Skip to content

༄༅། །ཕྱག་ཆེན་སྔོན་འགྲོའི་སྒོམ་རིམ་གསལ་འདེབས་

དངོས་གཞིའི་རྩ་ཐོ་དང་བཅས་པ་ཟབ་དོན་རྒྱ་མཚོའི་

ལམ་ཚང་ཞེས་བྱ་བ་བཞུགས་སོ།།

大手印前行明观修行次第广诵

及正行摄颂文甚深义

如海善道

昂旺棍嘎定增 著

༄༅། །དཀར་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །

顶礼噶举仁波切!

ཡེ་ཐོག་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང༌། །

ངེས་པ་ལྔ་ལྡན་ལོངས་སྐུ་རྡོ་རྗེ་འཆང༌། །

བཅུ་གཉིས་མཛད་སྟོན་མཆོག་སྤྲུལ་ཐུབ་པའི་དབང༌། །

ངོ་བོ་ཉིད་སྐུ་དཔལ་ལྡན་པདྨ་སྐྱེས། །

本初如来法身普贤王,

具五决定报身金刚持,

现十二相化身释迦佛,

自性身者具德莲花生。

སངས་རྒྱས་ཉག་གཅིག་བརྒྱུད་པའི་རྗེ་བཙུན་ཚོགས། །

བཀའ་དྲིན་མཉམ་མེད་རྩ་བའི་བླ་མའི་ཞབས། །

དཀོན་མཆོག་རྩ་གསུམ་སྐྱབས་གནས་རྫོགས་པར་འདུད། །

མཁའ་མཉམ་འགྲོ་ཀུན་རྣམ་གྲོལ་བྱིན་གྱིས་རློབས། །

真实佛陀传承诸尊者,

恩德无比根本上师尊,

顶礼三宝三根本总集,

加持解脱等空诸有情。

གང་ཞིག་སྐལ་ལྡན་སྐྱེས་བུ་རྣམས་ཚེ་གཅིག་གིས་བྱང་ཆུབ་ཀྱི་འབྲས་བུ་རང་རིག་གཞི་ཐོག་ལ་སྒྲུབ་པར་འདོད་པ་རྣམས་ཀྱིས་ནི། ལམ་ཐམས་ཅད་ཀྱི་སྙིང་པོའི་ཡང་སྙིང་ངེས་དོན་ཟབ་མོ་བླ་ན་མེད་པ་འདི་ཉིད་ལ་འཇུག་པར་བྱའོ། །དེའི་ཐུན་སོགས་ཉམས་ལེན་གྱི་རིམ་པ་ནི། དང་པོ་བླ་མ་དང་ཆོས་ལ་དད་པས་གཞི་བཟུང༌། སྔོན་འགྲོ་ཐུན་མོང་བས་བློ་ལེགས་པར་བཀོལ། ཐུན་མོང་མ་ཡིན་པས་རྒྱུད་རྣམ་པར་སྦྱོང༌། དངོས་གཞི་དོན་དམ་སེམས་ཉིད་བསྒོམ་དོན་བརྩོན། རྗེས་དགེ་བ་རྫོགས་བྱང་དུ་རྒྱས་འདེབས། ཐུན་མཚམས་རྒྱུན་གྱི་རྣལ་འབྱོར་ཡང་དག་པར་སྐྱོང་བ་དང་དྲུག་གོ །ནམ་དུའང་ཕྱི་ནང་གསང་བའི་གཡེང་བ་ཐམས་ཅད་སྤངས་ཏེ། ལུས་ངག་ཡིད་གསུམ་རབ་ཏུ་དབེན་པའི་སྒོ་ནས་འདི་རྣམས་འདོན་སྒོམ་ཆིག་དྲིལ་ཁོ་ནར་བྱ་བ་ཉིད་དོ། །

凡是希望于自心基位上即生获得菩提果位的诸有缘者,应当修持此一切道之精髓要义,无上了义甚深妙法。

此法打坐等修行次第共分六:甲一、以敬信上师与法要而建立基础;甲二、以共同前行善转其心;甲三、以不共前行净治相续;甲四、勤修正行胜义心性修义;甲五、后行一切善根回向菩提;甲六、如实修持日常座间瑜伽。

于任何时中,应断除内外密之一切散乱,而身语意在极为寂静的状态下唯一的专心诵修此法。

དང་པོ་བླ་མ་དང་ཆོས་ལ་དད་པས་གཞི་གཟུང་བ་ནི།

甲一、以敬信上师与法要而建立基础:

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །

བདག་སོགས་སྙིང་གར་པདྨོའི་ཟེའུ་འབྲུ་ལ། །

འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང༌། །

སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །

具德根本上师仁波切,

我等心间莲花花蕊上,

时刻不离常久安住已,

祈请赐予身语意加持。

མཉམ་མེད་དཀར་བརྒྱུད་འབྲུག་པའི་རྗེ་བཙུན་རྣམས། །

ཚིག་དང་ཉམས་ཙམ་ཕྱི་བརྒྱུད་མ་ཡིན་པའི། །

རྟོགས་པ་དོན་བརྒྱུད་ངོ་མཚར་རྨད་དུ་བྱུང༌། །

མི་ཕྱེད་དད་པ་འགྱུར་མེད་བརྟན་པར་བྱ། །

无等竹巴噶举诸尊者,

并非词语觉受之外传。

而是稀奇证悟之义传,

当立无比坚定之信心。

རིང་ལམ་དྲང་དོན་ཐེག་པ་དམན་ལས་འཕགས། །

ཐེག་ཆེན་གསང་སྔགས་ཟབ་དོན་ཉིང་ཁུ་མཆོག །

གནས་ལུགས་རང་བཞིན་ཕྱག་རྒྱ་ཆེན་པོའི་ཆོས། །

བསྐལ་སྟོང་རྙེད་དཀའ་དེང་འདིར་སྤྲོ་བས་འཇུག །

超胜小乘声缘远程道,

大乘显密深意胜心髓,

实相本然教法大手印,

千劫难逢今日喜而入。

གཉིས་པ་ཆོས་ལ་བློ་བཀོལ་ཐབས་ཐུན་མོང་སྔོན་དུ་འགྲོ་བ་ལ་བཞི་ལས།

甲二、共同前行善转其心分四:

དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི།

乙一、思维暇满难得:

ཐོག་མེད་འཁོར་བའི་སྐྱེ་མང་ཉམ་རེ་ཐག །

ད་རེས་དལ་འབྱོར་རིན་ཆེན་ཐོབ་པ་འདི། །

རྒྱུ་རྐྱེན་ཅི་ནས་རྙེད་དཀའ་ཕན་འདོགས་ཆེ། །

འདུན་མ་མ་ནོར་གཏན་དོན་ཆོས་ལ་དྲིལ། །

无始轮回多生极痛苦,

如今获此暇满珍宝身,

因缘难以和合意义大,

不误久计应修终益法。

གཉིས་པ་འཆི་བ་མི་རྟག་པ་བསྒོམ་པ་ནི།

乙二、思维死亡无常:

སྣོད་བཅུད་འཇིག་རྟེན་འདུས་བྱས་མི་རྟག་དངོས། །

རང་ཉིད་ངེས་པར་འཆི་ལ་ནམ་འཆི་མེད། །

འཆི་སྐབས་འདིར་སྣང་གང་གིས་ཕན་མི་འགྱུར། །

ལོང་མེད་ཚེ་འདིར་ངེས་འབྱུང་བརྩོན་འགྲུས་བསྐྱེད། །

器情世间有为真无常,

己死无疑死期无法定,

逝时今世一切均无益,

无暇此生精进于出离。

གསུམ་པ་ལས་རྒྱུ་འབྲས་བརྩི་བ་ནི།

乙三、思维业因果:

སྡིག་པའི་རྣམ་སྨིན་མི་འདོད་ཉེས་པའི་རྒྱུ། །

དགེ་བའི་ལས་འབྲས་བདེ་ལེགས་བཟང་པོའི་རྟེན། །

ཡིད་ཆེས་བརྟན་པས་སྤང་བླང་ཕྲ་ཞིབ་སྤྱོད། །

ལུང་མ་བསྟན་ཀྱང་ཐབས་ཀྱིས་དགེ་བར་བསྒྱུར། །

罪业异受不欲过患因,

善之业果利乐之所依,

坚信无疑细行取与舍,

无记业亦善巧转为善。

བཞི་པ་འཁོར་བའི་ཉེས་དམིགས་དྲན་པ་ནི།

乙四、思维轮回过患:

ངན་སོང་གསུམ་ནི་སྡུག་བསྔལ་མི་བཟད་དྲག །

བདེ་འགྲོ་གསུམ་ཡང་འགྱུར་བའི་སྡུག་བསྔལ་ཅན། །

འདུ་བྱེད་སྡུག་བསྔལ་འཁོར་བར་འཆིང་བའི་གཞི། །

འཇིགས་སྐྲག་སྤོང་སེམས་ཇི་བཞིན་རྒྱུད་སྨིན་བྱ། །

三恶趣者痛苦极难忍,

三善道亦不离变化苦,

行苦乃是束缚轮回根,

畏惧舍心如实熟相续。

གསུམ་པ་རྒྱུད་རྣམ་སྦྱོང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་བཞི་ལས།

甲三、以不共前行净治相续分四:

དང་པོ་བློ་སྣོད་རུང་དུ་སྒྲུབ་པ་སྐྱབས་འགྲོ་སེམས་བསྐྱེད་ལ་ནང་ཚན་དུ་དབྱེ་བ་རྣམ་པ་དྲུག་ལས།

乙一、为了自心成为法器,皈依和发心亦分六:

ཐོག་མར་སྐྱབས་སེམས་མདོར་བསྡུས་ནི།

丙一、简易之皈依和发心:

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གིས་དགེ་སྦྱོར་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

诸佛正法圣僧三宝尊,

从今直至菩提我皈依,

以我所修善行之功德,

为利众生祈祷愿成佛。

ཅེས་ལན་གསུམ།

三遍

གཉིས་པ་སྐྱབས་ཡུལ་སོགས་བསྒོམ་པ་ནི།

丙二、观想皈依境等:

སྣང་སྲིད་མ་དག་སྣང་བའི་ཆ་ལས་འདས། །

རང་མདུན་ལཾ་ལས་གསེར་གྱི་ས་གཞིར་གྲུབ། །

འོད་གསལ་ཁོད་སྙོམ་ཞིང་ཁམས་མཚན་ཉིད་ཅན། །

རྒྱ་ཆེ་ནམ་མཁའི་ཁམས་ཀུན་ཁྱབ་པར་བརྡལ། །

超越不净器情现分空,

自前郎成黄金大地基,

光明平坦具足刹土相,

广阔面积遍满虚空界。

དབུས་སུ་བཾ་ལས་བདུད་རྩིའི་རྒྱ་མཚོ་དཀར། །

དལ་ཡངས་ཡན་ལག་བརྒྱད་ཀྱི་ཡོན་ཏན་ལྡན། །

པཾ་ལས་རིན་ཆེན་དཔག་བསམ་དགོས་འབྱུང་ཤིང༌། །

མཐོ་མཛེས་ཕྱོགས་བཞིར་ཡལ་གདན་གྱེས་པའི་དབུས། །

中央榜成白色甘露海,

缓慢宽广具足八功德,

其中邦成珍宝如意树,

高大阔伟伸延五枝茂。

ནོར་བུའི་ཁྲི་འཕངས་དར་ཟབ་རྒྱན་གྱིས་ཀླུབས། །

སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་ཁར། །

སྐྱབས་ཀྱི་སྙིང་པོ་དྲིན་ཅན་བླ་མ་རྗེ། །

རྡོ་རྗེ་འཆང་ཚུལ་ཡེ་ཤེས་སྐུ་ཅན་བཞུགས། །

中主干上缎锦饰宝座,

彩瓣莲花日月坐垫上,

至尊怙主大恩上师者,

金刚持相具足智身住。

དབུ་སྟེང་ནམ་མཁར་ཕྱག་ཆེན་བརྒྱུད་པའི་རྗེ། །

ཀུན་ཀྱང་ཐོ་བརྩེགས་རྣམ་པར་གསལ་བར་གྱུར། །

མཐའ་སྐོར་རྒྱ་བོད་གྲུབ་མཐའ་རིས་མེད་ཀྱི། །

སྐྱེས་མཆོག་ཐམས་ཅད་ཁྲོམ་ཚོགས་ཚུལ་གྱིས་བསྐོར། །

顶上空中大印传承师,

悉皆层层端坐现明相,

周边印藏不同宗派之,

诸多上师围如聚会众。

མདུན་དུ་ཡི་དམ་འཁོར་ལོ་བདེ་མཆོག་ལ། །

གསར་རྙིང་ལྷ་ཚོགས་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །

གཡས་སུ་སྟོན་པ་ཤཱཀྱའི་རྒྱལ་པོ་ལ། །

ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཚོགས་ཀྱིས་བསྐོར། །

前方枝上本尊总集轮,

新旧尊众海会所围绕,

右枝导师释迦牟尼佛,

十方三世诸佛所围绕。

རྒྱབ་ཏུ་ཆོས་སྐུ་ཤེར་ཕྱིན་ཡུམ་ཆེན་མོར། །

རྣམ་བྱང་དམ་ཆོས་གླེགས་བམ་ཚོགས་ཀྱིས་བསྐོར། །

གཡོན་དུ་བྱང་སེམས་སྤྱན་རས་གཟིགས་དབང་ལ། །

མཆོག་དམན་རིག་གྲོལ་དགེ་འདུན་ཚོགས་ཀྱིས་བསྐོར། །

后枝法身般若大佛母,

清净正法经函所围绕,

左枝大悲观世音菩萨,

贤劣证解僧众所围绕。

བར་མཚམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྡེ། །

ནོར་ལྷའི་ཚོགས་བཅས་མ་ཚང་མེད་པས་གང༌། །

ཀུན་ཀྱང་བདག་ལ་ཞལ་གཟིགས་དགྱེས་པའི་ཚུལ། །

བཀྲག་མདངས་འོད་གསལ་བྱིན་ཆེན་འབར་བར་བཞུགས། །

隙间勇士空行护法部,

诸多财神汇聚无不齐,

众尊视我显露喜悦相,

光彩映耀照射大加持。

མདུན་དུ་བདག་དང་ཚེ་འདིའི་ཕ་མས་གཙོས། །

རིགས་དྲུག་སེམས་ཅན་མཐའ་ཡས་རྫོགས་པར་འཁོད། །

ཚིག་ཙམ་སྐྱབས་གསོལ་དགོས་པ་ཅི་ཞིག་འགྲུབ། །

སྒོ་གསུམ་མ་ཡེངས་རྩེ་གཅིག་འདུན་བསྒོམ་བྱ། །

境前我与今生父母等,

无量六道众生聚一处,

仅以词语祈请成何事,

故以三门专注心观修。

གསུམ་པ་ཕྱག་འཚལ་བ་ནི།

丙三、顶礼:

