཅས་པ་བཛྲ་ས་མཱ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར། གཙོ་བོ་ལ་དེ་བཞིན་གཤེགས་པ་རིགས་ལྔ་དང་། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན་པར་གྱུར།།
第二、对生:
嗡拜杂啊讷达吽呸,
以此而净化
嗡 所巴瓦 秀大 沙瓦 大马 所巴哇 秀多沆
以此而观空
于空性中珍宝所形成的无量宫殿,其中央白色“藏(ཛཾ)”字圆满的变成了圣藏巴拉,其身色洁白,一面四臂,三眼,上竖着金黄色头发,装饰忿怒饰,右手上举三尖矛,左手持拿摩尼宝装饰的棍棒,以各种绸缎和珍宝饰装饰,于莲花和日轮垫上乘骑着青龙,并安坐于炽然的火焰当中,即成为佛陀勇士之自性。
东方青色金刚空行母,右手持金刚杵,左手持装满各种缘起圣物之容器。南方黄色珍宝空行母,右手持摩尼宝堆,左手持铁钩。西方红色莲花空行母,右手持莲花,左手持装有摩尼宝的胜幢。北方绿色业空行母,右手持十字金刚杵,左手持吐宝兽。均以半跏趺而坐,各种绸缎和珍宝所装饰。
自心间发光,从布达拉山迎请藏巴拉及其眷属、拜杂萨嘛杂。咋吽谤伙、成为无二无别。嗡拜泽八瓦啊呗肯杂吽。如此念咒后诸灌佛赐予灌顶,于主尊顶上五方如来庄严,于诸眷属顶上由主尊庄严。
མཆོད་པ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་རྫས་རྣམས་ཟབ་ཅིང་རྒྱ་ཆེ་ལ་དྭངས་ཤིང་ཐོགས་པ་མེད་པ་ཟད་མི་ཤེས་པ་རྒྱལ་སྲས་ཀུན་ཏུ་བཟང་པོའི་སྤྲིན་གྱི་ཕུང་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ།
རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །
བདུག་སྤོས་སྣང་གསལ་དྲི་ཆབ་ཚོགས། །ཞལ་ཟས་རོལ་མོ་འདོད་ཡོན་སོགས། །
སྣོད་བཅུད་སྣང་སྲིད་ལོངས་སྤྱོད་ཚོགས། །མཆོད་རྫས་ཇི་སྙེད་མཆིས་པ་རྣམས། །
བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །
དེ་སྙེད་ནོར་ལྷའི་ཚོགས་ལ་འབུལ། །ཐུགས་རྗེ་མངའ་བས་ཉེར་བཞེས་ནས། །
བདག་དང་སེམས་ཅན་ཐམས་ཅད་ཀྱི། །དབུལ་ཕོངས་སྡུག་བསྔལ་ཀུན་བཅོམ་ནས། །
དཔལ་འབྱོར་ཕུན་ཚོགས་རྒྱས་པར་མཛོད། །
ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲྀ་ད་ཡ་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་མཆོད།
供养诵:嗡 所巴瓦 秀大 沙瓦 大马 所巴哇 秀多沆
于空性中“嗡(ཨོཾ)字”所成,极为宽广的珍宝器内,形成了无量无边各种丰富的清净供品,即佛子普贤菩萨云蕴。
嗡啊吽伙,念三遍
无量无边刹土中,食水浴水与鲜花,
熏香灯烛与涂香,食子音乐及妙欲,
器情显有一切福,一切所具之供品,
我以恭敬心摆设,十方诸佛及佛子,
所有财神敬供养,祈求慈悲心接纳,
我与一切诸有情,消除一切贫穷苦,
祈请增盛诸财富。
嗡白玛卓达、啊亚藏巴拉舍达亚、萨巴热瓦惹、阿刚、巴当、布呗、都呗、阿洛格、根德、乃微德、下达扎德擦叶唆哈。
如此供养
