Skip to content

༈ བཞི་པ་གཏུམ་པོ་ནུས་མཐུའི་སྐོར་ལས།༈ གཏུམ་པོ་ནུས་མཐུའི་སྐོར་གྱི་བརྒྱུད་པའི་གསོལ་འདེབས།

竹巴噶举修法五类之四

忿怒猛力类

忿怒猛力类传承上师祈祷文

རྡོ་རྗེ་འཆང་དབང་གསང་བདག་རྡོ་རྗེ་འཛིན། །ལས་ཀྱི་རྡོ་རྗེ་ཐང་ལོ་ཤིང་ལོ་པ། །

ཀརྞ་རི་པ་ཝ་ལ་ཙནྡྲའི་ཞབས། །རས་ཆུང་ལོ་སུམ་སྒོམ་པ་ཆོས་ཀྱི་གྲགས། །

金刚总持密主金刚持,列吉多杰同罗兴罗巴,

嘎拿热巴瓦拉增哲尊,惹琼罗孙冈巴秋吉扎。

གླིང་དང་རྒྱ་རས་སེང་གེའི་མཚན་ཅན་དགུ། །བསམ་རྒྱལ་ཁ་ཆེ་རིགས་གསུམ་མགོན་སྤྲུལ་རྗེ། །

ཆོས་རྗེ་ཁུ་དབོན་ཀུན་མཁྱེན་ལྷ་རྩེ་བ། །དཔག་བསམ་དབང་པོ་ཀུན་ལྷུན་ཆོས་ཀྱི་དབང༌། །

岭日甲热森格名九尊,桑加卡切三怙之化身,

求吉叔侄遍智拉泽瓦,巴桑旺波衮论求吉旺。

དགེ་ལེགས་བཞད་པ་འཇམ་དགྱེས་ཡེ་ཤེས་སྣང༌། །དམ་ཆོས་ཉི་མ་ཆོས་ལྷུན་འཇིགས་བྲལ་ཞབས། །

ཆོས་ཀྱི་ཉིན་བྱེད་བསྟན་པའི་ཉི་མ་རྗེ། །མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་གྲུབ་རིགས་མཚན། །

格列协巴将吉叶西囊,当求尼玛秋伦杰扎尊,

曲吉尼色定悲尼玛主,图多秋吉嘉措仲惹名。

རྩ་བའི་བླ་མར་བཅས་ལ་གསོལ་བ་འདེབས། །བླ་མེད་བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་པའི། །

ལམ་གྱི་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང༌། །ས་ལམ་འབྲས་བུའི་ཡོན་ཏན་ཡོངས་སུ་རྫོགས། །

ནུས་མཐུ་གསང་བའི་བདག་དང་དབྱེར་མེད་ཤོག།། དྷརྨ་ཤྲཱིའི་ལི་ཁི་ཏཾ།།

以及根本上师敬祈祷,修持无上菩提瑜伽士,

道之违缘障碍尽消除,地道果之功德皆圆满,

愿得密主同等之威力。达嘛西热勒克当。

༄༅། །རྡོ་རྗེ་གཏུམ་པོའི་རྒྱུན་གྱི་ཉམས་ལེན་བླ་མའི་

མན་ངག་བཞུགས་སོ།།

金刚忿怒日常修法上师之秘诀

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

诸佛正法圣僧众,直⾄菩提我皈依,

以我修行之功德,为利众⽣愿成佛。

སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བསྒོམ་བཟླས་ཀྱི་རིམ་པ་ལ་འཇུག་པར་བྱའོ།།

为了度化一切有情,应证得圆满正等觉果位,为此我当进入观修之次第。

ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། བདག་དང་དངོས་པོའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་དེ་ལས་རྡོ་རྗེའི་ས་གཞི། གུར། བླ་རེ། ར་བ། དྲྭ་བ། དེའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་བར་ཆད་ཀྱི་བགེགས་ཐམས་ཅད་རྡུལ་ཕྲན་བཞིན་བསྲེགས་པར་གྱུར། སྣ་ཚོགས་རྡོ་རྗེའི་ལྟེ་བར་པཾ་ལས་པདྨ་འདབ་མ་བཞི་པའི་ཟེའུ་འབྲུར་གསལ་བྱེད་བཞི་བཅུ་ཕྲག་གཉིས་གཡས་སུ་བསྐོར་བ་དཔེ་བྱད་བརྒྱད་ཅུའི་ངོ་བོ་ཉི་མ་མཉམ་པ་ཉིད། དེའི་སྟེང་དུ་དབྱངས་བཅུ་དྲུག་ཕྲག་གཉིས་གཡོན་དུ་འཁོར་བ། མཚན་སོ་གཉིས་ཀྱི་ངོ་བོ་ཟླ་བ་མེ་ལོང་ལྟ་བུ། དེ་གཉིས་ཀྱི་སྟེང་དུ་ཧཱུྃ་དང་ཨཾ་སོ་སོར་རྟོག་པ། དེ་ལས་པདྨ་དམར་པོ་ཟེའུ་འབྲུར་ཧཱུྃ་མཐིང་ཀས་མཚན་པ་བྱ་གྲུབ།