བདག་ལུས་རབ་བྱུང་གཅིག་མིན་རྣམ་སྤྲུལ་ནི། །

བགྲང་བྱའི་ཡུལ་འདས་བསམ་གྱིས་མི་ཁྱབ་གསལ། །

དྲིན་ཆེན་ནམ་མཁའ་མཉམ་པའི་འགྲོ་རྣམས་བཅས། །

ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་གྱུར། །

观想自身出家人形像,

而且变化不可思数量,

大恩等空有情众一起,

身语意三恭敬而顶礼。

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །

等虚空一切诸母有情皈依上师清净法身佛,

等虚空一切诸母有情皈依上师圆满报身佛,

等虚空一切诸母有情皈依上师慈悲化身佛,

等虚空一切诸母有情皈依上师珍宝自性佛。

ཕྱག་གི་གྲངས་རྒྱས་པར་མ་ནམ་བཞི་སྐོར་དང་པོར་ཕྱག་བརྒྱ། གཉིས་པར་ཉིས་བརྒྱ། གསུམ་པར་སུམ་བརྒྱ། བཞི་པར་བཞི་བརྒྱ་སྟེ་སྟོང་ཕྱག་གམ། ཐུན་བཞི་སྦྲེལ་མ་ལ་སོགས་བསྡུས་པ་རེ་རེར་བརྒྱ་ཕྱག་རེ་འབུལ། ཡང་ན་ཕྱག་མི་འབུལ་ཚེ་བཞི་ཀ་མཉམ་སྦྲགས་སུ་ཅི་རིགས་སུ་འདོན་ཅིང་མོས་སྒོམ་ཚད་ལྡན་དུ་བྱ།

礼拜数量以广而言,于“等虚空一切诸母有情皈依上师清净法身佛”做一百次礼拜;于“等虚空一切诸母有情皈依上师圆满报身佛”做二百次礼拜;于“等虚空一切诸母有情皈依上师慈悲化身佛”做三百次礼拜;于“等虚空一切诸母有情皈依上师自性佛”做四百次礼拜,共计为一千次礼拜。

或四座结合等简易的方式,每个皈依颂做一百次礼拜。或不做礼拜,而适宜地四皈依偈同时一起念诵,并如实地信受和观想。

བཞི་པ་འདོད་དོན་གསོལ་གདབ་སོགས་ནི།

丙四、祈请所愿:

བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།

ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།

ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ།

འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།

祈请加持我等一切有情心趋入法,

祈请加持我等一切有情法趋入道,

祈请加持我等一切有情道除迷乱,

祈请加持我等一切有情迷乱转智,

རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །

མཆེད་གྲོགས་ཆོས་མཛད་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །

སྣོད་ཀྱི་འཇིག་རྟེན་དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆིའོ། །

བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་ཚོགས་ལ་སྐྱབས་སུ་མཆིའོ། །

སྣང་སྲིད་དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆིའོ། །

皈依本师及诸传承上师,

皈依诸金刚道友和行者,

皈依器世间诸具德上师,

皈依有情众本尊空行母,

皈依万物一切具德上师。

རྟོགས་པས་བདག་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ།

ཐུགས་རྗེས་གཞན་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ།

རྟེན་འབྲེལ་ཐབས་ལ་མཁས་པར་བྱིན་གྱིས་བརླབ་ཏུ་གསོལ།

འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ།

ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།

祈请加持以悟令我得解脱,

祈请加持以悲度脱他众生,

祈请加持精通缘起方便法,

祈请加持诸有缘者具利益,

祈请加持即身证得大手印殊胜之成就。

ལྔ་པ་སྐྱབས་སེམས་ལེན་པ་ནི།

丙五、受皈依和发心:

ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། །

སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །

ཡི་དམ་དཔའ་བོ་རྣལ་འབྱོར་ཚོགས། །

ཐམས་ཅད་བདག་ལ་དགོངས་སུ་གསོལ། །

安住十方之上师 ,

佛陀菩萨摩诃萨,

勇士勇母瑜伽众,

祈请圣众垂念我,

དེང་ནས་བརྩམས་ཏེ་མགོན་མེད་བདག །

བྱང་ཆུབ་སྙིང་པོ་མ་ཐོབ་བར། །

འཁོར་བའི་འཇིགས་པ་ཆེན་པོ་ལས། །

བདག་དང་འགྲོ་རྣམས་བསྐྱབ་པའི་ཕྱིར། །

རྐང་གཉིས་གཙོ་བོ་སྐུ་གསུམ་བདག །

བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །

始从今日无怙我 ,

直至未证菩提间,

轮回大恐大苦中,

为度我与一切众 ,

两足中尊三身体 ,

皈依佛陀出有坏,

འདོད་ཆགས་བྲལ་ཞིང་མྱ་ངན་འདས། །

ཞི་བའི་ཆོས་ལ་སྐྱབས་སུ་མཆི། །

ཚོགས་ཀྱི་མཆོག་གྱུར་ས་ལ་བཞུགས། །

ཕྱིར་མི་ལྡོག་ལ་སྐྱབས་སུ་མཆི། །

远离贪欲入涅槃,

皈依清净之妙法,

诸众中尊住圣地,

皈依永不退转众,

སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །

བླ་མ་མཆོག་ལ་སྐྱབས་སུ་མཆི། །

དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །

དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །

三世诸佛自性身,

皈依殊胜之上师,

赐予悉地之本尊,

皈依坛城之本尊 ,

དཔའ་བོ་དང་ནི་རྣལ་འབྱོར་མ། །

མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །

སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །

གཉུག་མའི་སེམས་ལ་སྐྱབས་སུ་མཆི། །

勇士以及瑜伽母,

皈依十方空行母,

悲空无二无别之,

皈依最初本来心,

བདག་གི་ལུས་ངག་ཡིད་གསུམ་གྱིས། །

སྔོན་ཆད་སྡིག་པ་ཅི་བགྱིས་པ། །

མགོན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས། །

སླན་ཆད་སྡིག་ལས་ལྡོག་པར་བགྱི། །

吾以身语意三门,

往昔所造一切罪,

忏悔怙主汝眼前,

今后制止诸恶业,

དེང་ནས་ཁྱེད་ཀྱི་འབངས་སུ་མཆི། །

ཁྱེད་ཀྱི་བསླབ་བྱར་རྗེས་སུ་སློབ། །

ཁྱེད་ཀྱི་བཀའ་ལས་མི་འདའ་བས། །

ཀུན་ནས་ཡོངས་སུ་བསྐྱབ་ཏུ་གསོལ། །

从此吾作汝眷属 ,

汝之教诲吾随学,

誓不违背汝言教 ,

祈求圆满救度吾。

ཞེས་སྐྱབས་སུ་སོང་ལ།

如此皈依

ཇི་ལྟར་དུས་གསུམ་མགོན་པོ་རྣམས། །

བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །

བྱང་ཆུབ་སེམས་ནི་བླ་ན་མེད། །

དམ་པ་བདག་གིས་བསྐྱེད་པར་བགྱི། །

如同三世诸怙主,

定证圆满菩提果,

如实无上菩提心,

吾亦发起殊胜心。

ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །

དགེ་བའི་ཆོས་རྣམས་སྡུད་པ་དང༌། །

སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །

བདག་གིས་བརྟན་པོར་བཟུང་བར་བགྱི། །

一者乃摄律仪戒,

二者乃摄善法戒,

三者饶益有情戒,

吾当牢牢持其戒。

བླ་ན་མེད་པའི་བྱང་ཆུབ་སེམས། །

དམ་པ་བདག་གིས་བསྐྱེད་བགྱིས་ནས། །

སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །

བདག་གིས་སྡོམ་པ་མ་ལུས་བཟུང༌། །

圆满无上菩提心,

吾当发起殊胜心,

为了利益诸有情,

吾当受持一切戒。

མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །

མ་གྲོལ་བ་རྣམས་བདག་གིས་དགྲོལ། །

དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །

སེམས་ཅན་མྱ་ངན་འདས་ལ་འགོད། །

未度有情皆我度,

未解有情皆我解,

未安有情皆我安,

有情安置涅槃果。

ཅེས་སེམས་བསྐྱེད།

以上为发心。

དྲུག་པ་བསྡུ་རིམ་དོན་དམ་སྐྱབས་འགྲོར་མཉམ་པར་འཇོག་པ་ནི།

丙六、收摄次第了义皈依入定者:

སྐྱབས་ཡུལ་བར་རྣམས་མདུན་གྱི་ལྷ་ལ་ཐིམ། །

གཡས་སྐོར་ཚུལ་གྱིས་རིམ་པར་འདུས་པ་ནི། །

དབུས་ཀྱི་རིས་མེད་བླ་མ་དེ་བརྒྱུད་པ། །

དེ་རྣམས་ཡས་མར་འོད་ཞུ་བླ་མར་འདུས། །

皈境隙间诸众入前尊,

以右旋式次第而收摄,

正中无偏传承诸圣士,

自上而下化光融入师。

ཀུན་འདུས་རྩ་བའི་བླ་མ་རིགས་ཀྱི་བདག །

བདག་ལ་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེ། །

ལུས་ངག་ཡིད་དང་རྣམ་དབྱེར་མེད་པའི་གཤིས། །

རང་རིག་ཡེ་ཤེས་དོན་གྱི་སྐྱབས་འགྲོ་མཆོག །

总集根本上师胜部主,

融入我身身语意金刚,

与我三门无别之本性,

自证慧即了义胜皈依。

༈ གཉིས་པ་སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ལ་ལྔ་ལས།

乙二、净障金刚萨埵诵修法分五:

དང་པོ་བསྐྱེད་ཆོག་སོགས་ནི།

丙一、生起次第仪轨等:

རང་གི་སྤྱི་བོར་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཛཿ ཧཱུྃ་བྃ་ཧོཿ བཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ།

自顶上“邦”成八瓣白色莲花之中央,“啊”字所变月轮上,“吽”成白色五股金刚杵,杵之中心标有“吽”字,此处放射出光芒,供养了十方圣者,净除了一切众生罪障。而后光芒回收融入“吽”字,金刚与“吽”字共成出有坏白色金刚萨埵,一面二臂,手持铃杵于佛母双运,佛母金刚白慢母手持钺刀颅碗于佛父双运。两者均以骨饰珍宝饰庄严,金刚跏趺而坐。

额间“嗡”,喉间“啊”,心间“吽”,“吽”字放光迎请一切诸佛菩萨现为金刚萨埵佛父佛母,匝吽邦吙,祈请出有坏净除我与无边众生一切罪障过堕诸垢染。

གཉིས་པ་སྒྲིབ་སྦྱོང་སྒོམ་དོན་བཟླས་པ་ནི།

丙二、净障观义念诵:

བླ་མ་རྡོ་རྗེ་སེམས་དཔའ་སྣང་སྟོང་འཇའ་ཚོན་རྡོ་རྗེའི་སྐུ་ཅན་རིགས་བརྒྱའི་ཁྱབ་བདག་དངོས་ཉིད་ཐུགས་ཀར་ཟླ་དབུས་རྡོ་རྗེའི་ལྟེ་བར་ས་བོན་ཧཱུྃ། མཐའ་སྐོར་ཡིག་བརྒྱའི་སྔགས་ཀྱིས་བསྐོར་བའི་སྐུ་དང་སྔགས་ཕྲེང་རྡོ་རྗེ་སྲོག་བཅས་རྟེན་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་རང་བཞིན་བདུད་རྩིའི་རྒྱུན་བབ། ཡབ་ཡུམ་སྦྱོར་མཚམས་ནས་བྱོན། བདག་ཉིད་ལུས་ཀྱི་ཕྱིར་སོང་བས་དྲི་མ་ཐམས་ཅད་བཤལ། ནང་ཚངས་བུག་ནས་ཞུགས་པས་ནད་གདོན་སྲོག་ཆགས་ཀྱི་རྣམ་པ་ཅན་རྣམས་འོག་སྒོ་ནས་དེད། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུད་ཁུ་དང་སོལ་ཁུའི་ཚུལ་དུ་བ་སྤུའི་བུ་ག་ཐམས་ཅད་ནས་ནག་ཞམ་མེར་ཐོན། བཀྲུས་སྦྱངས་དག་པ་ཆེན་པོའི་རང་བཞིན་དུ་གྱུར་པར་བསམས་ནས།

上师金刚萨埵,现空无别之彩虹金刚身,真实百部遍主之心间月轮正中,于金刚杵之中央种子“吽”字,其周边由百字明咒所绕旋,从尊身、咒鬘、种子字中降下身语意加持性甘露,经佛父佛母双运处流出,流于自体外,则洗冲了一切污垢。从梵净穴流入体内,则一切疾病魔障犹如细小的生命模样从肛门排出,一切罪障堕罪如烟汁和碳汁一般黑糊糊的从毛孔排出,净洗成圆满清净之本体。如此心想

ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛཿདྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ

ངག་ཏུ།

百字明咒:

嗡拜杂萨埵萨玛雅、嘛努巴拉雅、拜杂萨埵底诺巴、底叉知桌美巴哇、苏埵卡约美巴哇、阿努惹埵美巴哇、苏波卡 约美巴哇、萨哇斯德美扎雅杂、萨哇嘎嘛色匝美则当、协央格热吽、哈哈哈哈吙、班嘎哇纳、萨哇达他嘎达、拜杂 嘛麦母杂、呗泽叭哇、嘛哈萨玛雅萨埵啊。

ཞེས་ཅི་ནུས་བཟླ།

如此尽力念诵。

གསུམ་པ་དག་པ་བྱིན་རླབས་ཀྱི་མོས་བསྐྱེད་ནི།

丙三、加持、清净之观想:

