Skip to content

࿑ དོན་བརྒྱུད་དཔལ་ལྡན་འབྲུག་པའི་དར་ཆའི་མཚོན་དོན།

义传竹巴噶举教旗之象征

竹巴噶举教旗

ས་གཞི་དམར་པོ་ནི་སྙིང་རྗེའི་རང་གཟུགས་ཡུམ་རྡོ་རྗེ་ཕག་མོ་མཚོན། ནམ་མཁའ་སྔོན་པོ་ནི་ཆོས་ཉིད་འགྱུར་མེད་ཡབ་ཧེ་རུ་ཀ་མཚོན། འཁོར་ལོ་ནི་གྲོལ་ལམ་ཕྱག་རྒྱ་ཆེན་པོ། དཔའ་བེའུ་ནི་ཐབས་ལམ་ནཱ་རོ་ཆོས་དྲུག །

红色代表大地:象征慈悲之本体金刚亥母。蓝色代表天空:象征不动法性之本尊胜乐金刚。法轮:象征解脱之道《大手印》。吉祥结:象征方便道《那若六法》。

ནམ་མཁར་འབྲུག་འཕྱོ་བ་ནི། ཆོས་རྗེ་གཙང་པ་རྒྱ་རས་དགུང་གྲངས་ཞེ་ལྔ་ལོའི་འབྲུག་ཟླ་བའམ་བོད་ཟླ་གསུམ་པའི་དཀར་ཕྱོགས་ལ་གནམ་འབྲུག་གི་དགོན་གནས་ཐོག་མར་ཕྱག་བཏབ་དུས། གནས་དེ་ནས་འབྲུག་མ་སྨད་དགུ་ནམ་མཁར་སོང་ནས་སྐད་དྲག་པོ་ཐེངས་གསུམ་བསྒྲགས་པས། དགོན་པའི་མིང་དང་ཆོས་བརྒྱུད་ལ་འབྲུག་པ་ཐོགས་པ་ལྟར་རོ།

神龙腾于空中:象征藏巴甲热法王四十五岁,即藏历龙月(藏历三月份)上弦,在拉萨河畔朗木地方首次兴建竹寺(天龙寺)之时,发现九条神龙腾空而起,并发出了三次龙啸。从此该寺院和其传承都称之为竹巴(龙者)传承。神龙手握着摩尼宝:象征实修《三类耳传摩尼宝》之窍诀法。

འབྲུག་གིས་ནོར་བུ་ཐོགས་པ་ནི་སྙན་རྒྱུད་ནོར་བུ་སྐོར་གསུམ་གྱི་གདམས་པ་ཉམས་སུ་ལེན་པ་མཚོན། འབྲུག་གནམ་ས་གཉིས་སུ་ཁྱབ་པ་ནི་བརྒྱུད་འཛིན་གཙོ་བོ་ལྷོ་བོད་གཉིས་སུ་ཁྱབ་པ་མཚོན་ནོ།།

神龙弥于天地之间:象征传承持有者主要遍布于不丹王国与整个青藏高原等地。

主页