Skip to content

༈ དགེ་བསྙེན་ཆེན་པོ་ཇག་པ་མེ་ལེན་གྱི་བསང་མཆོད་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ།།

金刚降敌大居士之简易桑供

事业速成

དག་ཅིང་གཙང་བའི་བསང་རྫས་རྣམས་ནམ་མཁའི་མཛོད་ཀྱི་སྔགས་རྒྱས་དགྱེས་རྒུའི་སྤྲིན་དུ་སྤེལ་ནས།

各种清净之煨桑物,以虚空藏咒印供养九欲之云供。

ཧྲཱིཿ ཆོས་ཀྱི་དབྱིངས་ལས་སོ་སོར་རྟོག་པའི་མདངས། །ཁྲོ་རྒྱལ་པདྨ་དབང་གི་ཐུགས་ཀྱི་སྤྲུལ། །

舍!法界境中个别之显现,怒王莲花怀爱意化身,

འཇིག་རྟེན་དྲེགས་སྡེའི་ཚོགས་རྗེ་གཏུམ་ཆེན་གཟུགས། །དགེ་བསྙེན་ཆེན་པོ་རྡོ་རྗེ་དགྲ་འདུལ་རྩལ། །

世间傲慢部主忿怒相,金刚降敌威猛之居士,

ཡུམ་བློན་བཀའ་འཁོར་བྱེ་སྙེད་ཚོགས་དང་བཅས། །ཐུགས་དམ་དབང་གིས་དམ་ཚིག་གནས་འདིར་དགོངས། །

妃子大臣千万众眷属,为满本愿誓者念此处,

སྔགས་རྒྱ་ཏིང་འཛིན་རོལ་པས་བྱིན་བརླབས་པའི། །དག་བྱེད་བདུད་རྩི་དྲི་ཞིམ་བསང་མཆོད་རྫས། །

咒印禅定游舞所加持,能净甘露清香煨桑物,

མ་དག་ཀུན་སྦྱངས་དག་པ་ཡེ་ཤེས་ཀྱི། །རོལ་རྩལ་ལས་བྱུང་དགྱེས་དགུ་མཆོད་པའི་ཚོགས། །

净化不净清净之智慧,所化之物九欲众供品,

གང་བཞེད་དེར་འཆར་མི་ཟད་རྫོགས་ལྡན་སྤྲིན། །ཟག་མེད་བདེ་སྐྱེད་འཁོར་འདས་ཞིང་ཁྱབ་པས། །

所需皆能出现圆劫云,无漏幸福遍满轮涅境,

མཐོ་རིས་རྩུབ་འགྱུར་ཚལ་གྱི་དམག་དཔོན་ཆེ། །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

天界粗恶宛之大将军,煨桑供养所愿速成就。

མཐར་བྱེད་གྲོང་གི་གཤིན་རྗེའི་ལས་མཁན་དབང༌། །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

阎浮提洲阎罗狱卒主,煨桑供养所愿速成就。

ཁ་རག་གླིང་དགུའི་བོན་སྐྱོང་ཨ་བསེ་རྒྱལ། །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

九洲守护苯教阿赛王,煨桑供养所愿速成就。

རིག་འཛིན་བླ་མའི་བཀའ་སྡོད་ཆོས་སྐྱོང་ཆེ། །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

持明上师之大护法神,煨桑供养所愿速成就。

དམ་ལྡན་རྣལ་འབྱོར་སྐྱོང་མཛད་དགྲ་ལྷའི་རྒྱལ། །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

护佑具誓瑜伽战神王,煨桑供养所愿速成就。

དམ་ཉམས་བསྟན་དགྲའི་སྲོག་གཅོད་བཤན་པ་དམར། །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

夺取败约教敌生命者,煨桑供养所愿速成就。

གང་བཅོལ་ལས་ཀུན་སྒྲུབ་པའི་མཐུ་སྟོབས་བདག །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

所求诸事承办威力主,煨桑供养所愿速成就。

ཡུམ་མཆོག་སྨན་མོ་འགུགས་སྒྲོལ་སྲོག་གཅོད་ཚོགས། །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

最胜妃子勾度夺命众,煨桑供养所愿速成就。

བཀའ་ཉན་ལས་བྱེད་གཙོ་འཁོར་བྱེ་བའི་ཚོགས། །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

领命护法神及千万眷,煨桑供养所愿速成就。

བཤུལ་འབྲང་ཀླད་དུ་ལྡིང་བའི་བྱ་གཅན་འབུམ། །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

随之上飞十万只鸟兽,煨桑供养所愿速成就。

སྤྲུལ་པ་ཡང་སྤྲུལ་སྣང་སྲིད་དྲེགས་པའི་ཚོགས། །བསང་ངོ་མཆོད་དོ་འདོད་དོན་མྱུར་འགྲུབ་མཛོད། །