བསྟོད་པ་རྒྱས་པར་འདོད་ན། ཇོ་བོ་རྗེས་ཛམྦྷ་ལ་ཞལ་གཟིགས་སྐབས་བསྟོད་པ་རྐང་པ་བདུན་པས་བསྟོད། བསྡུས་པ་ནི།
སྤྱན་རས་གཟིགས་དབང་སྐུ་ལས་མངོན་སྤྲུལ་པ། །རིགས་ལྔས་བྱིན་རླབས་བདུད་རྩི་ཆར་ལྟར་འབེབས། །པདྨ་ཁྲོ་བོ་ཨཱརྱ་ཛམྦྷ་ལ། །རིགས་བཞི་མཁའ་འགྲོ་མ་དང་བཅས་ལ་བསྟོད། །མདུན་བསྐྱེད་ལྷ་ཡི་ཐུགས་ཀའི་ས་བོན་སྔགས་ཕྲེང་འོད་ཀྱིས་དངོས་གྲུབ་ཐམས་ཅད་ཕུན་ཚོགས་རྒྱས་པ་ཆེན་པོར་ཐོབ་པར་བསམ། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ྄། ཅེས་ཅི་ནུས་བཟླས།
若想详细地赞颂,应以阿底峡尊者面见藏巴拉时的七偈颂来赞颂。
简易之赞颂:
真实观音菩萨身所化,五佛加持甘露降如雨,
忿怒莲花阿亚藏巴拉,四部空行母等吾赞扬。
如此尽力赞颂
ཐུན་འཇོག་ཁར་ཟངས་གཞོང་གི་སྣོད་དུ་ལུགས་སྐུ་བཞག་པའམ་སྐུ་གཟུགས་མེད་ཀྱང་རུང་། རང་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ལག་མཐིལ་གཡས་སུ་བྷྲཱུྃ་ལས་བྱུང་བའི་བུམ་པ་བཟང་པོའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །མདུན་གྱི་ཛམྦྷ་ལ་འཁོར་བཅས་ཟངས་གཞོང་གི་ནང་དུ་བྱོན་པར་བསམ། སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་ཆུ་སྦྱིན་འབུལ། མཐར་ཐིགས་པ་གཅིག་ལྕེ་ཐོག་ཏུ་བཞག་ལ་དངོས་གྲུབ་བླངས། ལྷག་མ་ཕྱོགས་བཞིར་གཏོར།
在收坐前,于红铜盆子里安放铸造之佛像,或者没有佛像也可以。
自观想为圣观世音菩萨,而后右手掌心观想“忠(བྷྲཱུྃ)”字所化之妙瓶,其内由“嗡啊吽”化成了甘露大海。前方之藏巴拉及眷属降临于红铜盆子里。念诵一百零八遍心咒,并进行水供。最后一滴水滴在舌头上而接受悉地,剩余水洒于四方。
ཐུན་མཐར་གཏོར་མ་འབུལ་བར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཨཱཿ ལས་གཏོར་མ་རྣམས་འདོད་པའི་ཡོན་ཏན་ལྔ། ཧཱུྃ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ། ལན་བདུན།
ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲྀ་ད་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ལྔས་ཕུལ། ཨོཾ་ཨཱཿབཛྲ་ཨརྒྷཾ་ཧཱུཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝི་དྱ། ཤཔྟ་ཧཱུཾ། ཞེས་མཆོད། འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས་གྱུར་ནས། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་པའི། །གངས་རི་ལྟར་དཀར་ནོར་འཆང་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་བསྟོད། །སེར་སྣའི་ལས་ཀྱི་མེ་ཡིས་གདུང་བ་དག །སྐྱེ་དང་སྐྱེ་བར་ཁྱོད་ལ་གསོལ་འདེབས་ཀྱིས། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད།།
