Skip to content

༄༅། །ཕྱག་ཆེན་དངོས་གཞིའི་ཞལ་ཁྲིད་གནས་ལུགས་དོན་གྱི་

མན་ངག་ཅེས་བྱ་བ་བཞུགས་སོ།།

大手印正行言教实相

了义秘诀

མཁས་དབང་གྲུབ་རིགས་ཁྱུ་མཆོག །

阿德仁波切 讲解

དེ་ཡང༌། ང་ཚོའི་རྒྱུན་དུ་འདོན་རྒྱུའི་ཁམས་སྤྲུལ་ཀུན་དགའ་བསྟན་འཛིན་གྱིས་མཛད་པའི་སྔོན་འགྲོའི་ངག་འདོན་དེའི་བཞུགས་བྱང་ལའང། དངོས་གཞིའི་རྩ་ཐོ་དང་བཅས་པ་ཞེས་ཕྱག་ཆེན་གྱི་སྔོན་འགྲོ་ཙམ་དུ་མ་ཟད་ཕྱག་ཆེན་གྱི་དངོས་གཞི་ཡང་གསུངས་ཡོད་པ་རེད། དངོས་གཞིའི་རྩ་ཐོ་དེ་ག་རེ་རེད་ཟེར་ན། སྒོམ་པ་ཕྱི་ཡི་གཞི་བཅའ་སོགས་ཀྱིས་ལུས་གནད་དང་ངག་གནད། རང་སེམས་གདོད་དག་སོགས་ཀྱིས་སེམས་གནད་བསྟན་པ་ལྟར།

平日里我们念诵的,由康楚棍嘎定增所著,《前行念诵文》结语中提到:“正行与正文”,当中不仅仅讲述了大手印的前行,还讲述了大手印正行的部分。那什么是正行正文呢?颂词中云:“观修外之姿势身七要”则阐释了身和语的要领。而颂词又云:“自心本来清净”,则阐释了心的要领。

ཕྱག་ཆེན་གྱི་དངོས་གཞི་ཉམས་སུ་ལེན་པར་བྱེད་པ་དེ་ལ་བཅའ་བ་ལུས་ཀྱི་གནད་དང༌། སྒོམ་པ་སེམས་ཀྱི་གནད་གཉིས་ཡོད།

བཅའ་བ་ལུས་ཀྱི་གནད་ལ་ཡང་རྩོལ་བཅས་རྣམ་སྣང་ཆོས་བདུན་དང༌། རྩོལ་མེད་སེམས་ཉིད་ངལ་གསོའི་འདུག་སྟངས་གཉིས་ཡོད།

དང་པོ་རྩོལ་བཅས་ཀྱི་གནད་དེ་ལ། སྒོམ་པ་ཕྱི་ཡི་གཞི་བཅའ་ལུས་གནད་བདུན། །རྐང་པ་སྐྱིལ་ཀྲུང་རེའུ་མིག་བཞིན་བསྣོལ། །

实修大手印正行全文分二:甲一、姿势身之要;甲二、观修心之要。

乙一、姿势身之要又分二:一、造作毗卢七法;二、不造作心性休息之坐姿。

丙一、造作毗卢七法:

如念诵文云:“观修外之姿势身七要,两足金刚跏趺坐”:

ཞེས་གསུངས་པ་ལྟར་རྐང་པ་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དང༌། ལག་པ་མཉམ་བཞག་ཕྱག་རྒྱ་ལྟེ་འོག་བཅིངས། །ཞེས་ལག་མཐེ་བོང་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩ་མནན་ནས་ལག་རྒྱབ་བརླ་རྩར་གཏད་བཞིན་འདུག །སྒལ་ཚིགས་གསེར་གྱི་དུང་རྩེ་བརྩེགས་ལྟར་བསྲང༌། །ཞེས་སྒལ་ཚིགས་དངུལ་དཀར་སྒོར་མོ་བརྩེགས་པ་ལྟར་བསྲང༌། དཔུང་པ་རྒོད་གཤོག་བཞིན་དུ་ཕྱིར་ཡང་བརྒྱང༌། །ཞེས་ཕྲག་མགོ་གཉིས་ལ་གོ་དགོས་པ་ལས། གྲུ་མོ་ལ་མི་གོ་བར་ཕྲག་མགོ་ནང་དུ་མི་གུག་པར་ཐལ་གོང་དགྱེ་ཞེས་པ་ལྟར་ཕྱི་ལ་ཕར་དགྱེ། མགྲིན་པ་ལྕགས་ཀྱུ་ལྟར་བཀུག །ཅེས་ཨོག་ཀོས་མདུད་ནོན་ཙམ་དུ་མགྲིན་པ་བཀུག །ལྕེ་བསྒྲིལ་ནས། །ཞེས་ལྕེ་བསྒྲིལ་ནས་ཡ་རྐན་ལ་སྦྱར། སོ་མཆུ་བར་ཡོད། ཅེས་མཆུ་མི་བཙུམ་པར་མཆུ་བར་ནས་སོ་ཧ་ལམ་མཐོང་ཙམ་བྱེད། ལྟ་སྟངས་རང་ཚོ་འཛིན། །ཅེས་མིག་སྣ་རྩེར་ཕབ་ནས་སྣ་རྩེའི་ཐད་རྨོས་ཁལ་གྱི་གཉའ་ཤིང་གང་ཙམ་དུ་བལྟ། ངག་གི་སྨྲ་བཅད། ཅེས་ངག་གི་གནད་སྨྲ་བ་བཅད་ནས། རང་བབ་དབེན་པར་གནས། །ཞེས་སེམས་ཀྱི་འགྱུ་འཕྲོ་ཐམས་ཅད་མཚམས་འཇོག་ནས། ཤིག་གེ །ལྷོད་མེར། བདེ་མོ་མ་ཞིག་གི་ངང་དུ་འདུག་པ་དེ་བཅའ་བ་ལུས་ཀྱི་གནད་ལ་རྩོལ་བཅས་རྩོལ་མེད་གཉིས་ལས་རྩོལ་བཅས་རེད།