དེ་ལྟར་སྦྱངས་པས་ལུས་ཁམས་དྭངས་པའི་ཤེལ་དཀར་ལྟར་དག །སྒོ་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་མ་ལུས་པ་ཡོངས་སུ་བྱང༌། བླ་མ་རྡོ་རྗེ་སེམས་དཔའི་རྡོ་རྗེའི་གསང་གསུམ་བྱིན་རླབས་ཀྱི་རང་བཞིན་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་སྐུ་གང༌། རྩ་རླུང་ཐིག་ལེ་ལུས་ངག་ཡིད་ཁམས་སྒྲིབ་བྲལ་དྭངས་མ་འཇའ་ཚོན་ཡེ་ཤེས་རྡོ་རྗེའི་སྐུ་གསུང་ཐུགས་སུ་གྱུར།

如此净洗,自身净如水晶剔透莹澈,一切三门罪障过堕习气无余获得清净,上师金刚萨埵三密金刚加持之自性智慧甘露注满全身,气脉明点及身语意远离一切障碍,成为净如彩虹智慧金刚之身语意。

ཨོཾ་བཛྲ་སཏྭ་ཧཱུྃ་ཨཱཿ

嗡拜杂萨埵吽啊

ཞེས་སྙིང་པོ་བཟླ།

如此念诵心咒。

བཞི་པ་མཐོལ་བཤགས་འབུལ་བ་ནི།

丙四、发露忏悔:

མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །

དམ་ཚིག་ལས་ནི་འགལ་ཞིང་ཉམས། །

བླ་མ་མགོན་པོས་བསྐྱབ་མཛོད་ཅིག །

གཙོ་བོ་རྡོ་རྗེ་འཛིན་པ་ཆེ། །

ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །

འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །

怙主!我以愚昧无知故,

于三昧耶有违犯,

怙主上师祈救护,

主尊即大金刚持,

具足大悲体性者,

众生怙主我皈依。

སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྒོ་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་སྦྱིན་པར་གྱུར།

发露忏悔身语意所失毁的一切根本与支分三昧耶,祈求赐予加持,一切障碍、堕罪、垢染全部清净消除。

如此祈祷后心想:上师金刚萨埵说:“善男子,汝之身语意三门所犯一切罪障、堕罪已得以清净。”如此赐予开许。

ལྔ་པ་ཞུ་བསྟིམ་དོན་གྱི་རྡོར་སེམས་ཤེས་པར་བྱ་བ་བསྔོ་བ་དང་བཅས་པ་ནི།

丙五、了知融入即是了义金刚萨埵及回向:

མཐར་མོས་གུས་ཆེན་པོའི་མཐུས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཡང་བདག་ལ་ཐིམ། ཐུགས་ཡིད་གཉིས་སུ་མེད་ཅིང་སྡིག་སྒྲིབ་སྦྱང་བྱའི་འཁོར་གསུམ་མི་དམིགས་པ་ཡེ་དག་གཤིས་ཀྱི་གནས་ལུགས་ཀུན་ཁྱབ་གདོད་མའི་མགོན་པོའི་ཀློང་དུ་མཉམ་པར་གཞག་པར་བྱའོ། །དེ་ལྟར་འབྲས་བུ་བདག་དང་འགྲོ་བ་ཀུན་གྱིས་འགྲུབ་པར་གྱུར་ཅིག །

最后,以大虔敬力,上师金刚萨埵佛父佛母亦融入自身,自心和师意无二无别,所净罪障三轮无缘而入定于本净、实相、初佛遍法界当中。愿我与一切众生成就如是之果位。

༈ གསུམ་པ་ཚོགས་རྫོགས་མཎྜལ་འབུལ་བར་གསུམ་ལས།

乙三、圆满资粮献供曼荼罗分三:

དང་པོ་འབུལ་ཡུལ་སྒྲུབ་པའི་མཎྜལ་བསྒོམ་པ་ནི།

丙一、观修供境、所修曼荼罗:

མདུན་དུ་རི་རབ་རིན་ཆེན་བཞིའི་རང་བཞིན། །

གྲུ་བཞི་བང་རིམ་བཞི་དང་ལྕོག་གིས་བརྒྱན། །

རྒྱ་ཆེ་ཁྱོན་ཡངས་སྲིད་རྩེའི་དཔངས་ལས་མཐོ། །

སྟེང་དུ་པདྨ་འདབ་བཞི་འཁོར་ཡུག་གདལ། །

前方须弥山王四宝性,

四角四个层级饰垛台,

广大宽阔高超有之顶,

其上莲花四瓣铺台面。

ལྟེ་དབུས་སེང་གེས་བཏེག་པའི་ཁྲི་གདན་སྟེང༌། །

རྩ་བའི་བླ་མ་རྡོ་རྗེ་འཆང་དབང་ལ། །

ཕྱག་ཆེན་བརྒྱུད་པའི་རྗེ་བཙུན་ཐམས་ཅད་དང༌། །

རིང་བརྒྱུད་རིས་མེད་བླ་མའི་ཚོགས་ཀྱིས་བསྐོར། །

正中狮子所撑珍宝座,

上坐根本上师金刚持,

周围大印传承诸尊者,

以及远派不同师围绕。

ཤར་གྱི་འདབ་མར་གླང་ཆེན་ཁྲི་གདན་སྟེང༌། །

འཁོར་ལོ་དྲྭ་བ་སྡོམ་པ་ཡི་དམ་ཚོགས། །

ལྷོ་འདབ་རྟ་ཡི་ཁྲི་དང་གདན་གྱི་སྟེང༌། །

ཐུབ་པའི་དབང་པོ་དུས་གསུམ་སངས་རྒྱས་ཚོགས། །

东方莲瓣大象座垫上,

胜乐金刚及诸本尊众,

南方莲瓣骏马座垫上,

释迦佛与三世诸如来。

ནུབ་ཀྱི་འདབ་མར་རྨ་བྱའི་ཁྲི་གདན་སྟེང༌། །

ཆོས་སྐུ་ཡུམ་ཆེན་དམ་ཆོས་གཟུགས་ཀྱི་ཚོགས། །

བྱང་འདབ་ཤང་ཤང་ཁྲི་དང་གདན་གྱི་སྟེང༌། །

སྤྱན་རས་གཟིགས་དབང་འཕགས་པའི་དགེ་འདུན་ཚོགས། །

西方莲瓣孔雀座垫上,

法身佛母妙法众经函,

北方莲瓣共命鸟座垫,

上坐观音菩萨圣僧众。

བར་མཚམས་དཔའ་བོ་མཁའ་འགྲོ་ཆོས་སྲུང་དང༌། །

ནོར་ལྷའི་ཚོགས་བཅས་སྐྱབས་རྣམས་རྫོགས་པར་གསལ། །

གཞན་ཡང་ཕྱོགས་བཅུའི་རབ་འབྱམས་ཞིང་བཞུགས་པའི། །

རྒྱལ་སྲས་ཞི་ཁྲོ་འཁོར་བཅས་མཆོད་ཡུལ་གྱུར། །

瓣隙勇士空行及护法,

财神众等皈处尽明观,

另住十方无量佛刹之,

佛子寂怒及眷为供境。

གཉིས་པ་ཡན་ལག་བདུན་པའི་ཁོངས་སུ་མཆོད་པའི་མཎྜལ་བཅས་འབུལ་བར་བདུན་ལས།

丙二、七支供范畴、所供曼荼罗分七:

དང་པོ་ཕྱག་འཚལ་བ་ནི།

丁一、顶礼支:

ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །

དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །

བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །

ལུས་དང་ངག་ཡིད་དང་བས་ཕྱག་བགྱི་འོ། །

所有十方世界中,

三世一切人狮子,

我以清净身语意,

一切遍礼尽无余。

བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །

རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །

ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །

རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །

普贤行愿威神力,

普现一切如来前,

一身复现刹尘身,

一一遍礼刹尘佛。

རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །

སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །

དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །

ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །

于一尘中尘数佛,

各处菩萨众会中,

无尽法界尘亦然,

深信诸佛皆充满。

དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །

དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །

རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །

བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །

各以一切音声海,

普出无尽妙言辞,

尽于未来一切劫,

赞佛甚深功德海。

གཉིས་པ་ལའང་མཎྜལ་དང་མཆོད་པ་གཉིས་སོ། །

丁二、分曼荼罗与供养:

ཐོག་མར་མཎྜལ་ལའང་གཉིས་ཀྱི།

戊一、曼荼罗亦分二:

དང་པོ་དངོས་གཞི་ནི།

己一、正式:

དངོས་འབྱོར་ཚད་ལྡན་དུ་འབུལ་བའམ། ཡང་ན་ཕྱག་རྒྱ་ཙམ་ལས་ཀུན་ཏུ་ཡིད་མོས་གཙོ་བས་དམིགས་པ་གསལ་རྫོགས་རྒྱ་ཆེ་བ་དང་བཅས།

实物供养或结手印悦意明观为主,缘想清明而广大圆满:

ཨོཾ་བཛྲ་བྷུ་མི་ཨཱཿ ཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཥེ་ཨཱཿ ཧཱུྃ། ཕྱི་ལྕགས་རིའི་འཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རི་ཡི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུའི་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་དང་ལུས་འཕགས། ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོ་ཡི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ། མ་ཚང་བ་མེད་པ། ཚང་ཞིང་ཡིད་དུ་འོང་བ། བདག་གཞན་གྱི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་ཞིང་ཁམས་རྒྱ་མཚོའི་མཆོད་སྤྲིན་དང་བཅས་པ་འདི་རྣམས་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་འཁོར་དང་བཅས་པ་ཐམས་ཅད་དང༌། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པ་མ་ལུས་པར་གུས་པས་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་ཨི་དམ་མཎྜལ་ཀཾ་ནིརྻ་ཏ་ཡ་མི།

嗡巴杂布米阿吽,清净本基,大自在金地,嗡班扎日客阿吽,外铁围山环绕中央吽,须弥山王,东胜神洲,南赡部洲,西牛货洲,北俱卢洲,身洲及胜身洲,拂洲及妙拂洲,行洲及胜道行洲,恶音洲及恶音对洲,珍宝山,如意树,如意牛,自然稻,金轮宝,如意宝,后妃宝,大臣宝,大象宝,绀马宝,将军宝,宝藏瓶,嬉女,鬘女,歌女,舞女,花女,香女,灯女,涂香女,日,月,宝幡,威慑十方尊胜幢,中央人天受用无不具足且圆满,无不悦意,自他身材受用三世善业及净土海会等皆诚敬供养于诸大恩根本与传承上师、众圣坛城本尊、佛法僧三宝、空行、护法、财神、伏藏主等诸眷属尽无余、十方三世一切佛子及学子前,祈请慈悲利众欣纳受,纳己复请赐加持,咕热额当 曼荼喇、刚呢呀哒呀么。

གཉིས་པ་སྨོན་ལམ་ནི།

己二、发愿:

མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །

བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༌། །

དུས་གསུམ་རྒྱལ་བའི་དགོངས་པ་རྫོགས་པ་དང༌། །

སྲིད་པར་མི་འཁྲུལ་ཞི་བར་མི་གོལ་ཞིང༌། །

ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །

因供悦意胜妙曼荼罗,

菩提道上不遇诸违缘,

圆满三世善逝之密意,

不迷轮回亦不住涅槃,

祈愿能度等空诸有情。

གཉིས་པ་མཆོད་པའི་ཡན་ལག་ནི།

丁二、供养支:

མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །

སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །

མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

以诸最胜妙华鬘,

伎乐涂香及伞盖,

如是最胜庄严具,

我以供养诸如来。

ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །

ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང༌། །

བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

最胜衣服最胜香,

末香烧香与灯烛,

一一皆如妙高聚,

我悉供养诸如来。

མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །

དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །

བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །

རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །

我以广大胜解心,

深信一切三世佛,

悉以普贤行愿力,

普遍供养诸如来。

གསུམ་པ་སྡིག་བཤགས་ཡན་ལག་ལ་རྒྱས་བསྡུས་གཉིས་ལས།

丁三、忏罪支分广大与简略:

དང་པོ་ནི།

戊一、广大忏悔:

མདོ་སྡེ་ཕུང་པོ་གསུམ་པ་འདི་བཞིན་འདོན།

三十五佛忏悔文

བདག་སོགས་སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེའི་སྙིང་པོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔས་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་བཟང་ལ་ཕྱག་འཚལ་ལོ། །ཙནྡན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ལ་ཕྱག་འཚལ་ལོ། །དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པས་གཤེགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨོས་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གཞན་གྱི་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་བ་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་འཕྲོག་པ་དང༌། འཕྲོག་ཏུ་སྩལ་བ་དང༌། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔ་ཡི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང༌། འཇུག་ཏུ་སྩལ་བ་དང༌། འཇུག་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ། ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པར་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་སྐུ་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ། གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ་འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གཞན་གྱི་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང༌། གོང་ན་མ་མཆིས་པ་དང༌། གོང་མའི་ཡང་གོང་མ། བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང༌། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །

我等一切众生恒时皈依上师,皈依佛,皈依法,皈依僧。南无薄伽梵应供正等觉功德王释迦牟尼如来,南无能摧金刚藏如来,南无无边威光如来,南无宝焰如来,南无光德如来,南无龙自在王如来,南无无忧德如来,南无勇猛军如来,南无无爱子如来,南无吉祥喜如来,南无功德华如来,南无宝火如来,南无清净光游戏神通智如来,南无宝月光如来,南无莲华光游戏神通智如来,南无不空见如来,南无财功德如来,南无宝月如来,南无念功德如来,南无无垢如来,南无善名称功德如来,南无吉祥施如来,南无上自在幢王如来,南无清净如来,南无善能镇伏功德如来,南无清净施如来,南无斗战胜如来,南无水王如来,南无善能镇伏功德逝如来,南无水王天如来,南无普照庄严功德如来 ,南无贤吉祥如来,南无宝莲华善能镇伏如来,南无旃檀功德如来,南无应供正等觉宝莲华善住觉山自在王如来,如是皈命已,所有十方一切世界如来应供正等觉诸佛世尊,常住在世,愿诸世尊,忆念于我。若我此生,若我前生,无始生死以来,在一切轮回中所受生处:所作不善恶业,自作教他作,或随喜他作;若塔物,若僧物,若十方僧物,自盗教他盗;或随喜他盗;五无间罪,自作教他作,或随喜他作;十不善道,自正受入,教他入,或随喜他入。由是业障,有所覆藏,我有情,应堕地狱、傍生、饿鬼,或生边地及蔑戾车,或生长寿诸天,设得人身,诸根不具,或执邪见,或厌诸佛出兴于世,所有业障,今对一切诸佛世尊、智慧者、眼证者、权能者、称量者、知者、见者,彼诸尊前发露忏悔,不敢覆藏,从此制止,永不再犯。愿彼诸佛世尊,忆念于我,若我此生,若我前生,无始生死以来,在其他轮回中所受生处,所有施于畜生一抟之食,若我布施之善根,若我护戒之善根,若我净行之善根,若我成熟诸有情之善根,若我发无上菩提心之善根,若我修无上智之善根,悉皆合集,校计筹量,今对无上、无能胜、胜中胜、尊中尊前,普皆回向,悉回向于阿耨多罗三藐三菩提,过去诸佛世尊云何回向,未来诸佛世尊云何回向,现在诸佛世尊云何回向,我亦如是普皆回向。