收坐时供养食子:
嗡 所巴瓦 秀大 沙瓦 大马 所巴哇 秀多沆
于空性中珍宝形成的容器内,由“啊(ཨཱཿ )”字形成的所有食子变成了五种妙欲,由“吽(ཧཱུྃ)”变成了无漏智慧之甘露。嗡啊吽,念七遍。嗡白玛卓达、啊亚藏巴拉舍达亚、萨巴热瓦惹、额当巴岭达、卡卡卡赫卡赫。念五遍
嗡啊拜杂阿刚吽;嗡啊拜杂巴当吽;嗡啊拜杂布呗吽;嗡啊拜杂都呗吽;嗡啊拜杂阿洛格吽;嗡啊拜杂根德吽;嗡啊拜杂乃微德吽;嗡啊拜杂下达吽。以此而供养。
观照众生贫穷之痛苦,世间怙主眼泪之化身,
白如雪山十方财神主,礼赞四部空行母绕者。
吝啬业火所烧之众生,生生世世敬心祈祷汝,
降临珍宝甘露宝藏雨,祈求息灭众生贫穷苦。
ཅེས་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ་སོགས་བྱས་ལ། གོང་དུ་བཤད་པ་བཞིན་རྟེན་ཡོད་ན་རྟེན་བཞུགས་དང་། ཚོམ་བུ་ལ་ཡང་བསྙེན་པ་མ་ཐོན་གྱི་བར་དུ་རྟེན་བཞུགས་བྱས། རྒྱུན་གྱི་བཟླས་པའི་སྐབས་ལྟ་བུ་རྟེན་དང་ཚོམ་བུ་གཉིས་ཀ་མེད་ན་བཛྲ་མུཿ ས་གཤེགས་སུ་གསོལ། མཁའ་འགྲོ་རིགས་བཞིའི་སྔགས་ཀྱང་སྒྲུབ་པ་དང་ལས་སྦྱོར་གྱི་སྐབས་མ་གཏོགས་མི་དགོས་སོ། །དེ་ལྟར་སྔགས་འབྲུ་འབུམ་དུ་བཟླས་པས་བསྙེན་ཚད་འགྲུབ་པ་ཡིན་པས། གྭའུའི་ལས་བསྒྲུབ་པ་ལས་སྦྱོར་དང་བཅས་པ་སོགས་འདི་ཉིད་ཀྱིས་ལས་ཚོགས་རྣམས་བསྒྲུབས་པས་རྟགས་འཕྲལ་དུ་ཐོན་པ་འགྱུར་བ་ཡིན་ནོ། །ཞེས་ཛམྦྷ་ལ་དཀར་པོ་ཇོ་བོའི་ལུགས་ཀྱི་སྒྲུབ་ཐབས་དངོས་གྲུབ་བུམ་བཟང་ཞེས་བྱ་བ་འདི་ཡང་། ཕུན་ཚོགས་སྡེ་བཞིའི་དགེ་ལེགས་ཁྲིམས་ཀྱི་ཕྲིན་ལས་པ་བེའུ་ཐང་པ་གུ་རུ་རྒྱལ་གྱིས་བསྐུལ་ངོར་ཝ་གཱིནྡྲ་ནན་ཏ་ཤ་ས་ན་དྷ་རས་ཉག་སྨད་འགག་ཆོས་སྒར་དུ་སྦྱར་བའི་ཡི་གེ་པ་ནི་ཤ་ས་ན་དྷ་ར་ལཀྵྨིས་བགྱིས་པས་དགེ་བར་གྱུར་ཅིག། །།
如此祈祷。念诵百字明咒,并祈请宽恕。如前所述,若有所依佛像,应当祈请安住。观修尚未完成时,亦对曼荼罗供堆也祈请安住。在日常念诵时,若没有所依和供堆,则以拜杂幕祈请回归。
这四方空行母心咒,除了对生观修和作法外,平时无需念诵。当心咒的每字母念修十万遍时,便是达到了念咒的标准。在修持佛盒时,也依此修持所有的羯磨集,则能立刻出现验相。
此《阿底峡传承白藏巴拉修法成就妙瓶》,因四德善妙行法者,白唐巴故汝嘉之请求,瓦格扎啊尼达夏萨拿达惹(多康巴衮嘎定增)于下酿西谷法会时著作,由夏萨拿达惹拉恰米(底嘛定增普措格西)手写笔录。愿一切吉祥!
