Appearance
Appearance
༈ དོན་བརྒྱུད་འབྲུག་པའི་འཕྲལ་དགོས་ཆོས་བཞི་ལས་ཐོག་མར་རྡོ་རྗེ་སེམས་དཔའ་ཉེས་ལྟུང་འཁྲུད་པའི་ཆོས་ནི།༄༅། །དཔལ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་སྙིང་པོ་ངེས་གསལ་བཞུགས་སོ།།
义传竹巴传承四部急需实修法之一
——金刚萨垛净除堕罪法
明确精髓
བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།།
རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་གཅིག་པའི་རྒྱུན་གྱི་རྣལ་འབྱོར་ནི།
顶礼上师与具德金刚萨垛
一切部主具德金刚萨垛一法印日常修法
སྐྱབས་སེམས།
སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །
རང་གཞན་དོན་གཉིས་རབ་སྒྲུབ་པའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །
ལན་གསུམ།
皈依发心偈
诸佛正法圣僧众,直至菩提我皈依,
为成自他二利故,即发殊胜菩提心。
念三遍
ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ།
嗡 所巴瓦 秀大 沙瓦 大马 所巴哇 秀多沆
སྟོང་པའི་ངང་ལས་དག་པའི་སྣོད་བཅུད་དབུས། །པད་ཟླའི་གདན་ལ་ཧཱུྃ་ལས་རྡོ་རྗེ་སེམས། །
དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད། །
空性境观清净器情中,莲月座上吽现萨垛尊,
一面慈容二臂洁白身,右持五股金刚杵置胸,
གཡོན་པ་དྲིལ་བུ་དཀུར་བརྟེན་འགྱིངས་པས་བཞུགས། །རལ་པའི་ཟུར་ཕུད་ཡིད་བཞིན་ནོར་བུ་དང༌། །
སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་མཚན། །དར་དང་རིན་ཆེན་རྒྱན་སོགས་རྡོར་སྐྱིལ་གྱིས། །
左持铃依腹前威严坐,头顶佛冠发髻如意宝,
五色十字杵旁月牙饰,绸缎宝饰金刚跏趺坐,
འཇའ་ཟེར་འོད་ཕུང་འཁྱིལ་བའི་དབུས་ན་རོལ། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཧཱུྃ་འོད་ཀྱིས། །
ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། །
彩虹光环汇聚中安坐,三门三字心间吽放光,
迎请智慧金刚萨垛尊,咋吽帮吙无二融一体,
སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་སྒྲིབ་དག་མི་བསྐྱོད་དབུ་བརྒྱན་གྱུར། །
ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་ཕྲེང་དཀར། །གཡས་སུ་འཁོར་བས་འོད་འཕྲོས་འཕགས་པ་མཆོད།
སེམས་ཅན་སྒྲིབ་སྦྱངས་རྡོར་སེམས་གོ་འཕང་བཀོད།།ཚུར་འདུས་སྒྲིབ་དག་བྱིན་གྱིས་བརླབས་པར་གྱུར།།
再次放光迎请灌顶佛,灌顶除障不动佛顶严,
心间月上吽边白咒轮,右转发光供养诸圣者,
消除众障置于萨垛位,收回咒光净障得加持。
རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཅི་ནུས་བཟླ། གྲངས་བསྙེན་ལས་རུང་གི་ཚད་ནི་འབུམ་ཕྲག་གཅིག་གོ །ཐུན་བསྡུ་བ་ན།
嗡拜杂萨垛萨玛雅、嘛努巴拉雅、拜杂萨垛底诺巴、底叉知桌美巴哇、苏埵卡约美巴哇、阿努 ra 埵美巴哇、苏波卡约美巴哇、萨哇斯德美扎雅杂、萨哇嘎嘛苏匝美则当、协 日央古如吽、哈哈哈哈吙、班嘎哇纳、萨哇达他嘎达、拜杂嘛麦母杂、呗泽叭哇、嘛哈萨玛雅萨垛啊
尽力念诵百字明咒
(六字咒)
嗡呗杂萨垛吽
标准念诵数量为十万遍
བཅོམ་ལྡན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིས། །བདག་དང་འགྲོ་ཀུན་སྒྲིབ་སྦྱངས་བག་ཆགས་ཞི། །
ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཡོངས་སུ་བྱང༌། །མྱུར་དུ་རྣམ་མཁྱེན་ཐོབ་པར་མཛད་དུ་གསོལ། །
收摄次第
世尊部主金刚萨垛尊,除我有情业障净习气,
彻底清净烦恼所知障,祈请速得遍智之果位,
སྣང་ཆའི་ལྷ་སྐུ་འོད་གསལ་དབྱིངས་སུ་ཐིམ། །སླར་ཡང་རྡོ་རྗེ་སེམས་དཔའི་སྐུ་རུ་གྱུར། །
དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །སྡིག་སྒྲིབ་བག་ཆགས་བཅས་པ་ཡོངས་སྦྱངས་ཏེ། །
སྐུ་དང་ཡེ་ཤེས་དབྱེར་མེད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་ཐོབ་ཤོག །
ཅེས་གསོལ་འདེབས་བསྡུ་ལྡང་བསྔོ་སྨོན་རྣམས་བྱའོ། །
现分佛相融入光明境,复现金刚萨垛之尊相。
以此功德无边众,消除业障诸恶习,
身慧无别出有坏,速得金刚萨垛位。
如此进行祈请、收摄、复现、回向、发愿等。
ཞེས་པ་འདི་འབྲུག་པའི་འཕྲལ་དགོས་ཀྱི་ཆོས་བཞིའི་གྱ་བ་རྡོར་སེམས་རྒྱལ་པོ་ཛཿ འི་ལུགས་ཀྱི་སྒོམ་བཟླས་རྒྱུན་ཁྱེར་རྗེ་བླ་མ་འཇམ་པའི་དབྱངས་ཉིད་ཀྱིས་མཛད་པ་ཞིག་གོ། །།
此《义传竹巴噶举四部急需实法之一》,杂尔王之传承,金刚萨垛简易日课诵法,由江呗央上师著作。
古普·钦哲仁波切译,陈润泽居士和朱红霞居士校对汉文。