སྡིག་པ་ཐམས་ཅད་ནི་སོ་སོར་བཤགས།

བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །

སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ། །

བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །

众罪皆忏悔,

诸福尽随喜;

及请佛功德,

愿成无上智。

མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང༌། །

གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །

ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །

ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། ། ཞེས་དང༌།

去来现在佛,

于众生最胜,

无量功德海,

我今皈命礼。

ལུས་ཀྱི་ལས་ནི་རྣམ་པ་གསུམ། །

ངག་གི་རྣམ་པ་བཞི་དག་དང༌། །

གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །

མི་དགེ་བཅུ་པོ་སོ་སོར་བཤགས། །

身业有三种,

口业复有四,

以及意三业,

十不善尽忏。

ཐོག་མ་མེད་ནས་ད་ལྟའི་བར། །

མི་དགེ་བཅུ་དང་མཚམས་མེད་ལྔ། །

སེམས་ནི་ཉོན་མོངས་དབང་གྱུར་པའི། །

སྡིག་པ་ཐམས་ཅད་བཤགས་པར་བགྱི། །

无始至现在,

十恶五无间,

心随烦恼转,

诸罪皆忏悔。

མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །

གང་གིས་མི་ཤེས་དབང་གིས་བྱས་པ་དག །

དེ་ཡིས་ལྟུང་བ་བཤགས་པ་འདི་བརྗོད་ན། །

མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །

往昔由无智慧力,

所造极恶五无间,

诵此菩提忏悔经,

一念速疾皆消灭。

གཉིས་པ་མདོར་བསྡུས་ནི།

戊二、简略忏悔:

འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །

ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །

སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །

དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །

我昔所造诸恶业,

皆由无始贪嗔痴,

从身语意之所生,

一切我今皆忏悔。

བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི།

丁四、随喜支:

ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །

རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །

འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །

དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །

十方一切诸众生,

二乘有学及无学,

一切如来与菩萨,

所有功德皆随喜。

ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི།

丁五、请转法轮支:

གང་ན་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །

བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །

མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །

འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །

十方所有世间灯,

最初成就菩提者,

我今一切皆劝请,

转于无上妙法轮。

དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བའི་ཡན་ལག་ནི།

丁六、请佛住世支:

མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །

འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །

བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །

བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །

诸佛若欲示涅槃,

我悉至诚而劝请,

唯愿久住刹尘劫,

利乐一切诸众生。

བདུན་པ་བྱང་ཆུབ་ཏུ་བསྔོ་བའི་ཡན་ལག་ནི།

丁七、回向支:

ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །

རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །

དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །

ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ། །

所有礼赞及供忏,

随喜劝请转法轮,

我以所积少分善,

回向圆满大菩提。

གསུམ་པ་བསྡུ་རིམ་དོན་གྱི་མཎྜལ་ནི།

己三、收摄次第了义之曼荼:

མཆོད་ཞིང་འཁོར་རྣམས་ཁྱབ་བདག་བླ་མར་ཐིམ། །

བླ་མ་འོད་ཞུ་བདག་དང་གཅིག་ཏུ་འདྲེས། །

མཆོད་བྱ་མཆོད་བྱེད་མཆོད་ཡུལ་མཉམ་པ་ཉིད། །

རང་གྲོལ་བདེ་བ་ཆེ་འདི་མཆོད་པའི་ཕུལ། །

供境眷众融入遍主师,

上师化光与己融一味,

能供所供供境平等性,

自解脱之大乐胜供养。

༈ བཞི་པ་བྱིན་རླབས་འཇུག་བྱེད་བླ་མའི་རྣལ་འབྱོར་ལ་ལྔ་ལས།

甲四、能入加持——上师瑜伽分五:

དང་པོ་བདག་ལྷ་རྩ་བརྒྱུད་བླ་མ་བསྐྱེད་པ་ནི།

乙一、自观本尊及观想本传上师:

བདག་གཞན་སྣང་སྲིད་མི་དམིགས་སྟོང་པའི་ངང༌། །

རང་སེམས་སྐྱེ་མེད་རིག་རྩལ་མ་འགགས་པ། །

སྐད་ཅིག་པདྨ་ཉི་མ་བམ་རོའི་སྟེང༌། །

བཅོམ་ལྡན་འདས་མ་ཤེས་རབ་ཕག་མོ་ཡུམ། །

自他器情无缘空性中,

自心无生不灭觉性力,

刹那莲花日轮尸垫上,

薄伽梵母般若亥母尊。

བདེ་ཆེན་རྣམ་ཀུན་མཆོག་ལྡན་སྐུ་མདོག་དམར། །

ཆོས་ཀུན་གཅིག་པའི་ཞལ་གཅིག་ཁྲོ་འཛུམ་ཉམས། །

བདེན་གཉིས་ཕྱག་གཡས་གྲི་གུག་རྣམ་རྟོག་གཅོད། །

གཡོན་པས་ཟག་མེད་བདེ་རོལ་ཐོད་ཁྲག་བསྣམས། །

大乐现空无别身红色,

诸法一味一面怒笑容,

二谛右手弯刀断妄念,

享用无漏乐左持颅血。

ཁྲག་འཐུང་ཐབས་དང་མཉམ་སྦྱོར་ཁ་ཊྭཱཾ་འཁྱུད། །

སྐུ་ལྔ་ཡོངས་རྫོགས་ཐོད་སྐམ་རིགས་ལྔས་སྤྲས། །

ཕ་རོལ་ཕྱིན་མཚོན་ཕྱག་རྒྱ་རྣམ་ལྔས་བརྒྱན། །

འདུ་བྱེད་རྣམ་དག་མི་མགོའི་ཕྲེང་བ་འཕྱང༌། །

天杖表示双运胜乐尊,

五身圆满五骷之佛冠,

诠表波罗蜜多饰五印,

行蕴清净环佩头颅鬘。

སྒྲིབ་པ་གཏན་སྤངས་ནམ་མཁའ་ཕྱོགས་ཀྱི་གོས། །

དགའ་བའི་ཆ་གང་བཅུ་དྲུག་ལང་ཚོ་ཅན། །

སྲིད་ཞིའི་མཐའ་སྤངས་བརྐྱང་བསྐུམ་ཕྱེད་པའི་གར། །

འཁོར་བའི་མུན་གཞོམ་འོད་གསལ་མེ་དབུས་འགྱིང༌། །

彻净诸障身着虚空衣,

乐分丰满十六妙龄相,

伸曲站姿远离有寂边,

消除轮暗站立明火中。

རྣམ་པ་ལྷར་གསལ་རྣམ་དག་ཡིད་བཞིན་རྟོགས། །

ཡེ་དག་ལྷ་ཡི་ང་རྒྱལ་རབ་ཏུ་བརྟན། །

སྣང་སྟོང་ཟུང་འཇུག་རང་རིག་ཡངས་པའི་ཀློང༌། །

ཡེ་ཤེས་སྒྱུ་མ་ཆེན་པོའི་སྐུ་རུ་གསལ། །

明显佛相真实如是知,

本来清净佛慢极坚固,

现空双运自证无限境,

显现广大智慧幻化身。

དེ་ཉིད་དབུ་གཙུག་བར་སྣང་ཁྲི་གདན་སྟེང༌། །

བཀའ་དྲིན་མཉམ་མེད་རྩ་བའི་བླ་མའི་ཞབས། །

དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང༌། །

ཆོས་སྐུ་མི་འགྱུར་སྐུ་མདོག་ནམ་མཁའི་མདངས། །

彼之顶上虚空法座上,

恩德无比根本上师尊,

具德百部遍主金刚持,

法身不变天空蓝色身。

ཐབས་ཤེས་ཟུང་འཇུག་རྡོར་དྲིལ་ཐུགས་ཀར་བསྣོལ། །གསང་ཆེན་རིགས་གཅིག་དབུ་སྐྲ་ཐོར་ཚུགས་བཅིངས། །དགོས་འདོད་ཆར་འབེབས་རིན་ཆེན་ཚོགས་ཀྱིས་བརྒྱན། །ཐུགས་རྗེས་སྐྱོབ་ཕྱིར་དར་གྱི་སྨད་ཤམ་གསོལ། །

便智双运铃杵持心间,

束发顶髻大密唯一部,

如雨满愿各种珍宝饰,

大悲护佑下围绸缎裙。

འཁོར་འདས་མཉམ་ཉིད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །

སྒྲིབ་བྲལ་མི་ཟད་རྒྱན་གྱི་འཁོར་ལོའི་བདག །

མཐའ་ཡས་ཞིང་ཁམས་བཀོད་པ་སྐུ་ལ་རྫོགས། །

ཞིང་ཀུན་སྤྲུལ་པའི་རོལ་པས་རྒྱས་པར་འགེངས། །

轮涅等性金刚跏趺坐,

离障无尽庄严轮之主,

身上圆满无量刹庄严,

所有刹中遍满化身舞。

དབུ་སྟེང་ཕྱག་ཆེན་བརྒྱུད་པའི་བླ་མའི་ཕྲེང༌། །

ཆོས་སྐུ་རྡོ་རྗེ་འཆང་ལ་ཐུག་གི་བར། །

ཡོངས་རྫོགས་ཐོ་བརྩེགས་རང་མདུན་ཞལ་ཕྱོགས་བཞུགས། །

ཀུན་ཀྱང་མངོན་སུམ་དགྱེས་བརྩེའི་རང་བཞིན་གསལ། །

顶上大印传承上师鬘,

上至法身金刚持之间,

悉皆层叠与我面向坐,

尽显真实欢喜悲愍相。

གཉིས་པ་མཆོད་པའི་མཎྜལ་འབུལ་བ་ནི།

乙二、供养所供曼荼罗:

སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ། །

ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད། །

བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ལ། །

བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །

圆满三身诸胜上师前,

内外秘密真如做供养,

吾身受用万物尽享用,

祈赐无上殊胜之成就。

གསུམ་པ་མོས་གུས་གསལ་འདེབས་པ་ནི།

乙三、表示恭敬心:

སྤྱི་བོའི་རྩ་བརྒྱུད་བླ་མ་རྗེ་བཙུན་ཚོགས། །

རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཉག་གཅིག་དངོས། །

ཐུགས་ཀྱི་དགོངས་པ་ཆོས་ཀྱི་དབྱིངས་སུ་མཉམ། །

རྣམ་པ་གང་འདུལ་དེར་སྣང་སོ་སོ་ཙམ། །

顶上本传至尊诸上师,

皆是真实圆满正觉佛,

意之密趣法界中平等,

仅随所化别别现其形。

བདག་ཉིད་འདི་ཕྱི་བར་དོ་ཚེ་རབས་ཀུན། །

སྐྱབས་གནས་ཁྱེད་རྣམས་ལས་གཞན་མ་མཆིས་པས། །

མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །

ཐུགས་རྗེས་སྐྱོབས་ལ་བྱིན་རླབས་དངོས་གྲུབ་སྩོལ། །

今生来世中阴一切时,

汝等以外我无皈依处,

强烈渴望虔敬心祈祷,

大悲救护加持赐成就。

བཞི་པ་གསོལ་འདེབས་དངོས་ལ་བསྡུས་རྒྱས་གཉིས་ལས།

乙四、正式祈祷分略与广:

དང་པོ་ལའང་དྲུག་ལས།

丙一、略祈祷亦分六:

དེའི་ཐོག་མར་བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་ནི།

丁一、祈祷传承上师:

