Skip to content

༄༅། །ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་

ཞལ་གདམས་གསེར་ཞུན་མ་བཞུགས་སོ། །

大手印见修行之实修方法

口诀真金液

རྗེ་ངག་དབང་ཀུན་དགའ་བསྟན་འཛིན།

昂旺棍嘎定增 著

ན་མོ་གུ་རུ་པྲ་བྷཀཱ་ར་ཡེ།

拿摩古如扎巴嘎惹耶!

སྐྱབས་གནས་བསླུ་མེད་ཀུན་འདུས་འབྲུག་པ་རྗེ། །

ད་ནི་མི་འབྲལ་རྒྱུན་དུ་གསོལ་བ་འདེབས། །

ཁྱེད་ཆོས་ལ་བག་ཆགས་བྱེད་པ་རྣམས། །

སྙིང་ནས་ཆོས་འབྲེལ་ཚིག་གསུམ་ཞུ། །

怙主总集竹巴尊,

从此时刻敬祈祷,

为汝修学佛法众,

由衷宣说三句法。

སྤྱིར་མི་ལུས་ཐོབ་པ་ད་རེས་ཙམ། །

སྒོས་སྡོམ་གསུམ་ལྡན་པ་ཤིན་ཏུ་དཀོན། །

ལུས་འདི་འདྲ་ཐོབ་པའི་དུས་འདི་རུ། །

ཆོས་རྣམ་དག་འབད་པར་མ་བྱས་ན། །

ལུས་འདི་འདྲ་ཕྱིས་ནས་མི་རྙེད་པས། །

དུས་འདི་ལ་ཕྱག་དང་སྐོར་བ་མཛོད། །

获得人身唯此时,

尤其具备三律难,

已得如此人身时,

若不勤修清净法,

暇满人身难复得,

此时当做绕与拜。

དགྲ་འཆི་བདག་གཤིན་རྗེ་ཁད་བཙན་པོ། །

ཁོ་ནམ་ཡོང་ཏིག་ཏིག་མི་འདུག་པས། །

ཆོས་བྱེད་བསམ་ཡོད་ཀྱང་འཆི་བས་གཏུག །

ཁྱེད་ད་ནི་སྡིག་སྤོངས་དགེ་བ་སྒྲུབས། །

死主阎罗极凶恶,

不知何时其降临,

想着修行到死亡,

汝当断恶并修善。

གནས་ངན་སོང་གསུམ་གྱི་སྡུག་བསྔལ་དེ། །

ཚིག་རྣ་བས་ཐོས་ཀྱང་གློ་སྙིང་འདར། །

འདི་ཐོག་ཏུ་བྱུང་ན་ཇི་ལྟར་བྱེད། །

དེ་སོམས་ལ་སྡིག་པ་དུག་ལྟར་འཛེམ། །

三恶趣中诸痛苦,

仅闻讲述生恐惧,

若真遭遇怎么办?

思而恶业如戒毒。

གནས་ཐར་མེད་འཁོར་བའི་སྡུག་བསྔལ་ལས། །

སྐྱོབ་ནུས་པར་བྱེད་པ་དཀོན་མཆོག་གསུམ། །

ཁྱེད་མི་འབྲལ་སྙིང་ནས་གསོལ་བ་ཐོབ། །

无尽轮回痛苦中,

救星唯有佛法僧,

汝心应恒常祈祷。

མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །

སྔོན་ཚེ་རབས་མང་པོའི་ཕ་མ་ཡིན། །

འདི་འཁོར་བའི་གནས་སུ་སྡུག་རེ་བསྔལ། །

ཆོས་ཅི་བྱེད་འགྲོ་བའི་དོན་ལ་བསྔོ། །

六道一切有情母,

皆是过去世父母,

彼等遭受轮回苦,

故将诸善回向众。

རྗེ་མཚན་ལྡན་བླ་མ་སྤྱི་བོར་བསྒོམ། །

སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །

དེ་འོད་ཞུ་རང་གི་སེམས་དང་བསྲེ། །

དེ་མ་བཅོས་རང་གི་སེམས་ལ་ལྟོས། །

ལར་ཕྱི་ནང་གསང་གསུམ་གར་འགྲོ་ལྟོས། །

སེམས་མ་བཅོས་དེ་ཡི་ངང་ལ་ཞོག །

观想上师于头顶,

内心深处敬祈祷,

上师融入于自心,

彼不改而观自心,

观内外密行何处,

心应无改造而住。

སེམས་ཡོད་པ་མ་ཡིན་དངོས་པོ་མེད། །

མེད་པ་མ་ཡིན་ཅི་ཡང་དྲན། །

སེམས་རེས་འགའ་གནས་ཏེ་རེས་འགའ་འགྲོ། །

ཁྱེད་སེམས་ལ་བྱ་ར་རྒྱུན་དུ་མཛོད། །

此心非有无一物,

此心非无有杂念,

心时而静时而动,

汝当恒常观察心。

སེམས་ངོ་བོ་སྟོང་པར་འདུག་པ་དེ། །

སེམས་ཆོས་སྐུ་སྣང་བ་མཐའ་ཡས་ཡིན། །

སེམས་རང་བཞིན་འོད་དུ་གསལ་བ་དེ། །

སེམས་ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡིན། །

སེམས་རྣམ་རྟོག་ཅི་ཡང་འཕྲོ་བ་དེ། །

སེམས་སྤྲུལ་སྐུ་པདྨའབྱུང་གནས་ཡིན། །

彼心之本性空性,

乃心法身无量光;