嗡 所巴瓦 秀大 沙瓦 大马 所巴哇 秀多沆

我与万物一切法变成空性,于空性中由“吽(ཧཱུྃ)”字形成的十字金刚杵,其上有金刚地、金刚帐幕、金刚宝盖、金刚围墙、金刚网,其周围炽然的智慧火焰,烧毁了一切违缘障碍。

于十字金刚杵之中央,由“邦(པཾ)”字所成之四瓣莲花花蕊周围,由双四十个辅音字母向右绕旋,即八十种随好之自性平等性日垫。其上由双十六个元音字母向左绕旋,即三十二相之自性大圆镜月垫。其两者上有“吽(ཧཱུྃ)”与“嗡(ཨཾ)”字,即妙观察。其上红色莲花花蕊上有深蓝“吽(ཧཱུྃ)”字,即成所作。

དེ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས། ཡོངས་སུ་གྱུར་པ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་གཏུམ་པོ་མཐིང་ནག་ཤིན་ཏུ་ཁྲོ་ཞིང་གཏུམ་པ་དཔལ་གྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང༌། ཕྱག་གཡས་མཐུ་སྟོབས་ཀྱི་རྡོ་རྗེ་འཕྱར་སྟབས་སུ་བསྣམས་ཤིང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་ཤམ་ཅན། ཞབས་གཡོན་བརྐྱང་བས་དབང་ཕྱུག་སྔོན་པོ་དང༌། གཡས་ཅུང་ཟད་བསྐུམ་པས་ཨུ་མ་དམར་མོ་མནན་ཏེ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའི་པང་དུ་དཔའ་མོ་རྡོ་རྗེ་བདེ་མ་དམར་ལྗང་གྲི་ཐོད་ཅན། གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡོན་ཡབ་ལ་འཁྲིལ་ཞིང་གཡས་ཡབ་དང་ལྷན་ཅིག་ཏུ་བརྐྱང་བ། གཉིས་ཀའང་ཡེ་ཤེས་ཀྱི་མེའི་ཀློང་ན་བཞུགས་པའི་ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། སྐྱེ་མཆེད་རྣམས་སེམས་དཔའ་སེམས་མ། ཚིགས་རྣམས་ཁྲོ་བོ་ཁྲོ་མོའི་རང་བཞིན།

彼处发光,成办二利,回入光芒,均变成了法界智慧之本体金刚忿怒本尊,其身深蓝色,极其忿怒凶猛,佩戴着所有忿怒本尊之服饰。右手上举威力之金刚杵,左手持拿金刚铃拥抱佛母,身着蓝色绸缎肩披与虎皮裙,右腿伸展按压蓝色自在天,左腿微弯按压红色邬摩,安坐于日轮垫上,与吉祥金刚乐母双运。佛母身红绿色,手持弯刀和天灵盖,裸身以五种手印装饰,左腿缠绕着佛父,右腿与佛父一同伸展,两者安坐于智慧之火焰当中。佛父佛母顶上为“嗡(ཨོཾ)”字,喉间为“啊(ཨཱཿ )”字,心间为“吽(ཧཱུྃ)”字,诸处均为男女菩萨,诸关节均为男女忿怒相,

ཡབ་ཀྱི་སྤྱི་བོར་འཁོར་ལོའི་ཁྱུང་དཀར་པོ། མགྲིན་པར་པདྨའི་ཁྱུང་དམར་པོ། སྙིང་གར་རྡོ་རྗེའི་ཁྱུང་སྔོན་པོ། ལྟེ་བར་རིན་པོ་ཆེའི་ཁྱུང་སེར་པོ། གསང་གནས་སུ་རལ་གྲིའི་ཁྱུང་ལྗང་གུ། དེ་རྣམས་ཕྱག་གཡས་རིམ་པ་བཞིན་འཁོར་ལོ། པདྨ། རྡོ་རྗེ། རིན་པོ་ཆེ། རལ་གྲི། གཡོན་རྣམས་སྦྲུལ་བཟུང་སྟེ་ཟ་བ། ཡབ་ཀྱི་སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཟླ་བ་ལ་ཧཱུྃ་མཐིང་ཁའི་མཐར། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ་ཀྱིས་བསྐོར་བ་དེ་ལས་འོད་འཕྲོས། བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ

于佛父顶上法轮之白色鹏鸟,于喉间莲花之红色鹏鸟,于心间金刚之蓝色鹏鸟,于脐间摩尼宝之黄色鹏鸟,于秘间宝剑之绿色鹏鸟。彼等右手依次第持拿法轮、金刚、摩尼宝、宝剑。左手均持毒蛇,并享用毒蛇。于佛父心间与自己相同之智慧萨垛,彼心间蓝色五股金刚杵之中央,于月轮上有深蓝色“吽(ཧཱུྃ)字”,其周围由“嗡拜杂增扎玛哈若卡拿吽呸”绕旋,此处发光,于前方虚空中如观修般智慧萨垛拜杂萨嘛杂。