རིགས་བརྒྱའི་དབང་ཕྱུག་རྡོ་རྗེ་འཛིན། །

ཏིལ་རྡུང་ཡ་ཤོ་བྷ་དྲ་དང༌། །

ཆོས་ཀྱི་བློ་གྲོས་ཐོས་པ་དགས། །

བདག་གི་སྙིང་པོའི་དོན་མཐོང་སྩོལ། །

百部自在金刚持,

帝洛巴与那若巴,

马尔巴与闻喜尊,

祈赐得见吾本性。

དགེ་སློང་འཚོ་མཛད་ཕག་གྲུ་པ། །

པདྨ་རྡོ་རྗེ་གཙང་པ་རྒྱ། །

དབོན་དང་གཞོན་ནུ་ཉི་མའི་མཚན། །

བདག་གི་སྙིང་པོའི་དོན་མཐོང་སྩོལ། །

冈波巴与帕竹巴,

岭日巴与藏巴嘉,

翁与雄努尼玛名,

祈赐得见吾本性。

སེང་གེ་ཤེས་རབ་སྤོས་སྐྱ་པ། །

བཅུ་གསུམ་ཀུན་དགའ་རྡོར་རིན་དང༌། །

བློ་གྲོས་མཁྱེན་བརྩེ་རྟོགས་ལྡན་གྱིས། །

བདག་གི་སྙིང་པོའི་དོན་མཐོང་སྩོལ། །

森格西热布迦巴,

救松棍嘎与多仁,

罗森与钦则多登,

祈赐得见吾本性。

བློ་མཆོག་ནམ་མཁའི་རྣལ་འབྱོར་པ། །

རྒྱལ་བའི་དབང་དང་འབྲུག་པ་རྗེ། །

ཆོས་ཀྱི་གྲགས་པ་ཡབ་སྲས་ཀྱིས། །

བདག་གི་སྙིང་པོའི་དོན་མཐོང་སྩོལ། །

罗乔囊克南觉巴,

嘉伟旺与竹巴主,

曲吉扎巴父子尊,

祈赐得见吾本性。

ཀུན་མཁྱེན་པད་དཀར་མཐུ་སྟོབས་ཞབས། །

ངག་དབང་བཟང་དང་དཔག་བསམ་དབང༌། །

མི་ཕམ་བློ་གྲོས་ཀུན་དགའི་མཚན། །

བདག་གི་སྙིང་པོའི་དོན་མཐོང་སྩོལ། །

遍智白嘎与图多,

昂旺桑与巴桑旺 ,

米旁罗珠棍嘎名,

祈赐得见吾本性。

ཆོས་ཀྱི་དབང་ཕྱུག་ཡར་འཕེལ་དབང༌། །

དགེ་ལེགས་བཞད་པ་ཐུགས་རྡོ་རྗེ། །

བདེ་ཆེན་རྡོ་རྗེ་མཉྫུ་ཤྲཱིས། །

བདག་གི་སྙིང་པོའི་དོན་མཐོང་སྩོལ། །

曲吉旺素雅培旺,

格勒谢巴图多杰,

德钦多杰文殊勇,

祈赐得见吾本性。

ཆོས་ཀྱི་སྣང་བ་ཡེ་ཤེས་གྲུབ། །

བསྟན་པའི་ཉི་མ་འཇིགས་མེད་མཚན། །

ཆོས་ཀྱི་ཉིན་བྱེད་ཡེ་ཤེས་སྣང༌། །

བདག་གི་སྙིང་པོའི་དོན་མཐོང་སྩོལ། །

曲吉囊瓦耶西珠,

丹贝尼玛吉美名,

曲吉尼色叶西囊,

祈赐得见吾本性。

པདྨ་དགྱེས་པ་ཤཱཀྱ་ཤྲཱི། །

ཆོས་ཀྱི་རྒྱ་མཚོ་གྲུབ་རིགས་མཚན། །

ཁྱབ་བདག་རྩ་བའི་བླ་མ་ཡིས། །

བདག་གི་སྙིང་པོའི་དོན་མཐོང་སྩོལ། །

白玛吉巴夏迦师,

曲吉嘉措仲惹名,

遍主根本上师尊,

祈赐得见吾本性。

ཡང་ན།

或者念诵

མདོ་ཁམས་བསྟན་ཉི་ཤཱཀྱ་ཤྲཱི། །

པདྨ་ཆོས་རྒྱལ་འགྱུར་མེད་མཚན། །

འཇིགས་མེད་དབང་གི་རྡོ་རྗེ་དང་། །

ཁྱབ་བདག་རྩ་བའི་བླ་མ་ཡིས། །

བདག་གི་སྙིང་པོའི་དོན་མཐོང་སྩོལ། །

多康丹尼夏迦师,

白玛曲嘉与久美,

吉美旺格多杰尊,

遍主根本上师尊,

祈赐得见吾本性。

གཉིས་པ་བརྒྱུད་པའི་བླ་མ་འོད་ཞུ་ནི།

丁二、传承上师化光:

དེ་ལྟར་བརྒྱུད་པའི་བླ་མར་གསོལ་བཏབ་པས། །

མོས་གུས་མཐུ་དང་སྐྱབས་རྣམས་བརྩེ་ཆེན་གྱིས། །

བདག་ལ་བྱིན་རློབས་ཆེད་དུ་ཡས་ནས་མར། །

རིམ་པས་འོད་ཞུ་རྩ་བའི་བླ་མར་འདུས། །

如是祈祷传承诸上师,

虔敬力与怙主大悲力,

加持我故自上而降下,

次第化光融入根本师。

གསུམ་པ་རྩ་བའི་བླ་མར་གསོལ་བ་འདེབས་པ་ནི།

丁三、祈祷根本上师:

རྗེ་རང་རིག་རྟོགས་པའི་རྣལ་འབྱོར་པ། །

ལམ་གང་ཤར་དགག་སྒྲུབ་སྤང་བླང་བྲལ། །

བདག་རང་ངོ་ཤེས་པར་གསོལ་བ་འདེབས། །

ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །

师即证悟自心瑜伽士,

所现之道远离破与立,

徒儿祈祷了知自本面,

赐予父您相同之加持。

རྗེ་མོས་གུས་མཐར་ཕྱིན་རྣལ་འབྱོར་པ། །

སྣང་གྲག་ཀུན་བླ་མའི་རོལ་པར་ཤར། །

བདག་རང་སྣང་དག་པར་གསོལ་བ་འདེབས། །

ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །

师即虔敬圆满瑜伽士,

见闻皆现上师之游舞,

徒儿祈祷自现皆清净,

赐予父您相同之加持。

རྗེ་རོ་སྙོམས་རྟོགས་པའི་རྣལ་འབྱོར་པ། །

རྐྱེན་བདུད་བཞི་འཇོམས་པའི་དཔའ་བོ་ཆེ། །

བདག་རེ་དོགས་བྲལ་བར་གསོལ་བ་འདེབས། །

ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །

师即证悟一味瑜伽士,

降伏四魔诸缘大勇士,

徒儿祈祷远离诸希忧,

赐予父您相同之加持。

རྗེ་ཐོག་མཐའ་མེད་པའི་རྣལ་འབྱོར་པ། །

དཔལ་དང་པོའི་སངས་རྒྱས་གདོད་མའི་མགོན། །

བདག་ལྷུན་གྲུབ་ཆེན་པོར་གསོལ་བ་འདེབས། །

ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །

师即无始无终瑜伽士,

最初佛陀原始之怙主,

徒儿祈祷任运大成就,

赐予父您相同之加持。

རྗེ་གཞན་ཕན་མཛད་པའི་རྣལ་འབྱོར་པ། །

ཁམས་གསུམ་གྱི་འཁོར་བ་དོང་ནས་སྤྲུགས། །

བདག་འགྲོ་དོན་འགྲུབ་པར་གསོལ་བ་འདེབས། །

ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །

师即利益众生瑜伽士,

彻底根除三界之轮回,

徒儿祈祷能度有情众,

赐予父您相同之加持。

བཞི་པ་བརྟན་པར་བཞུགས་སུ་གསོལ་བ་ནི།

丁四、祈请常久住世:

རྗེ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །

སྐྱབས་འགྲན་ཟླ་བྲལ་བ་རིན་པོ་ཆེ། །

ཕ་དྲན་མཆོག་བླ་མ་འགྲོ་བའི་མགོན། །

བདག་མོས་པའི་བུ་ལ་ཐུགས་རྗེས་གཟིགས། །

尊乃诸佛事业者,

无等依怙如意宝,

师父尊师众生怙,

祈求大悲观徒儿。

གཞི་མ་བཅོས་གཉུག་མ་ཆོས་ཀྱི་སྐུ། །

ལམ་འགག་མེད་གང་ཤར་སྤྲུལ་པའི་སྐུ། །

དོན་གཉིས་མེད་ཟུང་འཇུག་ལོངས་སྤྱོད་རྫོགས། །

བདག་སེམས་ཉིད་ངང་དུ་དབྱེར་མེད་ཀྱང༌། །

基不改本性法身,

道不灭自现化身,

义无二双运报身,

与我心性虽无别。

ཁོང་མ་དག་གདུལ་བྱའི་སྣང་ངོར་ལྟར། །

སྐུ་གདུལ་བྱ་འདུལ་བྱེད་འདི་ཁོ་ན། །

ཞིང་འདིར་ཡང་བསྐལ་བརྒྱར་ཞབས་བརྟན་ཅིང༌། །

མིག་ངོམས་མེད་ཀྱི་བདུད་རྩིར་བརྟན་པར་ཤོག །

尊不净所化而现,

能化所化唯此身,

百劫常住此世间,

视无厌足愿住世。

ལྔ་པ་བྱིན་རླབས་དབང་བསྐུར་ཞུ་བ་ནི།

丁五、请求加持灌顶:

སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །

སྒྱུ་འཕྲུལ་རྡོ་རྗེའི་སྐུ་ཐོབ་ཤོག །

གསུང་གི་བྱིན་རླབས་ངག་ལ་ཞུགས། །

འཇམ་དབྱངས་ཆེན་པོ་འགྲུབ་གྱུར་ཅིག །

ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། །

འཕོ་མེད་བདེ་བ་ཆེ་ཐོབ་ཤོག །

师身加持入我身,

愿得幻化金刚身,

师语加持入我语,

愿我成就大文殊,

师意加持入我心,

愿得无迁大安乐。

དྲུག་པ་ཞུ་བསྟིམ་སྨོན་ལམ་ནི།

丁六、化光融入发愿:

ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །

བདག་དང་གཉིས་མེད་གཅིག་གྱུར་ནས། །

ས་བཅུའི་མགོན་པོ་འགྲུབ་གྱུར་ཅིག །

犹如水入水之中,

与我无二合为一,

愿证十地怙主位。

གཉིས་པ་གསོལ་འདེབས་རྒྱས་པའི་རིམ་པ་ལའང་དྲུག་ལས།

丙二、广大祈祷次第亦分六:

དང་པོ་བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་ནི།

丁一、祈祷传承上师:

ན་མོ་མ་ཧཱ་མུ་དྲཱ་ཡ།

顶礼大手印!