彼心之本性光明,

乃心报身观世音;

彼所现各种寻思,

乃心化身莲花生。

སེམས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །

ངོ་ཤེས་ན་རྒྱལ་བ་རིགས་ལྔ་ཡིན། །

སེམས་གསལ་ན་གསལ་བའི་ངོ་བོར་ལྟོས། །

གསལ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །

སེམས་བདེ་ན་བདེ་བའི་ངོ་བོར་ལྟོས། །

བདེ་སྟོང་རྫོགས་པ་ཆེན་པོ་ཡིན། །

心五毒所起寻思,

若认识即五方佛;

心显则观显自性,

乃是明空大手印;

心乐则观乐自性,

乃是乐空大圆满。

སེམས་སྟོང་ན་སྟོང་པའི་རང་ཞལ་ལྟོས། །

རིག་སྟོང་དབུ་མ་ཆེན་པོ་ཡིན། །

སེམས་སྐྲག་ན་སྐྲག་མཁན་ངོ་བོར་ལྟོས། །

དེ་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཡིན། །

心空则观空之面,

乃是明空大中观;

心惧则观惧本性,

乃是妙法断魔法。

སེམས་དངོས་པོ་ཅི་ཡང་མ་མཐོང་ན། །

སེམས་སྟོང་ཉིད་ཤེས་རབ་ཕར་ཕྱིན་ཡིན། །

ཁྱེད་འགྲོ་ཞིང་འདུག་ཅིང་སེམས་ལ་ལྟོས། །

འགྲོ་འདུག་དོན་དམ་གྱི་སྐོར་བ་ཡིན། །

若心不见任何物,

乃是心智慧彼岸;

汝行着住着观心,

行住乃了义之绕。

བཟའ་ཞིང་བཏུང་ཞིང་སེམས་ལ་ལྟོས། །

བཟའ་བཏུང་ཟག་མེད་ཀྱི་ཚོགས་འཁོར་ཡིན། །

ཁྱེད་ཉལ་ཞིང་གཉིད་ཅིང་སེམས་ལ་ལྟོས། །

གཉིད་འོད་གསལ་ཟིན་པའི་གདམས་ངག་ཡིན། །

吃着喝着应观心,

吃喝乃无漏荟供;

汝卧着睡着观心,

乃是睡光明窍诀。

ཁྱེད་ཟབ་མོའི་བསྙེན་སྒྲུབ་བྱེད་པའི་དུས། །

དོན་ཟབ་མོ་རང་གི་སེམས་ལ་ལྟོས། །

བདུད་བར་ཆད་བཟློག་ན་དེ་ཡིས་བཟློག།

དུས་ད་ལྟ་འཕྲལ་དུ་གང་དྲན་ཡང་། །

ཕུགས་སྒོམ་ཡུན་ཤི་དང་མཉམ་པར་གྱིས། །

当汝甚深持咒时,

应观甚深之自心,

彼能消除诸魔障,

无论当下想什么,

应当终究修到死。

མི་མང་པོའི་གཏམ་དང་ལྟད་མོ་དང་། །

སེམས་བསླུ་བའི་བྱ་བ་གང་སྒྲུབ་ཀྱང་། །

དེར་ཡེངས་པའི་དབང་དུ་མ་སོང་བ། །

སྒོམ་ཟབ་མོ་གནད་ཀྱི་ཉམས་ལེན་ཡིན། །

众人闲谈和表演,

无论何种惑心事,

不被散乱所控制,

乃是实修之要领。

དེ་མ་བརྗེད་ཏུ་རེ་དྲན་པར་གྱིས། །

དྲན་ཐོག་ནས་རང་ཚོ་ཐུབ་པར་མཛོད། །

དེར་ཡང་ཡང་རང་དབང་འདུས་པ་ཡི། །

སྒོམ་ཉམས་ལེན་འདྲིས་གོམས་རེད་པར་གྱིས། །

དོན་དེ་ལ་གོམས་ཡུན་རིང་བ་ན། །

སྒོམ་ཐུན་མཚམས་འཁོར་ཡུག་རྒྱུན་ཆད་མེད། །

ཆུ་བོའི་གཞུང་འདྲ་བ་རྒྱུན་དུ་འབྱུང་བའི་རྟེན་འབྲེལ་ཡིན། །

彼当不忘常持念,

而应保持于正念;

彼因反复地熟练,

应修行获得串习;

若彼义长得串习,

修无座间之间断,

乃是河流般缘起。

ཀརྨ་བསྟན་འཕེལ་གྱི་སྐྱེས་མཐའ་ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་དགེ་ལེགས་དཔལ་བཟང་པོའི་ཞལ་གདམས་གསེར་ཞུན་མ་འདྲ་བ་སེར་སྐྱ་ཕོ་མོ་སྐལ་པ་དང་ལྡན་པ་རྣམས་ལ་གདམས་པའོ། ། ། །

此如同真金液一般之口诀,乃康嘎玛丹培之转世——康巴昂旺棍嘎定增格来巴桑波,对四众有缘弟子之教言。古普·钦哲仁波切译,陈润泽居士和朱红霞居士校对汉文。

主页