化身再化器情傲慢众,煨桑供养所愿速成就。

ངོ་བོ་རྣམ་དག་ཡེ་ཤེས་བདུད་རྩིའི་མཚོ། །རྣམ་པ་ཕྱི་ནང་གསང་མཆོད་དགྱེས་རྒུའི་གཏེར། །

自性清净智慧甘露海,形像内外密供九欲藏,

བྱེད་ལས་ཟག་མེད་དགྱེས་པ་མཆོག་བསྐྱེད་པས། །རྩོག་མནོལ་འཁོན་འཁྲུགས་ཉམས་གྲིབ་དབྱིངས་སུ་སྦྱངས། །

行为增强无漏之喜悦,污垢仇恨晦气于空净,

ཐུགས་དམ་གཉན་བསྐང་ཉམས་ཆག་མ་ལུས་བཤགས། །དགྲ་ལྷ་མཆོག་ཏུ་མངའ་གསོལ་དཔང་བསྟོད་ན། །

酬谢护法衰败尽忏悔,战神封赐最胜并赞扬,

གསང་གསུམ་གཟི་བྱིན་ནུས་པའི་རྩལ་བསྐྱེད་དེ། །རྒྱལ་བསྟན་སྤྱི་དང་དོན་བརྒྱུད་སྙིང་པོ་མཆོག །

增强三密威德之力量,佛教以及义传精髓派,

རྣམ་དག་དྲི་མེད་ལུང་རྟོགས་བཤད་སྒྲུབ་ཀྱི། །བསྟན་དང་བསྟན་འཛིན་ཆོས་འཁོར་ལེགས་སྐྱོང་བའི། །

清净无垢教证讲修法,法与持法大德转法处,

རྡོ་རྗེའི་ཡལ་གམ་མེལ་ཚེ་མ་གཡེལ་ཅིག །བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་བཅས་ཀྱི། །

金刚誓言却莫忘监护,我等师徒施主及其眷,

འགལ་རྐྱེན་མི་མཐུན་འཇིགས་ཚོགས་ཀུན་སེལ་ཞིང༌། །མཐུན་རྐྱེན་ལེགས་ཚོགས་དཔལ་ཀུན་འཕེལ་བ་དང༌། །

违缘冲突恐惧尽消除,增长一切顺缘及善妙,

སྡང་དགྲ་གནོད་བྱེད་དྲག་ཤུལ་རོལ་པས་ཆོམ། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་ཡི། །

བཀྲ་ཤིས་སྣང་བས་ཡོངས་སུ་ཁྱབ་པར་མཛོད།།

以猛灭除仇敌之危害,一切所愿如是得成就,

祈请吉祥遍满于十方。

ཅེས་ཆུ་ངོགས་དགོན་གྱི་གྲྭ་སྟོབས་དགའ་ནས་མགོན་ཁང་དུ་རྒྱུན་བསང་གསུང་རྒྱུར་དགོས་ཞེས་རྟེན་དང་བཅས་ནན་བསྐུལ་ལྟར། འཁྲུལ་ཞིག་བརྒྱད་མིང་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

此《金刚降敌大居士之简易桑供》是为了曲欧寺护法殿里日常念诵,喇嘛多嘎供养所依物并请求下,由第八世持修巴之名著作,愿此具有殊胜意义!古普·钦哲仁波切译。

ཧྲཱིཿ རྒྱལ་ཀུན་གསུང་གི་དབང་ཕྱུག་ཧེ་རུ་ཀ །པདྨ་དབང་གི་ཕྲིན་ལས་སྤྲུལ་པ་ནི། །

舍!诸佛语之自在嘿汝嘎,莲花怀爱事业之化身,

ལྷ་ཡི་དམག་དཔོན་གཤིན་རྗེའི་ཕོ་ཉའི་གཙོ། །ཨ་བསེ་རྒྱལ་བ་རྡོ་རྗེ་དགྲ་འདུལ་རྒྱལ། །

天兵之将阎罗使者主,阿赛胜者金刚降敌王,

ཡུམ་མཆོག་འགུགས་སྒྲོལ་སྲོག་གཅོད་ལས་མཁན་དང༌། །བཙན་དམག་བྱེ་བ་འབུམ་སྡེའི་འཁོར་ཚོགས་བཅས། །