སྐུ་གསུམ་གྱི་འབྲས་བུ་སྨིན་པའི་ས། །

གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །

ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

成熟三身佛果地,

密严法界宫殿中,

祈祷法身金刚持,

了悟心性俱生面,

所现之道无取舍,

加持器情转三身。

བྱིན་རླབས་ཀྱི་ཆུ་བོ་འབབ་པའི་ས། །

ཤར་ཟ་ཧོར་ནོར་བུའི་དགོན་པ་རུ། །

ཏིལླི་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

加持河流来源地,

东方萨霍珍宝寺,

祈祷帝洛巴慧贤,

了悟心性俱生面,

所现之道无取舍,

加持器情转三身。

དངོས་གྲུབ་ཀྱི་བདུད་རྩི་འབྱུང་བའི་ས། །

བྱང་པུཥྤ་ཧ་རིའི་དགོན་པ་རུ། །

མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

成就甘露来源地,

北方布巴哈热寺,

祈祷智者那若巴,

了悟心性俱生面,

所现之道无取舍,

加持器情转三身。

མན་ངག་གི་རྒྱ་མཚོ་འཁྱིལ་བའི་ས། །

ལྷོ་གྲོ་བོ་ལུང་གི་དགོན་པ་རུ། །

སྒྲ་སྒྱུར་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

秘诀之海汇聚地,

南方卓沃龙寺院,

祈祷玛尔巴译师,

了悟心性俱生面,

所现之道无取舍,

加持器情转三身。

སྒྲུབ་བརྒྱུད་ཀྱི་གངས་རི་ཆགས་པའི་ས། །

ནུབ་ལ་ཕྱི་གངས་ཀྱི་ར་བ་རུ། །

དབང་ཕྱུག་མི་ལ་རས་པ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

修传雪山所成地,

西方喇斯雪山中,

祈祷米拉日巴尊,

了悟心性俱生面,

所现之道无取舍,

加持器情转三身。

དཀར་བརྒྱུད་ཀྱི་རི་དབང་བརྟན་པའི་ས། །

ཤར་དྭགས་ལྷ་སྒམ་པོའི་དགོན་པ་རུ། །

ཆོས་རྒྱལ་དྭགས་པོ་ལྷ་རྗེ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

噶举山王坚固地,

东方达拉冈波寺,

祈祷法王冈波巴,

了悟心性俱生面,

所现之道无取舍,

加持器情转三身。

ཁམས་གསུམ་གྱི་རྒྱལ་སྲིད་སྐྱོང་བའི་ས། །

དཔལ་ཕག་མོ་གྲུ་ཡི་ནགས་ཁྲོད་དུ། །

བདེ་གཤེགས་ཁམས་པ་རྡོ་རྒྱལ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

护持三界国政地,

帕摩竹之密林间,

祈祷帕莫竹巴尊,

了悟心性俱生面,

所现之道无取舍,

加持器情转三身。

གནས་ལུགས་ཀྱི་རྟོགས་པ་སྐྱོང་བའི་ས། །

སྣ་ཕུ་ཆོས་ལུང་གི་དགོན་པ་རུ། །

གྲུབ་ཐོབ་གླིང་ཆེན་རས་པ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

守持证悟实相地,

那普曲隆寺院中,

祈祷岭钦日巴尊,

了悟心性俱生面,

所现之道无取舍,

加持器情转三身。

བཤད་སྒྲུབ་ཀྱི་སྙིང་པོ་ལེན་པའི་ས། །

འབྲུག་ར་ལུང་གཉིས་ཀྱི་གདན་ས་རུ། །

འགྲོ་མགོན་གཙང་པ་རྒྱ་རས་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

获取讲修精华地,

竹与热龙二寺中,

祈祷藏巴甲热尊,

了悟心性俱生面,

所现之道无取舍,

加持器情转三身。

ཆོས་བརྒྱད་ལ་རོ་སྙོམས་སྤྱོད་པའི་ས། །

སྟག་རི་གངས་ཀྱི་ར་བ་རུ། །

སངས་རྒྱས་དབོན་ཆེན་རས་པ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

八法一味行持地,

达惹寂静雪山中,

祈祷翁钦日巴尊,

了悟心性俱生面,

所现之道无取舍,

加持器情转三身。

ལྷུན་གྲུབ་ཀྱི་རང་ས་ཟིན་པའི་ས། །

གདན་ས་ཡ་བཞི་ཡི་བཞུགས་གནས་སུ། །

ཆོས་རྗེ་གཞོན་ནུ་སེང་གེ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

获得任运自地境,

竹巴四大主寺中,

祈祷雄努森格尊,

了悟心性俱生面,

所现之道无取舍,

加持器情转三身。

བདེ་ཆེན་གྱི་འཁོར་ལོས་སྒྱུར་བའི་ས། །

ཡང་དགོན་རྒྱལ་བ་ཡི་ཕོ་བྲང་དུ། །

བྱང་སེམས་ཉི་མ་སེང་གེ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

启转大乐法轮地,

阳贡嘉瓦宫殿中,

祈祷尼玛森格尊,

了悟心性俱生面,

所现之道无取舍,

加持器情转三身。

སྐྱེ་མེད་ཀྱི་ནམ་འཕང་གཅོད་པའི་ས། །

བར་འབྲོག་རྡོར་གླིང་གི་དགོན་པ་རུ། །

ཆོས་རྒྱལ་རྡོ་རྗེ་གླིང་པ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

无生冲越高空地,

巴卓多林寺院中,

祈祷多杰林巴尊,

了悟心性俱生面,

所现之道无取舍,

加持器情转三身。

ཟབ་རྒྱས་ཀྱི་ཆོས་སྒོ་འབྱེད་པའི་ས། །

སྤོས་སྐྱ་དཔལ་གྱི་གཟིམ་ཁང་དུ། །

མཚན་ལྡན་སྤོས་སྐྱ་པ་ཆེན་པོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

开启深广法门地,

布迦巴之寝室中,

祈祷布迦巴尊者,

了悟心性俱生面,

所现之道无取舍,

加持器情转三身。

ཐེག་ཆེན་གྱི་བསྟན་པ་དར་བའི་ས། །

དཀར་བརྒྱུད་ཀྱི་གདན་ཁྲི་ཡངས་པ་རུ། །

དྲིན་ཅན་བཅུ་གསུམ་པ་ཆེན་པོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

兴盛大乘教法地,

噶举广大座垫上,

祈祷森格嘉波尊,

了悟心性俱生面,

所现之道无取舍,

加持器情转三身。

སྨིན་གྲོལ་གྱིས་སྐལ་ལྡན་ཚིམ་པའི་ས། །

ཟབ་ཡངས་བདེ་ཆེན་གྱི་ཕུག་པ་རུ། །

འཇམ་དབྱངས་ཀུན་དགའ་སེང་གེ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

成熟解脱具缘地,

深广大乐洞穴中,

祈祷棍嘎森格尊,

了悟心性俱生面,

所现之道无取舍,

加持器情转三身。

བསླབ་གསུམ་གྱི་མེ་ཏོག་འཁྲུངས་པའི་ས། །

གཞན་ཕན་གྱི་སྐྱེད་ཚལ་ཡངས་པ་རུ། །

དྲིན་ཅན་བཛྲ་རཏྣ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

三学鲜花生长地,

利他广阔花园中,

祈祷多杰仁钦尊,

了悟心性俱生面,

所现之道无取舍,

加持器情转三身。

འཁྲུལ་མེད་ཀྱི་ཉམས་མྱོང་འཆར་བའི་ས། །

ཟབ་གསལ་གྱི་ཀུན་དགའ་ར་བ་རུ། །

འཇམ་དབྱངས་བློ་གྲོས་སེང་གེ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

无惑觉受生起地,

深明普喜乐园中,

祈祷罗珠森格尊,

了悟心性俱生面,

所现之道无取舍,

加持器情转三身。

གནས་ལུགས་ཀྱི་རང་འོད་གསལ་བའི་ས། །

གངས་ཅན་གྱི་ལྟེ་བ་གངས་བཟང་དུ། །

མཉམ་མེད་མཁྱེན་བརྩེ་རྟོགས་ལྡན་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

真如本性显现地,

雪域中央岗桑中,

祈祷钦则多登尊,

了悟心性俱生面,

所现之道无取舍,

加持器情转三身。

འཁོར་འདས་ལ་རོ་མཉམ་སྤྱོད་པའི་ས། །

རང་བྱུང་ལྷན་སྐྱེས་ཀྱི་ཕོ་བྲང་དུ། །

འཇམ་དབྱངས་ཡེ་ཤེས་རིན་ཆེན་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

于轮涅行一味地,

自然俱生宫殿中,

祈祷降阳耶西尊,

了悟心性俱生面,

所现之道无取舍,

加持器情转三身。

བདག་གཞན་ལ་དགོས་འདོད་འབྱུང་བའི་ས། །

མཉམ་ཉིད་ཀྱི་ཞིང་ཁམས་ཡངས་པ་རུ། །

གྲུབ་ཆེན་བློ་གྲོས་མཆོག་ལྡན་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

出现自他所欲地,

广阔等性刹土中,

祈祷罗珠乔丁尊,

了悟心性俱生面,

所现之道无取舍,

加持器情转三身。

སྐལ་ལྡན་གྱི་སེམས་རྒྱུད་གྲོལ་བའི་ས། །

རང་རིག་ཡེ་ཤེས་ཀྱི་ཕོ་བྲང་དུ། །

དྲིན་ཅན་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

解脱有缘心续地,

自证智慧宫殿中,

祈祷西热桑波尊,

了悟心性俱生面,

所现之道无取舍,

加持器情转三身。

མཁྱེན་གཉིས་ཀྱི་ལོ་ཏོག་རྒྱས་པའི་ས། །

རང་བཞིན་རྣམ་དག་གི་ཕོ་བྲང་དུ། །

འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

茂盛二智庄稼地,

自性清净宫殿中,

祈祷囊克南觉尊,

了悟心性俱生面,

所现之道无取舍,

加持器情转三身。

སྣང་གྲག་རྣམས་ཆོས་སྐུར་རོལ་པའི་ས། །

ཕྱོགས་བྲལ་གྱི་ནམ་མཁའ་ཡངས་པ་རུ། །

མཚུངས་མེད་རྒྱལ་དབང་ཆོས་རྗེ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

现声皆转法身地,

无私浩瀚虚空中,

祈祷嘉旺曲杰尊,

了悟心性俱生面,

所现之道无取舍,

加持器情转三身。

སེམས་ཉིད་ཀྱི་གཏེར་ཁ་འབྱེད་པའི་ས། །

སྟོང་ཉིད་སྙིང་རྗེ་ཡི་ཕོ་བྲང་དུ། །

ངག་དབང་ཆོས་ཀྱི་རྒྱལ་པོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌།

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

开启心性伏藏地,

空性大悲宫殿中,

祈祷昂旺曲嘉尊,

了悟心性俱生面,

所现之道无取舍,

加持器情转三身。

བདེ་སྟོང་གི་ཡེ་ཤེས་འབྱུང་བའི་ས། །

ལྷན་སྐྱེས་ཟབ་ཡངས་ཀྱི་ཕོ་བྲང་དུ། །

འཇམ་དབྱངས་ཆོས་ཀྱི་གྲགས་པ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

产生乐空智慧地,

俱生深广宫殿中,

祈祷曲吉扎巴尊,

了悟心性俱生面,

所现之道无取舍,

加持器情转三身。

ཟབ་དོན་གྱི་སྙིང་པོ་ལེན་པའི་ས། །

བདེ་ཆེན་འབྲུག་རྒྱས་ཀྱི་དགོན་པ་རུ། །

ཀུན་སྤང་ཤེས་རབ་རྒྱ་མཚོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

获取甚深精华地,

德青竹杰寺院中,

祈祷西热加措尊,

了悟心性俱生面,

所现之道无取舍,

加持器情转三身。

ཚད་མེད་ཀྱི་ཐུགས་རྗེས་ཁྱབ་པའི་ས། །

ཕྲིན་ལས་མཁའ་ཁྱབ་ཀྱི་ཕོ་བྲང་དུ། །

ཀུན་མཁྱེན་ངག་དབང་ནོར་བུ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

无量大悲遍满地,

事业遍空宫殿中,

祈祷白玛嘎波尊,

了悟心性俱生面,

所现之道无取舍,

加持器情转三身。

ཐེག་ཆེན་གྱི་ཆོས་ཆར་འབེབས་པའི་ས། །

གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །

རྗེ་བཙུན་ཆོས་ཀྱི་མགོན་པོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

普降大乘法雨地,

所居法界宫殿中,

祈祷确吉恭波尊,

了悟心性俱生面,

所现之道无取舍,

加持器情转三身。

ཐར་འདོད་ལ་བྱང་ཆུབ་སྟེར་བའི་ས། །

སྐུ་གསུམ་མངོན་གྱུར་གྱི་ཕོ་བྲང་དུ། །

ཡོངས་འཛིན་ངག་དབང་བཟང་པོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

欲解者赐菩提地,

现证三身宫殿中,

祈祷昂旺桑波尊,

了悟心性俱生面,

所现之道无取舍,

加持器情转三身。

མཐོང་ཐོས་ཀྱིས་གཞན་རྒྱུད་གྲོལ་བའི་ས། །

དཀར་བརྒྱུད་ཀྱི་རྒྱལ་མཚན་མཐོན་པོའི་རྩེར། །

རྒྱལ་བ་དཔག་བསམ་དབང་པོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

见闻解他相续地,

噶举胜幢高之顶,

祈祷巴桑旺波尊,

了悟心性俱生面,

所现之道无取舍,

加持器情转三身。

ཉམས་རྟོགས་ཀྱི་དབྱར་མཚོ་སྤེལ་བའི་ས། །

གནས་ངེས་མེད་གྲུབ་པའི་བསྟི་གནས་སུ། །

རྗེ་བཙུན་མི་ཕམ་བློ་གྲོས་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

觉证犹夏水漫地,

成就居处无定中,

祈祷米旁罗珠尊,

了悟心性俱生面,

所现之道无取舍,

加持器情转三身。

བླ་མེད་ཀྱི་ངེས་གསང་འབྱེད་པའི་ས། །

སྐུ་བཞི་བདེ་ཆེན་གྱི་ཕོ་བྲང་དུ། །

ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

开启无上密义地,

四身大乐宫殿中,

祈祷棍嘎伦珠尊,

了悟心性俱生面,

所现之道无取舍,

加持器情转三身。

མཚན་འཛིན་གྱི་སྤྲོས་པ་འཇིག་པའི་ས། །

བདེ་ཆེན་ཡེ་ཤེས་ཀྱི་ཕོ་བྲང་དུ། །

མི་ཕམ་ཆོས་ཀྱི་དབང་ཕྱུག་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

灭除着相戏论地,

大乐智慧宫殿中,

祈祷曲吉旺素尊,

了悟心性俱生面,

所现之道无取舍,

加持器情转三身。

དགེ་ལེགས་ཀྱི་འདོད་དགུ་འབྱུང་བའི་ས། །

མཁའ་ཁྱབ་རྡོ་རྗེ་ཡི་ཕོ་བྲང་དུ། །

མི་ཕམ་ཡར་འཕེལ་དབང་པོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

所欲妙善来源地,

遍空金刚宫殿中,

祈祷雅培旺波尊,

了悟心性俱生面,

所现之道无取舍,

加持器情转三身。

འགྱུར་མེད་ཀྱི་བདེ་ལ་རོལ་པའི་ས། །

དག་པ་གཉིས་ལྡན་གྱི་ཕོ་བྲང་དུ། །

མཚུངས་མེད་དགེ་ལེགས་བཞད་པ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

享用不变乐之地,

具足二净宫殿中,

祈祷格勒谢巴尊,

了悟心性俱生面,

所现之道无取舍,

加持器情转三身。

བྱིན་རླབས་ཀྱི་བཀའ་བབས་བརྙེས་པའི་ས། །

སྐལ་ལྡན་རང་གྲོལ་གྱི་ཕོ་བྲང་དུ། །

རྗེ་བཙུན་ཐུགས་ཀྱི་རྡོ་རྗེ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

加持特旨娴熟地,

有缘自解宫殿中,

祈祷突吉多杰尊,

了悟心性俱生面,

所现之道无取舍,

加持器情转三身。

སྤྲོས་མཚན་གྱི་འཆིང་ལས་གྲོལ་བའི་ས། །

ཡེ་ཤེས་ལྔ་ལྡན་གྱི་གཞལ་ཡས་སུ། །

ལྷན་སྐྱེས་བདེ་ཆེན་རྡོ་རྗེ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

解脱戏论束缚地,

具足五智宫殿中,

祈祷德钦多杰尊,

了悟心性俱生面,

所现之道无取舍,

加持器情转三身。

སྒྲུབ་བརྒྱུད་ཀྱི་མཆོད་སྡོང་བརྙེས་པའི་ས། །

མི་འགྱུར་བདེ་ཆེན་གྱི་ཕོ་བྲང་དུ། །

ཁྱབ་བདག་འཇམ་དཔལ་དཔའ་བོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

获得修传灵塔地,

不变大乐宫殿中,

祈祷降巴八沃尊,

了悟心性俱生面,

所现之道无取舍,

加持器情转三身。

གཞན་ཕན་གྱི་སྨོན་ལམ་སྤྱོད་པའི་ས། །

གནས་ངེས་མེད་བདེ་བའི་ཞིང་ཁམས་སུ། །

རྒྱལ་དབང་ཆོས་ཀྱི་སྣང་བ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

行持利他发愿地,

不定住所刹土中,

祈祷曲吉囊瓦尊,

了悟心性俱生面,

所现之道无取舍,

加持器情转三身。

གང་ཤར་ཀུན་བདེ་བར་འཆར་བའི་ས། །

རྣམ་དག་བདེ་ཆེན་གྱི་ཕོ་བྲང་དུ། །

ཁྱབ་བདག་ཡེ་ཤེས་གྲུབ་པ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

所现皆现大乐地,

清净大乐宫殿中,

祈祷叶西珠巴尊,

了悟心性俱生面,

所现之道无取舍,

加持器情转三身。

ཐར་འདོད་ཀྱི་འགྲོ་ཀུན་འདྲེན་པའི་ས། །

མཁྱེན་བརྩེ་ནུས་ལྡན་གྱི་ཕོ་བྲང་དུ། །

མི་ཕམ་བསྟན་པའི་ཉི་མ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

欲解利益诸众地,

智悲威力宫殿中,

祈祷丹贝尼玛尊,

了悟心性俱生面,

所现之道无取舍,

加持器情转三身。

རྒྱལ་ཀུན་གྱིས་རྗེས་སུ་འཛིན་པའི་ས། །

དད་གསུམ་འགྱུར་མེད་ཀྱི་ཞིང་ཁམས་སུ། །

ངེས་དོན་བསྟན་པའི་ཉིན་བྱེད་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

诸佛如来随摄地,

三信无变刹土中,

祈祷丹贝尼色尊,

了悟心性俱生面,

所现之道无取舍,

加持器情转三身。

བསྐྱེད་རྫོགས་ཀྱི་ཏིང་འཛིན་བརྟན་པའི་ས། །

གྲུབ་གཉིས་མངོན་གྱུར་གྱི་ཕོ་བྲང་དུ། །

མཐུ་ཆེན་ཆོས་ཀྱི་ཉིན་བྱེད་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

生圆禅定得定地,

现证二成宫殿中,

祈祷图钦尼色尊,

了悟心性俱生面,

所现之道无取舍,

加持器情转三身。

དོན་གཉིས་ཀྱི་གཏེར་སྒོ་འབྱེད་པའི་ས། །

འོད་གསལ་མཁའ་ཁྱབ་ཀྱི་གཞལ་ཡས་སུ། །

མི་ཕམ་ཡེ་ཤེས་སྣང་བ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

打开二利宝藏地,

光明遍空宫殿中,

祈祷耶西囊瓦尊,

了悟心性俱生面,

所现之道无取舍,

加持器情转三身。

སྨིན་གྲོལ་གྱི་གྲུ་ཆར་འབེབས་པའི་ས། །

གནས་པདྨ་ལུང་གི་གཞལ་ཡས་སུ། །

མདོ་ཁམས་བསྟན་པའི་ཉི་མ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

成熟解脱降雨地,

白玛龙之宫殿中,

祈祷丹贝尼玛尊,

了悟心性俱生面,

所现之道无取舍,

加持器情转三身。

རིས་མེད་ཀྱི་གདུལ་བྱ་སྐྱོང་བའི་ས། །

གནས་གར་བཞུགས་རང་སྣང་འོག་མིན་དུ། །

གྲུབ་དབང་ཤཱཀྱ་ཤྲཱི་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

摄受不同所化地,

所住自现密刹中,

祈祷夏迦师利尊,

了悟心性俱生面,

所现之道无取舍,

加持器情转三身。

སྡོམ་གསུམ་གྱི་ཁྲིམས་ཀྱིས་བཙུན་པའི་ས། །

སྤངས་རྟོགས་ལྷུན་གྲུབ་ཀྱི་འཁོར་ལོ་ན། །

མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

守持清净三戒地,

断证自成法轮中,

祈祷曲吉嘉措尊,

了悟心性俱生面,

所现之道无取舍,

加持器情转三身。

ཡང་དར་གྱི་བསྟན་པ་སྤེལ་བའི་ས། །

འབྲུག་མདོ་སྔགས་བཤད་སྒྲུབ་ཆོས་གླིང་ན། །

མཆོག་གཟིགས་གྲུབ་རིགས་ཁྱུ་མཆོག་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

