Skip to content

༄༅། །ཕྱག་ཆེན་གྱི་སྔོན་འགྲོའི་ངག་འདོན་ཤིན་ཏུ་

ཐར་འདོད་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

大手印前行简修念诵文

欲解脱者之道

阿德仁波切 著

古普·钦哲 译

ངག་བྱིན་གྱིས་བརླབ་པར།

语加持

དབྱངས་གསལ་ནི།

元辅字母咒:

ཨ་ཨཱ།ཨི་ཨཱི།ཨུ་ཨུ།རྀ་རཱྀ།ལྀ་ལཱྀ།ཨེ་ཨཻ།ཨོ་ཨཽ།ཨཾ་ཨཱ།

啊啊 哦哦 偶偶 日日 乐乐 哎哎 澳澳 嗡啊

ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ།ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ།

嘎卡呷葛昂 杂擦咋甲尼a 扎查眨札呐 达塔打大哪 吧怕拔把嘛呀冉啦哇夏卡萨哈恰

ལན་གསུམ།

(念三遍)

ཡིག་བརྒྱ།

百字明咒

ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ།བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛཿདྲྀ་ཌྷོ་མེ་བྷ་ཝ།སུ་ཏོ་ཥྱོ་མེ་བྷ་ཝ།ཨ་ནུ་རཀྟོ་མེ་བྷ་ཝ།སུ་པོ་ཥྱོ་མེ་བྷ་ཝ།སརྦ་སིདྡྷི་མེ་པྲ་ཡཙྪ།སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ།ཤྲེ་ཡཿཀུ་རུ་ཧཱུྃ།ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ།བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ

ལན་གསུམ།

嗡拜杂萨埵萨玛雅、嘛努巴拉雅、拜杂萨埵底诺巴、底叉知桌美巴哇、苏埵卡约美巴哇、阿努日a埵美巴哇、苏波卡优美把哇、萨哇斯德美扎雅杂、萨r哇嘎r嘛苏赞美则当、协日呀、古如吽、哈哈哈哈吙、班嘎文、萨哇达他嘎达、拜杂嘛麦母杂、班泽叭哇、嘛哈萨玛雅萨埵啊(念三遍)

རྟེན་འབྲེལ་སྙིང་པོ།

缘起咒

ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ།ལན་གསུམ།

嗡 叶达r嘛 嘿度扎巴哇 嘿敦代堪 哒它嘎埵 哈呀哇得 带啃咋优 呢若哒诶王m瓦得 吗给 夏嘛呐 唆哈 (念三遍)

གསོལ་བ་འདེབས་ནི།

祈请文

འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །

དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །

法界密严刹土圣殿中,

三世一切诸佛之自性,

རང་སེམས་ཆོས་སྐུ་མངོན་གསུམ་སྟོན་མཛད་པ། །

རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །

开显自心即是法身者,

根本上师足下吾祈祷。

ཐུན་མོང་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནི།

共同外加行––––转心四思维法

དལ་འབྱོར་རྟེན་བཟང་ཤིན་ཏུ་རྙེད་པར་དཀའ། །

སྲིད་གསུམ་སྣོད་བཅུད་མི་རྟག་ངེས་པར་འཇིག།

暇满人身稀有极难得,

三有器情无常必坏灭,

དགེ་སྡིག་རྒྱུ་འབྲས་ཆུད་མི་ཟ་བར་སྨིན། །

འཁོར་བ་སྡུག་བསྔལ་ཁོ་ནར་ཤེས་པར་བྱ། །

善恶因果报应真不虚 ,

当知轮回一切皆苦痛。

སྐྱབས་སེམས་ནི།

皈依和发心

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

诸佛正法圣僧众,

直至菩提我皈依,

བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག

以我布施等功德,

为利众生愿成佛,

ལན་གསུམ།

(念三遍)

(明观皈依境)

མདུན་མཁར་དཔག་བསམ་ལོ་འདབ་རབ་རྒྱས་སྟེང༌། །

དབུས་སུ་རིང་བརྒྱུད་རིས་མེད་བླ་མ་དང༌། །

自前枝叶繁茂如意树,

中枝远近传承诸上师,

མདུན་དུ་ཡི་དམ་གཡས་སུ་སངས་རྒྱས་ཚོགས། །

རྒྱབ་ཏུ་དམ་ཆོས་གཡོན་དུ་དགེ་འདུན་སྡེ། །

前枝本尊右枝诸佛陀,

后枝正法左枝圣僧众,

བར་མཚམས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་སོགས། །

སྐྱབས་འོས་མ་ཚང་མེད་པར་བཞུགས་པའི་མདུན། །

间隔空行护法财神等,

所有应皈无余安坐前,

བདག་སོགས་འགྲོ་ཀུན་རྩེ་གཅིག་སྐྱབས་སུ་མཆི། །

འཁོར་བའི་མཚོ་ལས་མྱུར་དུ་བསྒྲལ་དུ་གསོལ། །

我等诸众专心而皈依,

祈求轮回苦中速度脱。

གྲངས་གསོག་དངོས།

计数(皈依偈)

