Appearance
Appearance
࿑ དཔལ་ལྡན་འབྲུག་པའི་ཁྱད་ཆོས་རྟེན་འབྲེལ་ཞྭ་མོའི་ཁུངས།

དཔལ་ལྡན་འབྲུག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྟེན་འབྲེལ་ཞྭ་མོའི་ཁུངས། ཆོས་རྗེ་འགྲོ་བའི་མགོན་པོ་ཉིད་ཀྱིས་ཇི་ལྟར་གསུངས་པ་རྣམས་ཡིད་ཆེས་པའི་ཕྱིར་འདིར་ལུང་དུ་དྲངས་ན།
具德竹巴噶举之不共特色——缘起法帽之渊源,为令众生生起净信,兹依法王藏巴甲热之教证叙述。
དེ་ཡང༌ཐོག་མར་རྟེན་འབྲེལ་ཞྭ་མོ་འཚེམ་སྟངས་དང་། དབྱིབས་དང་། དེའི་རྒྱུ་དང་། ཁ་དོག་དང་། མཚོན་དོན་དང་། དགོས་པ་བཅས་ནི། ཆོས་རྗེ་རས་པས་མཛད་པའི་མོས་གུས་བྱིན་རླབས་ཀྱི་རྟེན་འབྲེལ་ཞྭའི་ཁྲིད་ཀྱི་རིམ་པ་ཞེས་བྱ་བ་ཐུགས་སྲས་ཀྱི་ཐུ་བོ་རྒྱལ་བ་རྒོད་ཚང་པར་གནང་བ་ལས། ཐབས་ཤེས་ཡ་མ་བྲལ་བའི་ཕྱིར་ཉིས་བརྩེགས་ལ། བཟོ་དང་དབྱིབས་ནི་རྨོག་ཚངས་འདྲ་བའི་ཕྱི་ཐུམས་ཀྱི་རྒྱུ་ནི་གོས་ཆེན་དར་རས་ཐེར་མ་གང་རུང་ལ། ཞི་རྒྱས་མཚོན་པའི་ཕྱིར་ཁ་དོག་དཀར་པོའམ་སེར་པོ། ནང་གི་རྒྱུ་ནི་སྤྲིན་ནམ་སྣམ་བུ་འཕྱིང་པ་གང་རུང་ལ། སྣང་བ་དབང་དུ་བསྡུ་བའི་ཕྱིར་ཁ་དོག་དམར་པོའོ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མཚོན་པའི་ཕྱིར་ཕྱི་ཤུན་གསུམ་བལྟབ་ཅི་མང་ཆོས་སྐོར་དུའོ། །ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་པའི་ཕྱིར། སྤྱི་བོར་བུག་པ་མཐེའུ་ཆུང་ཤོང་པའམ། མདའ་སྙུག་ཤོང་པ་ཙམ་ལ། ཡོན་ཏན་ཐམས་ཅད་ནང་དུ་སྦེད་པའི་ཕྱིར། ཐུམ་ཕྱི་མས་ནང་དུ་དྲིལ་བའི་སྟེང་དུ། སྐུ་གསུམ་གྱི་གཟེར་ཐེབས་པའི་ཕྱིར་སྟེང་ཚེམ་ཞིབ་ལ་དམ་དུ་བྱས། ཞེས་གསུངས་སོ། །
首先,关于缘起法帽的缝制方法、形制、材质、色彩、象征内涵与造作要义,法王藏巴甲热所造、授予心子上首嘉瓦郭仓巴的《虔敬加持之缘起法帽引导次第》中云:"为不相离方便与智慧,故制双层;整体形制如盔的内衬软帽。外层面料可用绸缎、棉布、褐子,取白色或黄色,以表息、增二业。里层材质可用红褐子或红毡,取红色,表怀摄一切现象。外层顶部布料向右折叠,象征八万四千法门。帽顶开一孔洞,大小约小指许,或箭杆粗细,表征法身明点;为象征一切功德悉纳于内,将帽口外缘布料向内卷折包收。为表契合法、报、化三身,以细密针脚密实缝锁。"
འོ་ན་གོང་གི་འདིའི་སྐབས་སུ། ཞྭའི་ཕྱི་མདོག་དཀར་པོ་དང་སེར་པོ་ལས་མ་གསུངས་པས། དེང་སང་སྔོན་པོ་དང་དམར་པོ་གྱོན་པ་འདི་གང་ཡིན་ནམ་སྙམ་ན། དེ་ཡང༌། འགྲོ་བའི་མགོན་པོ་ཆོས་རྗེ་རས་པས་མཛད་པའི་རྟེན་འབྲེལ་ངེས་པ་ཅན་གྱི་ཞལ་གདམས་ལས། དར་གྱི་ཞྭ་གྱོན་ན་དཔའ་བོ་དང་མཁའ་འགྲོ་འགོ །ཞེས་དང༌། དེའི་ཁ་དོག་ཀྱང༌དེ་ཉིད་ལས། དར་དམར་པོའི་ཞྭ་ཕག་མོའི་དམ་ཚིག་གིས། བུད་མེད་དང་མཁའ་འགྲོ་མ་དབང་དུ་འདུ། སྔོན་པོ་བདེ་མཆོག་གི་དམ་ཚིག་གིས་སྐྱེས་པ་དང་དཔའ་བོ་དབང་དུ་བསྡུ་བའི་རྟེན་འབྲེལ་ལོ། །ཞེས་ཤིན་ཏུ་གསལ་བར་གསུངས་འདུག་གོ །