两足金刚跏趺而坐。“双手结定印于脐下”即先将两手大拇指压在两个无名指上的静脉,然后将手背抵在大腿动脉之上;“脊椎正直犹如叠金币”即脊椎正直就如同金币一层一层地叠起来一般;“肩臂后张犹如鹫之翅”即两个肩臂向外张开;“颈部微俯如铁钩”即前颈微俯于胸前如同铁钩一般;“舌尖抵上腭”即将舌尖抵在上腭;“牙齿留隙”即嘴唇不能紧闭,微露牙齿;“把握视法”即双眼透过鼻尖,看向一根木轭的长短处;“禁语(语之要)”即禁止言语;“自然静坐”即静止一切心中的(分别念)波动,并安住在舒缓、轻松的状态中,这便是姿势身之要当中的造作身之要领。

རྩོལ་མེད་ཀྱི་ལུས་གནད་ནི། སེམས་ཉིད་ངལ་གསོའི་འདུག་སྟངས་ཞེས་རྐང་པ་སྐྱིལ་ཀྲུང་ལག་གཉིས་པུས་སྟེང་དུ་བཀབ། ལུས་རང་བབ་ཀྱིས་ལྷོད་ཆ་ཡོད་པ། ལྷོད་ཆེ་ཡང་མ་སོང་བར་ལྷོད་ཀྱི་ནང་ལ་གྲིམ་ཞིག་ཡོད་པ། གྲིམ་ལྷོད་རན་པ་ཞིག་གི་ངང་དུ་འདུག་པ་དེ་རྩོལ་མེད་ཀྱི་འདུག་སྟངས་རེད།

丙二、不造作身之要:

心性休息之坐姿:两足跏趺坐,双手放在膝盖上,身体呈自然放松,但也不能过于松散,松中有紧,即安住在张弛有度的状态中,则称之为无造作之坐姿。

རྒྱུན་དུ་རང་རང་གི་ཉམས་ལེན་མཉམ་གཞག་འདྲ་བྱེད་དུས་བརྟན་ཆ་ཆེན་པོ་ཐོབ་ཡོད་ན་ལུས་གནད་ལ་ཁྱད་པར་མེད་ཀྱང༌། སྤྱིར་ཐུན་བཅད་ནས་བཟུང་ངེས་པར་དུ་ལུས་དྲང་པོར་བསྲང་ནས་འདུག་རྒྱུ་མ་གཏོགས་གཡས་ལ་བསྔས་པ་དང༌། གཡོན་ལ་བསྔས་པ་སོགས་འདྲ་མི་འདྲ་ཅི་འདོད་གང་འདོད་བྱེད་ནས་འདུག་རྒྱུ་མེད་གསུངས་ཡོད་པ་རེད། ལུས་གནད་དེ་གཙོ་ཆེ་གལ་ཆེན་ཡིན་པའི་རྒྱུ་མཚན་ནི། རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར། །ཞེས་གསུངས་པ་དང༌། ལུས་དྲང་ན་རྩ་དྲང༌། ཞེས་ལུས་ཀྱི་ནང་ལ་གནས་པའི་རྩ་ཐམས་ཅད་དྲང་པོར་འགྲོ། རྩ་དྲང་ན་རླུང་དྲང༌། ཞེས་རྩ་ཡི་ནང་ལ་གནས་པའི་རླུང་དེ་དྲང་པོར་འགྲོ། རླུང་དྲང་ན་སེམས་དྲང༌། ཞེས་ད་ལྟ་རང་རེ་ལ་རྣམ་རྟོག་འཕྲོ་ཚུབ་ཚུབ་ཀྱི་འཕྲོ་འདུ་རྒོད་པོ་མ་ཞིག་ཡོད་རྒྱུ་འདི་ནི་སེམས་ལས་ཀྱི་རླུང་ལ་བརྟེན་པའི་དབང་གིས་རེད། སེམས་ཀྱི་བུ་ཆུང་ལས་ཀྱི་རླུང་གི་རྟ་ལ་ཞོན་ནས་གསུངས་དཔེ་བཞག་མཛད་པ་ལྟར། རྣམ་རྟོག་འཕྲོ་འདུ་ཐམས་ཅད་ལས་ཀྱི་རླུང་གི་བཞོན་པས་བྱེད་པ་རེད། རླུང་འདི་རང་བབས་སུ་གནས་ན་སེམས་ཀྱང་རང་ཤུགས་ཀྱིས་རང་བབས་སུ་གནས་པའམ་དྲང་བ་རེད། རྒྱུ་མཚན་དེས་ན་ལུས་གནད་འདི་གལ་ཆེ་གསུངས་པ་རེད།