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །

等虚空一切诸母有情皈依上师清净法身佛;

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ

等虚空一切诸母有情皈依上师圆满报身佛;

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །

等虚空一切诸母有情皈依上师慈悲化身佛;

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །

等虚空一切诸母有情皈依上师珍宝自性佛。

祈请加持我等一切有情心趋入法,

ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། །

祈请加持我等一切有情法趋入道,

ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །

祈请加持我等一切有情道除迷乱,

འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །

祈请加持我等一切有情迷乱转智。

རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །

皈依本师及诸传承上师,

མཆེད་གྲོགས་ཆོས་མཛད་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །

皈依诸金刚道友和行者,

སྣོད་ཀྱི་འཇིག་རྟེན་དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆིའོ། །

皈依器世间诸具德上师,

བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་ཚོགས་ལ་སྐྱབས་སུ་མཆིའོ། །

皈依有情众本尊空行母,

སྣང་སྲིད་དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆིའོ། །

皈依万物一切具德上师,

རྟོགས་པས་བདག་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །

祈请加持以悟令我得解脱,

ཐུགས་རྗེས་གཞན་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །

祈请加持以悲度脱他众生,

རྟེན་འབྲེལ་ཐབས་ལ་མཁས་པར་བྱིན་གྱིས་བརླབ་ཏུ་གསོལ། །

祈请加持精通缘起方便法,

འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། །

祈请加持诸有缘者具利益,

ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།

祈请加持即生证得大手印殊胜之成就。

སེམས་བསྐྱེད་ནི།

发菩提心

ཇི་ལྟར་དུས་གསུམ་མགོན་པོ་རྣམས། །

བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །

三世一切诸怙主,

如何愿行菩提心,

བྱང་ཆུབ་སེམས་ནི་བླ་ན་མེད། །

དམ་པ་བདག་གིས་བསྐྱེད་པར་བགྱི། །

无上胜义菩提心,

我亦如实即发心。

བསྡུ་རིམ་ནི།

融入皈依境

སྐྱབས་རྣམས་འོད་ཞུ་བདག་ཐིམ་བྱིན་བརླབ་གྱུར།

诸尊化光融入自身获加持。

རྡོ་སེམས་བསྒོམ་བཟླས།

观修金刚萨埵

སྤྱི་བོར་པད་དཀར་ཟླ་སྟེང་རྡོ་རྗེ་ཧཱུྃ།

འོད་ཀྱིས་དོན་གཉིས་བྱས་འདུས་ཡོངས་གྱུར་ལས། །

头顶白莲月轮金刚“吽”

发光两利回收 且化为,

བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གསལ། །

གནས་གསུམ་རྡོ་རྗེའི་འབྲུས་མཚན་འོད་ཟེར་གྱིས། །

上师金刚萨埵父母尊,

三处金刚种字之光芒,

རབ་འབྱམས་ཞིང་གི་སངས་རྒྱས་བྱང་སེམས་རྣམས། །

སྤྱན་དྲངས་དབྱེར་མེད་ཐུགས་ཀར་ཟླ་བའི་སྟེང༌། །

无边净土诸佛菩萨众,

迎请无别心间月轮上,

རྡོ་རྗེ་ཧཱུྃ་དང་ཡིག་བརྒྱའི་སྔགས་ཕྲེང་གསལ། །

གསོལ་བཏབ་གསང་གསུམ་བདུད་རྩིའི་རྒྱུན་བབ་པ། །

金刚吽与咒蔓清晰现,

祈请三密甘露水流下,

སྤྱི་བོ་ནས་ཞུགས་ལས་ཉོན་བག་ཆགས་ཀྱི། །

སྡིག་སྒྲིབ་ནད་གདོན་བཀྲུས་སྦྱང་དག་པར་གྱུར། །

入于梵穴烦恼业习气,

罪障病魔尽除得清净。

ཡིག་བརྒྱ།

百字明咒(计数)

ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ།བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛཿདྲྀ་ཌྷོ་མེ་བྷ་ཝ།སུ་ཏོ་ཥྱོ་མེ་བྷ་ཝ།ཨ་ནུ་རཀྟོ་མེ་བྷ་ཝ།སུ་པོ་ཥྱོ་མེ་བྷ་ཝ།སརྦ་སིདྡྷི་མེ་པྲ་ཡཙྪ།སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ།ཤྲེ་ཡཿཀུ་རུ་ཧཱུྃ།ཧ་ཧ་ཧ་ཧ་ཧོཿབྷ་ག་བན྄་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ།བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཨོཾ་བཛྲ་སཏྭ་ཧཱུྃ་ཨཱཿ

嗡拜杂萨埵萨玛雅、嘛努巴拉雅、拜杂萨埵底诺巴、底叉知桌美巴哇、苏埵卡约美巴哇、阿努惹埵美巴哇、苏波卡约美巴哇、萨哇斯德美扎雅杂、萨哇嘎嘛苏匝美则当、协日呀、古如吽、哈哈哈哈吙、班嘎哇、萨哇达他嘎达、拜杂嘛麦母杂、呗泽叭哇、嘛哈萨玛雅萨埵啊 (六字咒)“嗡呗杂萨埵吽”。

བཤགས་པ་ནི།

忏悔文

མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །

དམ་ཚིག་ལས་ནི་འགལ་ཞིང་ཉམས། །

怙主!我因愚昧无知故,

失犯三昧耶誓言,

བླ་མ་མགོན་པོས་སྐྱབས་མཛོད་ཅིག །

གཙོ་བོ་རྡོ་རྗེ་འཛིན་པ་ཆེ། །

祈求怙主上师护,

至尊金刚持大师,

ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །

འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །

具足大悲大悲者,

众生至尊吾皈依。

སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིགས་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །

忏悔一切失毁身语意根本与支分三昧耶

སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ།

祈求一切罪障堕罪垢染尽清除。

གནང་བ་སྩལ་ནས་འོད་ཞུ་བདག་ཐིམ་གྱུར།

许后化光融自身。

མཎྜལ་ནི།

曼茶罗

མདུན་མཁར་རིན་ཆེན་རི་རབ་པད་མའི་སྟེང༌། །

དབུས་སུ་བླ་མ་མདུན་དུ་ཡི་དམ་ལྷ། །

前方须弥宝山莲台上,

中央上师前为众本尊,

གཡས་སུ་སངས་རྒྱས་རྒྱབ་ཏུ་དམ་ཆོས་དང༌། །

གཡོན་དུ་དགེ་འདུན་བར་མཚམས་ཆོས་སྐྱོང་སོགས། །

右方诸佛后方诸妙法,

左诸僧宝间隅众护法,

སྐྱབས་གནས་མཆོད་འོས་རྒྱ་མཚོ་གསལ་བའི་མདུན། །

སྟོང་གསུམ་རབ་འབྱམས་ཞིང་གི་མཆོད་པའི་སྤྲིན། །

依怙应供海会明观前,

三千大千无量界供云,

དངོས་འབྱོར་ཡིད་སྤྲུལ་དཔག་མེད་གུས་པས་འབུལ། །

实设意幻无量敬供养。

ཡན་ལག་འདུན་པ་ནི།

七支供

ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །

རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །

礼赞供养与忏悔,

随喜请佛住转法,

དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །

ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །

以我所积些许善,

圆满菩提而回向。

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །

མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།

胜宝菩提心,

未生愿生起,

སྐྱེས་པ་ཉམས་པ་མེད་པ་དང༌། །

གོང་ནས་གོང་དུ་འཕེལ་བར་ཤོག །

已生不退转,

愿其日益增。

མཎྜལ་སོ་བདུན་མ།

三十七堆曼茶罗

ཨོཾ་བཛྲ་བྷུ་མི་ཨཱཿ ཧཱུྃ།

嗡班杂布么阿吽

གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཥེ་ཨཱཿ ཧཱུྃ།

基清净黄金之大地,

班杂日客阿吽,

ཕྱི་ལྕགས་རིའི་འཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ།རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ།

外铁围山环绕中央吽,须弥山王,东胜神洲、

ལྷོ་འཛམ་བུའི་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་དང་ལུས་འཕགས།

南赡部洲、西牛货洲、北俱卢洲、身洲及胜身洲、

ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ།

拂洲及妙拂洲、行洲及胜道行洲、

བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ།དཔག་བསམ་གྱི་ཤིང༌། འདོད་འཇོའི་བ།