ཀུན་ཏུ་བཟང་པོས་རྒྱལ་བ་མཆོད་པའི་ཚེ། །ཇི་ལྟར་སྤྲུལ་རྣམས་སྐུ་གསུང་ཐུགས་དང་ནི། །

ཡེ་ཤེས་རྡོ་རྗེའི་གསང་བ་ལས་འཐོན་ཏེ། །འདོད་དགུའི་སྤྲིན་གྱིས་བཅོམ་ལྡན་འཁོར་བཅས་མཆོད། །

ཨོཾ་ཨཱཿབཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝི་དྱ༴ ཤཔྟ༴ སརྦ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། མ་ཧཱ་སུ་ཁ་པཱུ་ཛ་ཧོ། ཁྲོ་བོ་གཏུམ་པོ་གདུག་པ་འདུལ། །རང་བཞིན་ཡེ་ཤེས་ལྔ་ཡི་དངོས། །རྣམ་དག་དྲི་མེད་སྐུ་འཆང་བ། །འགྲོ་དོན་མཛད་ལ་ཕྱག་འཚལ་འདུད། །ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར།

普贤菩萨供养诸佛时,如是一切化变身语意,

出于智慧金刚之秘处,一切欲云供养佛与眷。

嗡啊拜杂布呗扎德擦唆哈;嗡啊拜杂都呗扎德擦唆哈;嗡啊拜杂阿洛格扎德擦唆哈;嗡啊拜杂根德扎德擦唆哈;嗡啊拜杂乃微德扎德擦唆哈;嗡啊拜杂下达扎德擦唆哈。萨哇本杂啊讷哒布杂卡核。玛哈素卡布杂伙。

忿怒威猛降伏魔,自性真实五种智,

显现清净无垢身,敬礼利益有情尊。

咋吽谤伙,与誓言者融为一体。

སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་བབ་པ་བདག་གི་སྤྱི་བོ་ནས་ཞུགས། ལུས་ངག་ཡིད་ཡེ་ཤེས་ཀྱི་དྲི་མ་སྦྱངས། བུམ་གསང་ཤེས་རབ་བཞི་པའི་དབང་ཐོབ། སྐུ་བཞི་ཧེ་རུ་ཀ་རྫོགས་པའི་སྤྱི་བོར་ཡབ་ལ་མི་བསྐྱོད་པ་དང༌། ཡུམ་ལ་རྣམ་སྣང་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན་པར་གྱུར། དེ་ལྟར་ཡུན་རིང་དུ་བསྒོམས་ནས། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བཟླའོ།། ཐུན་བསྡུ་བའི་ཚེ། ཡུམ་ཡབ་དང༌། ཡབ་ཡེ་ཤེས་སེམས་དཔའ། དེ་སྔགས་ཕྲེང༌། དེ་ཧཱུྃ། ཧཱུྃ་གི་ཞབས་ཀྱུ་ནས་རིམ་གྱིས་ནཱ་དའི་བར་བསྡུས་ཏེ་ཆོས་ཉིད་ཀྱི་ངང་ལ་བཞག།། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་པོ་འགྲུབ་སོགས། ཐུན་མཚམས་སུ། སླར་ཡང་བདག་ཉིད་རྡོ་རྗེ་གཏུམ་པོ་ཡབ་རྐྱང་དུ་གསལ་བར་གྱུར་པར་བསམ་ལ་བྱ་བ་ཅི་བདེར་བཞུག་གོ །ཞེས་བླ་མ་རས་ཆུང་པའི་གདམས་ངག་གཏུམ་པོ་ཁྱུང་ལྔའི་རྒྱུན་ཁྱེར་ལྷ་རྩེ་བའི་གསུང་ལས་བཏུས་པའོ།།

再次以心间的光芒迎请五种灌顶之佛,彼等双运处流下菩提心甘露,融入自己的梵净穴,清净了身语意智慧之垢染,获得了宝瓶、秘密、智慧、第四(句义)灌顶。于是圆满四身嘿汝嘎之顶上,佛父不动佛、佛母大日如来,身着化身佛的衣饰而装严。如此长时间观修。“嗡拜杂增扎玛哈若卡拿吽呸”,如此念诵。

收座时,佛母融入佛父,佛父融入智慧萨垛,智慧萨垛融入咒轮,咒轮融入吽(ཧཱུྃ)字,吽(ཧཱུྃ)字从“下久(ུ )”开始依次第融入于“那达( ྆)”间,之后安住于法性中。

以此善根速我等,成就秘密主本尊,

一切众生无一余,愿皆安置于彼地。

于坐间观想:再次将自己显现为金刚忿怒独身相。之后进入随缘状态。

此上师惹琼巴之窍诀,《五方忿怒鹏鸟》之日常修法,摘自拉泽瓦教言中。古普·钦哲仁波切译,陈润泽居士和朱红霞居士校对汉文。

主页