རྒྱ་གར་སྐད་དུ། བ་སུ་དྷ་རི་ཨུ་པ་དྷྱ་པཉྩ་ར་ཏྟྲ་བ་སུ་མེ་གྷ་ཨ་བེ་ཤ་ན་མ།
梵语:八素达热、欧巴达亚、本杂惹扎、八素麦嘎、啊外夏拿嘛。
བོད་སྐད་དུ། ནོར་བདག་གཙོ་འཁོར་གྱི་བསྟོད་པ་དབྱིག་གི་ཆར་འབེབས་ཞེས་བྱ་བ།
汉语:三尊财神之赞天降宝雨。
འཕགས་པ་ནོར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ།།
ཨེ་མ་ཧོ།
哎玛吙
འཇིག་རྟེན་དབང་ཕྱུག་ནོར་བདག་སྐུར་སྤྲུལ་འཕགས་པ་ནི། །
世间自在所化圣财神,
གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །
清净愚痴法界体性智,
ཞལ་གཅིག་ཕྱག་གཉིས་དབུ་སྐྲ་གྱེན་བརྫེས་ནོར་བུས་བརྒྱན། །
一面二臂竖发饰珍宝,
ཤ་རྒྱས་གསུས་འཕྱང་སྣ་ཚོགས་དར་གྱིས་བཀླུབས། །
身胖腹凸穿着绸缎衣。
ཕྱག་གཡས་བེ་ཅོན་འཛིན་པས་འཇིག་རྟེན་དབང་དུ་སྡུད།།
右手持棍怀柔世间界,
གཡོན་པས་ནེའུ་ལེ་འཛིན་པས་ལོངས་སྤྱོད་ཆར་བཞིན་འབེབས། །
左持吐宝兽降财富雨,
སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་འབྲུག་ལ་ཆིབས། །
身色白里透红乘青龙,
སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས་ལ་ཕྱག་འཚལ་བསྟོད། །
礼赞装饰各种珠宝者。
གཡོན་གྱི་གྲུ་མོར་རྡོ་རྗེ་ཁ་ཊྭཱྃ་བརྟེན་པ་ནི། །
左手臂肘金刚天倚杖,
ཉིད་ཀྱི་སྐུ་ལ་གཉིས་མེད་འཁྲིལ་བའི་ཡུམ་མཆོག་མཚོན། །
则表与你双运之胜母,
སྤྱན་གསུམ་ཁྲོ་གཉེར་ཅུང་ཟད་བསྡུས་པ་ཞི་ཁྲོའི་ཚུལ། །
三眼怒纹略带微笑容,
ཡིད་ལ་རེ་བའི་འབྲས་བུ་སྦྱིན་ལ་ཕྱག་འཚལ་བསྟོད། །
礼赞满足一切心愿者。
ཤར་དུ་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ། །
东方净嗔大圆镜智身,
རྡོ་རྗེ་མཁའ་འགྲོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །
金刚空行一面二臂蓝,
གཡས་པས་རྡོ་རྗེ་གཡོན་པས་རྟེན་འབྲེལ་རྫས་རྣམས་འཛིན། །
右手金刚左手缘起物,
བགེགས་རིགས་ཀུན་འཇོམས་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །
礼赞除障金刚空行母。
ལྷོ་རུ་སེར་སྣ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ། །
南方净吝平等性智身,
རིན་ཆེན་མཁའ་འགྲོ་སེར་གསལ་ཞལ་གཅིག་ཕྱག་གཉིས་མ། །
珍宝空行一面二臂黄,
གཡས་པས་ནོར་བུ་གཡོན་པས་རིན་ཆེན་བུམ་པ་བསྣམས། །
右手摩尼左手珍宝瓶,
དབྱིག་གི་ཆར་འབེབས་རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །
礼赞宝降珍宝空行母。
ནུབ་ཏུ་འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་སྐུ། །
西方净贪妙观察智身,
པདྨ་མཁའ་འགྲོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །
莲花空行一面二臂红,
གཡས་པས་པདྨ་གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས། །
右手莲花左手持铁钩,
འགྲོ་རྣམས་དབང་སྡུད་པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །
礼赞服众莲花空行母。
བྱང་དུ་ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་སྐུ། །
北方净嫉成所作智身,
ལས་ཀྱི་མཁའ་འགྲོ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །
业之空行一面二臂绿,
གཡས་པས་རྒྱ་གྲམ་གཡོན་པས་ནེའུ་ལེའི་རྐྱལ་པ་བསྣམས། །
右手交杵左手吐宝兽,
ལས་ཀུན་སྒྲུབ་བྱེད་སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །
礼赞业成交杵空行母。
ཅེས་མར་མེ་མཛད་ཡེ་ཤེས་ཀྱིས་ནོར་བདག་གཙོ་འཁོར་ལྔ་ཞལ་གཟིགས་པའི་དུས་སུ་བསྟོད་པའོ། །རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དང་། ལོ་ཙཱ་བ་ཆེན་པོ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བའོ། །མངྒ་ལཾ། བཀྲ་ཤིས་པར་གྱུར་ཅིག །ཞལ་དྲོ། དགེའོ། །དགེའོ། །དགེའོ།། །།
此乃吉祥燃灯智(阿底峡尊者)面见五方财神时之赞颂也,由印度大班智达和大译师嘉增珠森格翻译。愿一切吉祥!
古普·钦哲仁波切译于成都,陈润泽居士和朱红霞居士校对汉文。