胜妃勾度夺命者狱卒,千万妖精军队及众眷,

ཐོད་ཕྲེང་རྩལ་སོགས་རྩ་བརྒྱུད་བླ་མ་དང༌། །ཁྱད་པར་དཔལ་ལྡན་འཁྲུལ་ཞིག་རིམ་བྱོན་གྱིས། །

莲花生等本传之上师,特别具德持修之传承,

བཀའ་བསྒོས་དམ་བཞག་གཉེར་དུ་གཏད་པ་ཡི། །ཐ་ཚིག་མ་བསྙེལ་འབོད་པའི་གནས་འདིར་གཤེགས། །

让你立誓吩咐并托管,莫忘誓言降临呼喊处,

དགྱེས་པ་སྐྱེད་བྱེད་མཆོད་ཅིང་བསྐང་བ་དང༌། །རྟེན་པའི་དམ་རྫས་གང་བཞེད་དེར་འཆར་བར། །

为你生喜供养并酬谢,所依誓物任何彼所现,

སྔགས་རྒྱ་ཏིང་ངེ་འཛིན་གྱི་རོལ་པ་ལས། །ནམ་མཁའི་མཛོད་བཞིན་སྤེལ་ནས་འབུལ་གྱིས་བཞེས། །

咒印三摩地之游舞中,增如虚空藏般供请用,

ཐུགས་དམ་ཡོངས་བསྐང་ཉམས་ཆག་ཐུགས་འགལ་བཤགས། །ཁྱོད་ནི་རྒྱལ་བསྟན་སྐྱོང་བའི་དཔའ་བོ་དང༌། །

全面酬谢忏悔衰违意,汝乃守持佛法之勇士,

རིག་འཛིན་བརྒྱུད་བཅས་སྐྱོང་བའི་ཆོས་སྐྱོང་སྟེ། །རྣལ་འབྱོར་བདག་གི་དགྲ་ལྷ་གཉན་པོ་རུ། །

亦即持明传承之护法,瑜伽我之凶猛之战神,

མངའ་གསོལ་དཔང་བསྟོད་གཟི་བྱིན་མཐུ་རྩལ་བསྐྱེད། །སྒྲུབ་བརྒྱུད་བསྟན་དང་བསྟན་འཛིན་ལེགས་སྐྱོང་ཞིང༌། །

授权礼赞增长威光力,护佑实修传承与上师,

བཤད་སྒྲུབ་ལུང་རྟོགས་ཕྲིན་ལས་རྣམ་པར་སྤེལ། །བདག་ཅག་རིག་འཛིན་དཔོན་སློབ་འཁོར་བཅས་ལ། །

弘扬讲修教证佛法业,我等持明师徒及眷属,

ལུས་དང་གྲིབ་བཞིན་མི་འབྲལ་རྟག་འགྲོགས་ནས། །ཞི་རྒྱས་དབང་དང་རྣོ་མྱུར་དྲག་པོའི་ལས། །

如影随形不离常随伴,息增怀和诛杀威猛业,

གང་བཅོལ་ཡིད་བཞིན་ཐོགས་མེད་བསྒྲུབ་པ་དང༌། །འཇིག་རྟེན་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཀྱི། །

དགེ་མཚན་རྣམ་པར་རྒྱས་པའི་ཕྲིན་ལས་མཛོད།།

所托之事无阻地承办,世界各地吉祥与安康,

助办增长幸福之事业。

ཅེས་པ་འདིའང་རབ་རྒྱལ་མེ་སྟག་ཐ་སྐར་ཟླ་བའི་ཡར་ཚེས་ལ། འཁྲུལ་ཞིག་ཕུན་བདེ་གླིང་གི་གདན་སར་སླེབ་སྐབས། དགོན་དེའི་གྲྭ་ངག་དབང་ཡེ་ཤེས་ནས་རྟེན་དང་བཅས་བསྐུལ་བའི་ངོར། འཁྲུལ་ཞིག་བརྒྱད་མིང་དུ་འབོད་པ་དེས་ཤར་མར་བྲིས་པའི་མཐུས་དོན་བརྒྱུད་སྙིང་པོའི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་གནས་བཀྲ་ཤིས་དགེ་མཚན་འབར་བའི་རྒྱུར་གྱུར་ཅིག། །།

此乃殊胜火虎年,娄宿月上弦日序抵达持修彭德岭寺院时,因喇嘛昂旺耶西供养所依物并请求,由第八世持修巴之名迅速著作。愿以此为缘,义传精髓教法如意宝繁荣昌盛、常住世间,普照吉祥光辉。

༈ ཧྲཱིཿ པདྨ་དབང་གི་ཕྲིན་ལས་རོལ་པའི་གར། །རྡོ་རྗེ་དགྲ་འདུལ་ཡུམ་མཆོག་བཤན་པ་འབུམ། །

འདིར་གཤེགས་དམ་དགོངས་བསྐང་རྟེན་མཆོད་སྤྲིན་བཞེས། །ཐུགས་དམ་དགྱེས་བསྐང་གང་བཅོལ་ལས་སྒྲུབ་མཛོད།།

舍!莲花怀业化身之游舞,金刚降敌胜母十万眷,

此降念誓享用酬供云,酬谢祈请所托皆承办。

འཁྲུལ་ཞིག་བརྒྱད་མིང་པས་སོ།། །།

此乃第八世持修巴著。

古普·钦哲仁波切译,陈润泽居士和朱红霞居士校对汉文。

主页