若有人心生疑惑:前述教证只提及法帽可用白色、黄色,如今亦见红色、蓝色法帽,此是何缘由?对此,法王藏巴甲热所造《缘起决定性口诀》中又云:"头戴绸缎法帽,即得勇士、空行母之护佑。"
又述及法帽颜色之义:红色绸缎法帽表征金刚亥母之誓句,是怀摄女性与空行母之缘起;蓝色绸缎法帽表征胜乐金刚之誓句,是怀摄男性与勇士之缘起。
དེ་འདྲའི་ཞྭ་དེའི་ཏོག་ལྟ་བུར་དུང་དང་འགྲོན་བུ་འདོགས་པའི་ཁུངས་ཀྱང༌། ཆོས་རྗེ་རས་པས་མཛད་པའི་རྟེན་འབྲེལ་ངེས་པ་ཅན་གྱི་ཞལ་གདམས་ལས། འཇིག་རྟེན་བློས་བཏང་གི་དུས་སུ་དུང་ལག་པ་ལ་བཏགས་ཏེ་ཆོས་བརྒྱད་ཀྱི་དྲི་མས་གོས་མ་གོས་ཀྱི་བརྗེད་ཐོའོ། །འགྲོ་དོན་གྱི་དུས་སུ་སྤྱི་བོར་བཏགས་ན་རང་འདོད་ཀྱི་དྲི་མས་མ་གོས་པའི་རྟེན་འབྲེལ་ལོ། །འགྲོན་བུ་བུ་ཆེ་མ་བཏགས་ན་འཁོར་རྒྱས་པའི་རྟེན་འབྲེལ་ལོ། །ཞེས་གསུངས་པ་ལས་རྟོགས་ནུས་སོ། །
至于法帽顶端所佩之螺饰与贝壳之由来,法王藏巴甲热所造《缘起决定性口诀》复云:"舍弃世间之时,螺戴于手上,以为是否为世间八法所染污之警记也;利益众生之时,戴于头顶,即未被自利私心染污之缘起也;佩戴贝壳,即增长眷属之缘起也。"
དེ་འདྲའི་ཞྭ་དེར་བྱིན་རླབས་ཇི་ལྟར་བྱ་བའི་ཚུལ་ཡང༌། ཆོས་རྗེ་རས་པའི་ཞྭ་ཁྲིད་ལས། བསངས་སྦྱངས། རྩ་བའི་བླ་མར་བསྐྱེད། ཕྱོགས་བཅུ་དུས་གསུམ་གྱི་བླ་མ་རྒྱལ་སྲས་ཐམས་ཅད་བསྟིམས་ནས། ཀུན་འདུས་པའི་བདག་ཉིད་ཕྱི་ནང་གསང་གསུམ་གྱིས་མཆོད། ཅེས་དང༌། རྟེན་འབྲེལ་ངེས་པ་ཅན་གྱི་ཞལ་གདམས་ལས། རྟེན་འབྲེལ་འདི་རྣམས་གང་བྱེད་ཀྱང་རྟེན་འབྲེལ་སྙིང་པོ་ལན་མང་དུ་བཟླས་པ་ནི་མན་ངག་གོ །ཞེས་གསུངས་ཤིང་།
法帽加持之法,法王藏巴甲热所造《缘起决定性口诀》复云:"先沐浴净除垢染,观此帽即为根本上师,十方三世一切上师、诸佛与佛子悉融入其中,复于其总集之体,作外、内、密供养。"又云:"修此一切缘起之际,多诵缘起咒,即是秘诀也。"
གྱོན་པའི་དུས་ནི་ཞྭ་ཁྲིད་ལས། ཆོས་ཕྱག་གཉིས་ཀྱི་དུས་མ་ཡིན་པ་འབྲལ་མེད་དུ་གོན་ནོ། །ཞེས་གསུངས་ལ། དེ་འདྲའི་ཞྭ་དེ་གཙིགས་ཆེན་དུ་འཛིན་དགོས་ཚུལ་ཡང་ཞྭ་ཁྲིད་དེ་ཉིད་ལས། འགོམས་ཡུག་སོགས་བག་མེད་པའི་གནས་ཀུན་སྤངས་ནས་བླ་མར་བསྒོམ་མོ། །ཞེས་གསུངས་སོ།།
法帽佩戴之时,《法帽引导次第》中云:"除求法、礼拜之外,余时当常戴之。"
法帽敬重之学处,《法帽引导次第》中复云:"不可跨越,勿生轻慢,当观彼即为上师。"
འདི་དག་གི་ཁུངས་དང་དགོས་པ་སོགས་ཚུལ་ཇི་བཞིན་དུ་ཤེས་པར་འདོད་པ་རྣམས་ལ་ཕན་དུ་རེ་བ་དང་། རང་ཉིད་ཀྱི་བསྙེལ་གསོས་ཙམ་དུ་ངང་སེར་གྱིས་དཔེ་ཀློག་གི་ཞོར་ལ་ཟིན་བྲིས་བགྱིས་པ་ལགས།
为满一切欲如实了知此法帽渊源与义理者之心愿,亦兼作一己备忘,东久丁增仁波切于阅书之时随而撰笔。古普·钦哲仁波切 译