再次弘扬佛法地,

竹显密讲修法洲,

祈祷仲惹却秋尊,

了悟心性俱生面,

所现之道无取舍,

加持器情转三身。

(ཡང་ན། 或念诵)

སྒྲུབ་བརྒྱུད་ཀྱི་བཀའ་སྲོལ་འཛིན་པའི་ས། །

ཤྲཱི་ནེའུ་སྟེང་གི་སྒྲུབ་གནས་སུ། །

འཁྲུལ་ཞིག་པདྨ་ཆོས་རྒྱལ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

守持实修传承地,

西惹登之修行处,

祈祷白玛曲嘉尊,

了悟心性俱生面,

所现之道无取舍,

加持器情转三身。

བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བའི་ས། །

འཛི་ལྡེམ་ཆེན་གཡུ་རྩེའི་ཡང་དབེན་ན། །

གདུང་སྲས་མི་ཕམ་བཤད་སྒྲུབ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

弘扬讲修佛法地,

登青优日寂静处,

祈祷米旁谢珠尊,

了悟心性俱生面,

所现之道无取舍,

加持器情转三身。

རྒྱལ་ཁམས་ལ་འགྲོ་དོན་སྐྱོང་བའི་ས། །

སྣང་སྟོང་ཟུང་འཇུག་གི་ཕོ་བྲང་ན། །

འཇིགས་མེད་དབང་གི་རྡོ་རྗེ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

漫游利益一切众,

现空双运宫殿中,

祈祷吉美旺多杰,

了悟心性俱生面,

所现之道无取舍,

加持器情转三身。

ཚེ་གཅིག་ལ་སངས་རྒྱས་སྟེར་བའི་ས། །

སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །

དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །

སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང༌། །

ལམ་གང་ཤར་ལ་སྤང་བླང་མེད་པ་རུ། །

སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། །

即身赐证佛果地,

顶上日月垫子上,

祈祷大恩根本师,

了悟心性俱生面,

所现之道无取舍,

加持器情转三身。

གཉིས་པ་བརྒྱུད་པའི་བླ་མ་འོད་ཞུ་ནི།

丁二、传承上师化光:

དེ་ལྟར་བརྒྱུད་པའི་བླ་མར་གསོལ་བཏབ་པས། །

མོས་གུས་མཐུ་དང་སྐྱབས་རྣམས་བརྩེ་ཆེན་གྱིས། །

བདག་ལ་བྱིན་རློབས་ཆེད་དུ་ཡས་ནས་མར། །

རིམ་པས་འོད་ཞུ་རྩ་བའི་བླ་མར་འདུས། །

如是祈祷传承上师故,

虔敬力与怙主大悲力,

为我加持自上而降下,

次第化光融入根本师。

གསུམ་པ་རྩ་བའི་བླ་མར་གསོལ་བ་གདབ་པ་ནི།

丁三、祈祷根本上师:

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད།

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

等虚空一切诸母有情,

皈依上师佛陀仁波切,

皈依法王佛陀仁波切。

དྲིན་ཅན་རྩ་བའི་བླ་མ་དམ་པ་དང༌། །

དངོས་གྲུབ་སྟེར་བའི་ཡི་དམ་ལྷ་ཡི་ཚོགས། །

སྐྱབས་གནས་དམ་པ་དཀོན་མཆོག་གསུམ་པོ་ལ། །

གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

最大恩德根本胜上师,

悉地之源一切众本尊,

殊胜皈依之处三宝前,

恭敬顶礼清净心皈依。

皈依上师佛陀仁波切,

皈依法王佛陀仁波切。

རྡོ་རྗེ་འཆང་སོགས་དཀར་བརྒྱུད་བླ་མ་དང༌། །

བླ་མ་ཁྱེད་ཐུགས་འོད་གསལ་མཉམ་ཉིད་དུ། །

དབྱེར་མེད་ཆོས་སྐུའི་ངང་དུ་རོ་གཅིག་པའི། །

དཀར་བརྒྱུད་ཀུན་འདུས་བླ་མ་རིན་པོ་ཆེ། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

金刚持等噶举诸上师,

上师汝意光明等性中,

无别法身境中本一味,

噶举总集上师仁波切,

皈依上师佛陀仁波切,

皈依法王佛陀仁波切。

ཞི་ཁྲོ་ཡབ་ཡུམ་དཀྱིལ་འཁོར་འཁོར་ལོའི་ཚོགས། །

མོས་པ་བཞིན་དུ་ཐ་དད་དེར་སྣང་ནས། །

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །

ཡི་དམ་ཀུན་འདུས་བླ་མ་རིན་པོ་ཆེ། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

寂怒佛父佛母坛城众,

以不同希求者而显现,

能赐共胜一切之悉地,

本尊总集上师仁波切,

皈依上师佛陀仁波切,

皈依法王佛陀仁波切。

ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །

ཟབ་ཅིང་མཐའ་ཡས་ཆོས་རྣམས་ཀུན་གྱི་མཛོད། །

རྒྱལ་སྲས་འཕགས་པའི་ཚོགས་རྣམས་འདུས་པའི་དཔྱིད། །

དཀོན་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

十方一切诸佛之体性,

深且无边一切诸法藏,

佛子圣众总集之精粹,

三宝总集上师仁波切,

皈依上师佛陀仁波切,

皈依法王佛陀仁波切。

དཔལ་ལྡན་བླ་མ་དྲན་པ་ཙམ་གྱིས་ཀྱང༌། །

རྐྱེན་དང་བར་ཆད་མི་མཐུན་ཕྱོགས་རྣམས་ཀུན། །

བྱིན་རླབས་སྟོབས་ཀྱིས་མ་སྤངས་རང་སར་དག །

ཆོས་སྐྱོང་རྒྱལ་པོ་བླ་མ་རིན་པོ་ཆེ། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

仅仅忆念具德胜上师,

一切违缘障碍等违品,

依您加持原处自净除,

护法尊王上师仁波切,

皈依上师佛陀仁波切,

皈依法王佛陀仁波切。

འདི་དང་ཕྱི་མ་དུས་རྣམས་ཐམས་ཅད་དུ། །

སྐྱབས་མགོན་རེ་ས་གཞན་ན་མ་མཆིས་པས། །

བླ་མའི་མོས་གུས་གཅིག་པུས་ཆོག་པ་ཡི། །

གཅིག་ཆོག་རྒྱལ་པོ་བླ་མ་རིན་པོ་ཆེ། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

今生来世任何一切时,

依怙您外别无希冀处,

仅仅虔敬上师即足矣,

一足矣王上师仁波切,

皈依上师佛陀仁波切,

皈依法王佛陀仁波切。

དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ། །

བདག་གི་སྙིང་ཁར་པདྨའི་ཟེའུ་འབྲུ་ལ། །

འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང༌། །

སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

大恩根本上师仁波切,

于我心间莲花蕊垫上,

不相分离恒永安住已,

祈请恩赐身语意加持,

皈依上师佛陀仁波切,

皈依法王佛陀仁波切。

ཚད་བཟུང་མེད་པའི་ཐུགས་རྗེ་ཆེན་པོ་ཡིས། །

འབྲལ་བ་མེད་པར་རྟག་པར་རྗེས་བཟུང་ནས། །

ཁྱེད་ཀྱི་བཀའ་དྲིན་ཆེན་པོས་ལེགས་བསྐྱངས་ཏེ། །

ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

不可衡量大慈大悲力,

永不分离恒时摄受已,

尊者大恩大德善护佑,

祈请赐予大手印成就,

皈依上师佛陀仁波切,

皈依法王佛陀仁波切。

བདག་དང་སློབ་མ་བརྒྱུད་པར་བཅས་པ་ཡི། །

གསོལ་བ་འདེབས་པའི་བུ་རྒྱུད་ཐམས་ཅད་ཀྱིས། །

བླ་མ་ཁྱེད་ཀྱི་རྣམ་ཐར་འཁྱོངས་པ་དང༌། །

དོན་གཉིས་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

我与一切传承众学子,

所有徒儿向师祈祷者,

得以继承上师汝行迹,

圆成自他二利祈加持,

皈依上师佛陀仁波切,

皈依法王佛陀仁波切。

ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་དང༌། །

སྐད་ཅིག་ཙམ་ཡང་འབྲལ་བ་མེད་པ་རུ། །

གུས་པའི་སྒོ་ནས་ཞབས་གཉིས་སྤྱི་བོར་ལེན། །

ཅི་གསུང་བསྒྲུབས་པས་ཐུགས་དགོངས་རྫོགས་བྱས་ནས། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

生生世世与具德上师,

仅一刹那间亦不分离,

以大虔敬师足置我顶,

依教奉行圆满师意愿,

一切地道功德皆圆满,

愿速证得金刚持果位,

皈依上师佛陀仁波切,

皈依法王佛陀仁波切。

དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །

སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །

ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །

བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

吾于具德上师之事迹,

一刹那间亦不生邪见,

所作皆见善巧之敬心,

祈愿上师加持入我心,

皈依上师佛陀仁波切,

皈依法王佛陀仁波切。

སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །

སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས། །

གདོད་མའི་གནས་ལུགས་རང་ངོ་ཤེས་པ་དང༌། །

ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

诸佛总集根本上师前,

三门真诚虔敬心祈祷,

了知原始自我本性面,

一生一世实修祈加持,

皈依上师佛陀仁波切,

皈依法王佛陀仁波切。

བཞི་པ་བརྟན་པར་བཞུགས་སུ་གསོལ་བ་ནི།

丁四、祈请常久住世:

བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །

མཆོག་ཏུ་སྐུ་ཚེ་བརྟན་པར་གསོལ་བ་འདེབས། །

ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །

བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །

祈祷上师法体永安康,

祈祷上师长寿常住世,

祈祷上师佛法事业兴,

加持儿我与师不分离。

ལྔ་པ་དབང་བཞི་ཞུ་བ་ནི།

丁五、受四罐顶:

ཨོཾ་ཨཱཿ ཧཱུྃ་ཧོཿ

嗡啊吽吙

མཚན་རྣམས་ཡོངས་རྫོགས་བླ་མའི་སྐུ། །

སྤྱི་བོར་ལུས་ཀྱི་ཐིག་ལེ་ལ། །

ཞུགས་ནས་བུམ་དབང་དགའ་བའི་ཆུས། །

སད་པའི་སྒྲིབ་པ་སྦྱང་དུ་གསོལ། །

诸相圆满上师身,

顶上身之明点中,

融入甁灌欢喜水,

祈请净除醒位障。

ལོངས་སྤྱོད་རྫོགས་པ་ཀུན་གྱི་སྐད། །

མགྲིན་པར་ངག་གི་ཐིག་ལེ་ལ། །

ཞུགས་ནས་གསང་དབང་མཆོག་དགའི་མེས། །

རྨི་ལམ་བག་ཆགས་བསྲེག་ཏུ་གསོལ། །

受用圆满诸妙音,

喉间语之明点中,

融入密灌胜喜火,

祈请焚尽梦习气。

དཔལ་ལྡན་བླ་མ་ཆོས་ཀྱི་སྐུ། །

སྙིང་གར་ཡིད་ཀྱི་ཐིག་ལེ་ལ། །

ཞུགས་ནས་ཤེས་རབ་ཡེ་ཤེས་ཉིས། །

གཉིད་སྟུག་མུན་པ་བསལ་དུ་གསོལ། །

具德上师法性身,

心间意之明点中,

融入智灌以慧日,

祈请去除深睡暗。

མགོན་པོ་ལྷན་ཅིག་སྐྱེས་པའི་སྐུ། །

ལྟེ་བར་ཡེ་ཤེས་ཐིག་ལེ་ལ། །

ཞུགས་ནས་བཞི་པའི་དབང་བསྐུར་བས། །

འཕོ་མེད་ཐོབ་པར་བྱིན་གྱིས་རློབས། །

怙主俱生智慧身,

脐间智慧明点中,

融入第四灌顶故,

加持证得无迁移。

དྲུག་པ་ཞུ་བསྟིམ་སྨོན་ལམ་ནི།

丁六、化光融入发愿:

དེ་ལྟར་བདག་དང་འགྲོ་རྣམས་ཀྱི། །

ལུས་ངག་ཡིད་དང་ཡེ་ཤེས་ཚོགས། །

རྡོ་རྗེ་བཞི་དང་མཉམ་སྦྱོར་བས། །

སྐུ་བཞིའི་དབང་ཕྱུག་ཐོབ་པར་ཤོག །

如是我与诸有情,

身语意及一切智,

与四金刚等合故,

愿证四身自在果。

བདུན་པ་མཐར་ཐུག་བླ་མའི་རྣལ་འབྱོར་ལ་ངེས་ཤེས་བསྐྱེད་སྨོན་ནི།

戊七、最终于上师瑜伽生起定解之发愿:

བླ་མ་ཆོས་སྐུ་རང་སེམས་དག་པར་རྫོགས། །

རང་ངོ་ཤེས་འདི་དོན་གྱི་གསོལ་འདེབས་མཆོག །

སྣང་སྲིད་ཀུན་ཀྱང་བླ་མའི་རོལ་པ་སྟེ། །

མཐར་ཐུག་སྐུ་གསུམ་བླ་མ་འགྲུབ་པར་ཤོག །

上师法身圆满于心净,

识自本面了义胜祈祷,

器情皆是上师之游舞,

祈愿最终成就三身师。

བཞི་པ་དངོས་གཞི་དོན་དམ་སེམས་ཉིད་སྒོམ་དོན་བརྩོན་པར་གསུམ་ལས།

甲四、勤修正行胜义心性修义分三;

དང་པོ་ལུས་དང་ངག་གི་གནད་ནི།

乙一、身语之要点:

སྒོམ་པ་ཕྱི་ཡི་གཞི་བཅའ་ལུས་གནད་བདུན། །

རྐང་པ་སྐྱིལ་ཀྲུང་རེའུ་མིག་བཞིན་བསྣོལ། །

ལག་པ་མཉམ་བཞག་ཕྱག་རྒྱ་ལྟེ་འོག་བཅིང༌། །

སྒལ་ཚིགས་གསེར་གྱི་དོང་རྩེ་བརྩེགས་ལྟར་བསྲང༌། །

修行外姿身七要,

两足跏趺紧交叉,

双手定印于脐下,

脊背直如金币叠。

དཔུང་པ་རྒོད་གཤོག་བཞིན་དུ་ཕྱིར་ཡང་བརྒྱངས། །

མགྲིན་པ་ལྕགས་ཀྱུ་ལྟར་བཀུག་ལྕེ་བསྒྲིལ་ནས། །

སོ་མཆུ་བར་ཡོད་ལྟ་སྟངས་རང་ཚོད་འཛིན། །

ངག་གི་སྨྲ་བཅད་རང་བབས་དབེན་པར་གནས། །

双肩阔如鹰展翅,

颈弯如钩舌抵腭,

唇齿留隙视姿中,

禁语自然住静处。

གཉིས་པ་སེམས་ཀྱི་གནད་གཞི་ལམ་ངོ་སྤྲོད་དང་བཅས་པ་ནི།

乙二、心要直指基道:

རང་སེམས་གདོད་དག་འཁོར་འདས་བྱེད་པོ་ཅན། །

འདི་ཉིད་བཟོ་མེད་ངང་དུ་མཉམ་པར་འཇོག །

མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། །

བསྒོམ་བྱ་གཞན་མེད་དྲན་ཐོག་ཐག་ཆོད་བསྐྱེད། །

自心本净创造轮涅者,

此心无造境中平等住,

不散乱即一切佛之道,

另无所修正念上断定。

རང་རིག་ངོས་བཟུང་བྲལ་བ་སྟོང་པ་ཉིད། །

སྟོང་པའི་རང་མདངས་རྣམ་རྟོག་སྣང་བའི་རྩལ། །

གཉིས་མེད་བློ་འདས་ལྷན་ཅིག་སྐྱེས་པའི་དབྱིངས། །

གནས་ལུགས་རང་ངོ་ཇི་བཞིན་ཤེས་པར་བྱ། །

自证无法辨认即空性,

空性自相分别念之力,

不二远离心识俱生境,

应当如实了知本性面。

གསུམ་པ་ལམ་རྫོགས་འབྲས་བུར་སྨོན་པ་ནི།

乙三、回向圆满道果:

ཉམས་མྱོང་མཐར་ཕྱིན་རྟོགས་པ་མངོན་དུ་གྱུར། །

སྣང་རིག་རྩལ་རྫོགས་ཆོས་ཉིད་ཟད་སར་འཁྱོལ། །

སྐུ་བཞིའི་འབྲས་བུ་ཚེ་འདིར་བདེ་བར་འགྲུབ། །

མི་ཟད་འཁོར་ལོས་འགྲོ་ཀུན་འདྲེན་གྱུར་ཅིག །

觉受圆满现量得证悟,

境心力圆满抵达法尽地,

四身果位此生易成就,

无穷严轮愿度诸有情。

ལྔ་པ་རྗེས་དགེ་བ་རྫོགས་བྱང་དུ་རྒྱས་འདེབས་པ་སོགས་ལ་གསུམ་ལས།

甲五、后行一切善根回向菩提分三:

དང་པོ་བསྔོ་བ་ནི།

乙一、回向:

དགེ་བ་འདི་ཡིས་མྱུར་དུ་བདག །

དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པར་ཤོག །

以此善根速吾等,

成就具德上师尊,

一切众生一无余,

愿能安置于彼地。

དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །

བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །

བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །

བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །

三世诸如来,

如何回向赞,

我所作诸善,

普贤行回向。

གཉིས་པ་སྨོན་ལམ་ནི།

乙二、发愿:

དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །

སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །

ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །

བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །

具德上师之事迹,

刹那亦不生邪见,

所作皆见善敬心,

愿师加持入我心,

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

永世与真实上师,

不离修学其教法,

圆满地道之功德,

愿得金刚持果位。

བླ་མེད་བླ་མའི་ཐུགས་རྗེ་དང༌། །

རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །

དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །

སྨོན་ལམ་མཆོག་འདི་འགྲུབ་གྱུར་ཅིག །

无等上师大悲心,

诸佛菩萨与独觉,

罗汉谛实加持力,

愿此殊胜愿成就。

སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །

ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །

དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །

ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག།

佛证三身之加持,

法性不变谛加持,

僧众意乐之加持,

如何回向愿成就。

གསུམ་པ་ཤིས་བརྗོད་ནི།

乙三、吉祥颂:

རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །

ལྷག་པའི་ལྷ་ཡིས་གཙུག་གི་རྒྱན་གྱུར་ཅིང༌། །

སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །

མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །

犹如幢顶摩尼宝,

身为本尊顶庄严,

行者赐予胜悉地,

无等上师愿吉祥。

རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་དང༌། །

མར་པ་མི་ལ་སྒམ་པོ་མཐའ་རྩ་པ། །

སྣ་ཕུ་པ་དང་དཔལ་ལྡན་འབྲུག་པ་སོགས། །

རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །

金刚总持帝洛那若巴,

玛巴米拉冈波帕莫竹,

岭钦日巴俱德竹巴尊,

根本传承诸师愿吉祥。

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །

རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །

དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །

བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །

一切如来总集身,

金刚持之本性体,

即是三宝之根本,

一切上师愿吉祥。

དཀར་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །

ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །

དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །

ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །

ནོར་ལྷ་གཏེར་བདག་རྣམས་ཀྱི་བཀྲ་ཤིས་ཤོག །

དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་བཀྲ་ཤིས་ཤོག །

噶举诸师愿吉祥,

本尊天众愿吉祥,

勇士空行愿吉祥,

护法神众愿吉祥,

财神藏主愿吉祥,

护善法众愿吉祥。

ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །

ཉི་མའི་གུང་ཡང་བདེ་ལེགས་ཤིང༌། །

ཉིན་མཚན་རྟག་ཏུ་བདེ་ལེགས་པ། །

དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །

白昼吉祥夜吉祥,

正午之时亦吉祥,

昼夜六时恒吉祥,

无上三宝愿吉祥。

བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །

མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང༌། །

མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །

བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

息灭八万类魔障,

远离一切祸违缘,

成就顺缘且圆满,

愿彼吉祥此吉祥。

བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང༌། །

བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང༌། །

སྙན་གྲགས་ནམ་མཁའ་ལྟ་བུར་ཁྱབ་གྱུར་པའི། །

བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

福德稳固如山王,

继承者如日月朗,

扬名遍如虚空境,

愿彼吉祥此吉祥。

ལོ་བརྒྱ་ཐོབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །

ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །

ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་པའི། །

བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

获得百岁见百秋,

长寿无病福满盈,

决定入于胜乘道,

愿彼吉祥此吉祥。

སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང༌། །

བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང༌། །

མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །

བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

慷慨布施持净戒,

修行忍辱勇精进,

入定证悟真如性,

愿彼吉祥此吉祥。

གཞི་ཕྱག་རྒྱ་ཆེན་པོ་ལ་འགྱུར་བ་མེད། །

འགྱུར་མེད་སྐུ་ཡི་བཀྲ་ཤིས་ཤོག །

སྤྱིར་འགྲོ་དྲུག་ཡོངས་ལ་བཀྲ་ཤིས་ཤོག །

སྒོས་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །

基大手印无迁变,

无迁变身愿吉祥,

总六道众愿吉祥,

特别此众愿吉祥。

ལམ་ཕྱག་རྒྱ་ཆེན་པོ་ལ་འགག་པ་མེད། །

འགག་མེད་གསུང་གི་བཀྲ་ཤིས་ཤོག །

སྤྱིར་འགྲོ་དྲུག་ཡོངས་ལ་བཀྲ་ཤིས་ཤོག །

སྒོས་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །

道大手印无拥堵,

无赌言语愿吉祥,

总六道众愿吉祥,

特别此众愿吉祥。

འབྲས་བུ་ཕྱག་རྒྱ་ཆེན་པོ་ལ་འཁྲུལ་པ་མེད། །

འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །

སྤྱིར་འགྲོ་དྲུག་ཡོངས་ལ་བཀྲ་ཤིས་ཤོག །

སྒོས་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །

果大手印无迷乱,

无乱意识愿吉祥,

总六道众愿吉祥,

特别此众愿吉祥。

འབད་དང་རྩོལ་བས་མ་གོས་པར། །

ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །

སེམས་ཀྱི་རེ་བ་སྐོང་མཛད་པ། །

བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །

无需精进及勤作,

如如意宝珍宝树,

满愿一切心所欲,

心想事成愿吉祥。

དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །

祈愿以佛法僧真谛、一切诸佛菩萨之加持,圆满二资粮之大福禄力,以及法界自然清净而不可思议之力量,一切所愿如是获得成就。

དྲུག་པ་ཐུན་མཚམས་རྒྱུན་གྱི་རྣལ་འབྱོར་ཡང་དག་པར་སྐྱོང་བ་ནི།

甲六、如实修持日常座间瑜伽。

དུས་རྣམས་རྟག་པར་སྐད་ཅིག་མི་འཁྲུལ་བར། །

སྤྱོད་ལམ་བཟང་ངན་རྐྱེན་ཚོགས་མ་ལུས་ཀུན། །

ཤེས་བཞིན་འཛིན་མེད་རོ་སྙོམས་ལམ་དུ་ཁྱེར། །

ཀུན་ཁྱབ་བདེ་བ་ཆེན་པོར་བརྟན་ཐོབ་བྱ། །

一切时中刹那不迷乱,

一切善恶威仪顺违缘,

知而无执一味转道用,

应于遍满大乐中得定。

དེ་ལྟར་ཕྱག་རྒྱ་ཆེན་པོའི་སྔོན་འགྲོའི་ངག་འདོན་རྒྱས་པ་དངོས་གཞིའི་རྩ་ཐོ་རྗེས་འབྲེལ་དང་བཅས་པ་འདི་བཞིན། སྔོན་དུས་རང་ལུགས་ལ་ཐུན་བཞིའི་ངག་འདོན་ཙམ་གྱི་སྐོར་ལས་སྔོན་འགྲོ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་དངོས་གཞིར་བཅས་པའི་སྒོམ་དོན་རྣམས་ཚིག་གི་སྒོ་ནས་འདོན་སྒོམ་དུ་གསལ་འདེབས་པ་སོགས་ཀྱི་ཡིག་ཆ་མ་མཆིས་པར་འདི་བཞིན་གལ་དུ་ཆེ་བར་བསམ་པའི་བྲི་འདུན་སྔ་ནས་ཡོད་ཀྱང་རིང་པོར་འགྱངས་པ་ལས། ད་ཆར་བདག་ཅག་ནས་ཕྱོགས་དང་ཕྱོགས་བྲལ་ཐམས་ཅད་དུ་ཁྲིད་འདི་ཁྱབ་གདལ་འཁོར་ཡུག་ཏུ་འཆད་བཞིན་པར་ཀུན་ལ་ཕན་པ་དང་རྗེས་སུ་འཇུག་པ་རྣམས་ལའང་སྨན་པའི་སླད་དུ་སྙོམས་ལས་པ་ཀུན་དགའ་བསྟན་འཛིན་གྱིས་སྤེལ་བའི་ཡི་གེ་པ་ནི་མཁྱེན་ལྡན་ཆོས་ཀྱི་ལེགས་མཛད་དགེ་བའི་བླ་མ་དམ་པ་མི་ཕམ་དཀོན་མཆོག་དཔལ་བཟང་གིས་མཛད་པའོ། །དེ་དག་གི་དགེ་ཚོགས་དང་འཁོར་འདས་དུས་གསུམ་གྱི་ལེགས་བྱས་ཀྱི་མཐུས། ཟབ་དོན་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་རྒྱས་ཤིང་མ་ལུས་འགྲོ་ཁམས་ལམ་འདིར་འཇུག་པས་ས་ལམ་མྱུར་རྫོགས་རྡོ་རྗེའི་གོ་འཕང་དམ་པ་ཐོབ་པར་གྱུར་ཅིག །    །།

如此《大手印前行广诵及正行摄颂及结尾文》,是过去本传承除了四座之念诵文以外,还没有共同前行和不共前行,以及正行修义等以颂词的门中修诵明观之法本,故著作此法显得十分重要。我虽早有欲写之心,但延时甚久。

如今我等于各地正在传授大手印教授之际,为了利益广大信众,成熟诸随学弟子,平庸者昂旺棍嘎定增讲述,由智者殊胜妙善上师米彭恭求巴松执笔。

愿以此善聚,以及轮涅三世行善之力,甚深义传精髓之教法兴盛于一切时处、无边无际众生皆入此道、地道功德迅速圆满、证得殊胜金刚之果位。竹巴噶举译经办公室翻译。

主页