恶音洲及恶音对洲,珍宝山、如意树、如意牛、

མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ།བློན་པོ་རིན་པོ་ཆེ།

自然稻、金轮宝、如意宝、后妃宝、大臣宝、

གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ།སྒེག་པ་མ།

大象宝、绀马宝、将军宝、宝藏瓶,嬉女、

ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ།

鬘女、歌女、舞女、花女、香女、灯女、涂香女,

ཉི་མ།ཟླ་བ།རིན་པོ་ཆེའི་གདུགས།ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན།

日、月、宝幡、威慑十方尊胜幢,

དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ།ཚང་ཞིང་ཡིད་དུ་འོང་བ།

其中央人天受用无不具足、且圆满无不悦意,

བདག་གཞན་གྱི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་ཞིང་ཁམས་རྒྱ་མཚོའི་མཆོད་སྤྲིན་

自他身财受用三世善业及净土海会云供等皆诚敬供养于

དང་བཅས་པ་འདི་རྣམས་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌།

诸大恩根本与传承上师,

ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ།

众圣坛城本尊,佛法僧三宝,

མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་འཁོར་དང་བཅས་པ་ཐམས་ཅད་དང༌།

空行护法财神伏藏主等诸眷属尽无余,

ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པ་མ་ལུས་པར་གུས་པས་

以及十方三世一切诸佛佛子及学子尽无余前。

འབུལ་བར་བགྱིའོ། །

ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །

祈请慈悲为众请受纳,

བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །

གུ་རུ་ཨི་དམ་མཎྜལ་ཀཾ་ནིརྻ་ཏ་ཡ་མི།

纳己祈请赐加持,一切供品和自己供养于上师及坛城。

གྲངས་གསོག་དངོས།

计数(曼茶罗)

ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །

རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །

大地涂香花锦簇,

须弥四洲日月饰,

སངས་རྒྱས་ཞིང་དུ་དམིགས་ཏེ་དབུལ་བ་ཡིས། །

འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག།

意缘佛刹作供养,

愿诸友情行净土。

གུ་རུ་ཨི་དམ་མཎྜལ་ཀཾ་ནིརྻ་ཏ་ཡ་མི།

一切供品和自己供养于上师及坛城

发愿

མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །

བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༌། །

因供悦意圣妙曼茶罗,

菩提道上障碍悉消除,

དུས་གསུམ་བདེ་གཤེགས་དགོངས་པ་རྫོགས་པ་དང༌། །

སྲིད་པར་མི་འཁྲུལ་ཞི་བར་མི་གོལ་ཞིང༌། །

圆满三世善逝深密意,

不迷轮回亦不住涅槃。

ནམ་མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །

祈愿恒度等空诸众生。

(融入次第)

ཚོགས་ཞིང་འོད་ཞུ་བདག་ཐིམ་བྱིན་བརླབ་གྱུར། །

福田化光融入自身获加持。

བླ་མའི་རྣལ་འབྱོར་ནི།

上师瑜伽

རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །

སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང༌། །

自身观想金刚瑜伽母,

于顶根本上师金刚持,

དབུ་སྟེང་ཕྱག་ཆེན་བླ་རྒྱུད་ཐོ་བརྩེགས་གསལ། །

བདག་ལུས་ལོངས་སྤྱོད་ཕྱི་ནང་གསང་མཆོད་འབུལ། །

其上大印传承师明观,

自身受用外内密供养,

མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །

ཐུགས་རྗེས་སྐྱོབས་ལ་བྱིན་རླབས་དངོས་གྲུབ་སྩོལ། །

虔敬渴望猛厉而祈请,

慈悲怙佑加持赐成就。

མཆོད་པ་འབུལ་པ་ནི།

供养上师

སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ། །

ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད། །

三身圆满诸胜上师前,

外内秘密真如做供养,

བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ལ། །

བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །

受纳己身受用及万物,

祈赐无上殊胜之成就。

གསོལ་འདེབས་ནི།

传承上师祈祷文

རྡོ་རྗེ་འཆང་ཆེན་ཏིལ་ལི་ནཱ་རོ་དང༌། །

མར་པ་མི་ལ་སྒམ་པོ་མཐའ་རྩ་པ། །

金刚总持谛洛那若巴,

玛尔巴米拉冈波帕莫竹,

སྣ་ཕུ་པ་དང་དཔལ་ལྡན་འབྲུག་པ་སོགས། །

བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །

领钦日巴具德竹巴等,

传承诸师足下敬祈祷。

བླ་རྒྱུད་ཞུ་བསྟིམ་ནི།

传承上师化光融入

བརྒྱུད་པའི་བླ་མ་འོད་ཞུ་གཙོ་ལ་ཐིམ། །

རྒྱལ་ཀུན་འདུས་གཟུགས་རྩ་བའི་བླ་མ་ཉིད། །

传承诸师化光入主尊,

诸佛化现根本上师尊,

ཀུན་འདུས་ཡིད་བཞིན་ནོར་བུར་ངེས་ཤེས་ཀྱིས། །

གདུང་བས་གསོལ་འདེབས་ཐུགས་རྗེས་བཟུང་དུ་གསོལ། །

坚信三宝总集如意宝,

强烈祈祷慈悲随摄受。

གྲངས་གསོག་དངོས།

计数(上师瑜伽偈颂)

སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །

སྒོ་གསུམ་གུས་པ་ཆེ་པོས་གསོལ་བ་འདེབས། །

诸佛总集根本师,

三门恭敬而祈祷,

གདོད་མའི་གནས་ལུགས་རང་ངོ་ཤེས་པ་དང༌། །

ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས། །

了悟本来之面目,

终生实修祈加持,

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །

ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །

皈依上师佛陀宝,

皈依法主佛陀宝。

དབང་བཞི་ལེན་པ།

摄受四灌顶

སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །

སྒྱུ་འཕྲུལ་རྡོ་རྗེའི་སྐུ་ཐོབ་ཤོག །

尊身加持入我身,

愿得幻化金刚身,

གསུང་གི་བྱིན་རླབས་ངག་ལ་ཞུགས། །

འཇམ་དབྱངས་ཆེན་པོ་འགྲུབ་གྱུར་ཅིག། །

尊语加持入我语,

愿得成就大文殊,

ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། །

འཕོ་མེད་བདེ་བ་ཆེ་ཐོབ་ཤོག །

尊意加持入我心,

愿得无转之大乐。

བླ་མ་ཞུ་བསྟིམ་ནི།

上师融入自身

ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །

བདག་དང་གཉིས་མེད་གཅིག་གྱུར་ནས། །

犹如水融水之中,

与我无二且无别,

ས་བཅུའི་མགོན་པོ་འགྲུབ་གྱུར་ཅིག །

愿证十地怙主果。

དགེ་བསྔོ་ནི།

功德回向

དགེ་བ་འདི་ཡིས་མྱུར་དུ་བདག །

དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །

愿我以此善,

速成具德师,

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པར་ཤོག། །

众生一无余,

安置于彼地。

སྨོན་ལམ་ནི།

发愿

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །

永世我与清净师,

不离安享诸妙法,

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། །

圆满地道之功德,

愿得金刚持果位。

བཀྲ་ཤིས་བརྗོད་པ་ནི།

吉详颂

ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །

ཉི་མའི་གུང་ཡང་བདེ་ལེགས་ཤིང༌། །

愿昼吉祥夜吉祥,

正午亦愿得吉祥,

ཉིན་མཚན་རྟག་ཏུ་བདེ་ལེགས་པ། །

དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །

昼夜六时恒吉祥,

无上三宝赐吉祥。

ཅེས་ཕྱག་ཆེན་གྱི་སྔོན་འགྲོ་བཞི་སྦྱོར་ངག་འདོན་ས་བོན་ཙམ་བཀོད་པ་འདི་ནི་རྒྱ་རིགས་ཀྱི་དགེ་བསྙེན་ཕ་མ་འགའ་ཞིག་གིས་འབུམ་བཞི་བསག་མོས་ཤིན་ཏུ་ཆེ་བར་སྒོམ་དོན་སྐད་བསྒྱུར་གྱིས་ངོ་སྤྲོད་བྱས་རྗེས་མི་བརྗེད་དྲན་སྐུལ་ཙམ་དུ་གྲུབ་རིགས་ཁྱུ་མཆོག་གིས་ལྷག་བསམ་དག་པས་བྲིས་པ་འདིས་ཆོས་ལ་མོས་ལྡན་དང་པོའི་ལས་ཅན་རྣམས་ལ་ཕན་པ་རྒྱ་ཆེར་འབྱུང་བར་གྱུར་ཅིག།།།

此种子般的大手印四加行念颂文,因多位汉族男女居士强烈要求修持大手印四加行,而且由译师翻译讲解其观修之方法,而后仅仅为了诸修行者便于日常修持,由仲惹却秋(阿德仁波切)以增上意乐心撰著。愿所有初学者均获得广泛利益。古普·钦哲仁波切译汉。愿一切吉祥!

主页