于平日里自己静坐修行之时,如果具有比较好的定力,对于身体的要领(姿势)也无太大的要求。但一般而言,只要是打坐修行,身体姿势务必要端正,而不可以随意地左右侧卧或以其它各种各样的姿势而坐。即身体的要领(姿势)为何如此重要哪?其主要原因有,如云:“由身体上建立缘起,而心里生起证悟”。又云:“身直则脉直”:身体直了,体内所有的筋脉也随着身体而变直;云:“脉直则气直”,同样,脉直了,在脉中流通的气也随着脉而变直;云:“气直则心直”,我们现在所拥有的,千变万化、变幻莫测的分别心,是因为心依靠于业风的缘故。如云:“譬如,心的小孩骑着业风的马”,所有的分别念皆是由业风的马而起,如果风能够自然安住,心自然可平静下来,故而,身的要领(姿势)十分重要。

དེ་ནས་སྒོམ་པ་སེམས་ཀྱི་གནད་ལ། སྤྱིར་མཉམ་བཞག་བྱེད་ཟེར་བ་དེ་སེམས་ལ་བལྟ་བ་དང༌། སེམས་ངོ་སྐྱོང་བ་ལ་ཟེར་བ་རེད། སེམས་ཟེར་རྒྱུ་དེ་སེམས་ཅན་ཚང་མ་ཡོངས་སུ་རྫོགས་པའི་རྒྱུད་ལ་ཡོད་པ་ལས། སྲོག་ཆགས་དབུགས་ཐོགས་པའི་སེམས་ཅན་ཞིག་ཡིན་ནས་བཟུང་སེམས་མེད་པ་གཅིག་ཀྱང་མེད་པ་རེད། སེམས་ཞེས་པ་དེ་འཁྲུལ་བའི་ཆ་ནས་མིང་བཏགས་ན་སེམས་ཟེར་བ་རེད་ལ། གྲོལ་བའི་ཆ་ནས་མིང་བཏགས་ན་རིག་པའི་ཡེ་ཤེས་ཟེར་བ་རེད།

甲二、观修心之要领:

一般来说,所谓的修定(根本定)是,观照内心,或者执持心的本性之意。而所谓的“心”,是一切众生的相续中都具有的。换句话说,只要是有生命的有情众生都有一颗心。

所谓的“心”:当(众生)迷惑的时候称之为“心”,当(众生)觉悟的时候则称之为“智慧”。

གྲོལ་འཁྲུལ་གཉིས་ཀྱི་ཁྱད་པར་གྱིས་སེམས་གཅིག་པུ་དེ་ལ་དྭངས་སྙིགས་ཕྱེས་ནས་དྲི་མ་དག་མ་དག་གིས་སངས་རྒྱས་སེམས་ཅན་གཉིས་སུ་གྱུར་སོང་བ་རེད། སེམས་འདི་འཁྲུལ་བས་བསླད་ནས་འཁྲུལ་པ་དང་བཅས་འཁྲུལ་པའི་སྦུབས་ལ་འཐུམ་པའི་སྐབས་ན་སེམས་ཅན་རེད། འཁྲུལ་རྟོག་གི་དྲི་མ་དག་ནས་རིག་པའི་ཡེ་ཤེས་མངོན་དུ་གྱུར་ན་སངས་རྒྱས་རེད། དེས་ན་སངས་རྒྱས་ཡང་སེམས་ཀྱི་ཐོག་ནས་འབྱུང་བ་རེད་ལ། སེམས་ཅན་ཡང་སེམས་ཀྱི་ཐོག་ནས་འབྱུང་བ་རེད། སངས་རྒྱས་སེམས་ཅན་གཉིས་ཀ་སེམས་གཅིག་གི་སྟེང་ནས་འབྱུང་བ་མ་གཏོགས་སངས་རྒྱས་ཟེར་དང་པོ་ནས་སེམས་ངོ་ཁ་ཁ་སྐྱོང་རྒྱུ་ཞིག་དང༌། སེམས་ཅན་ཟེར་དང་པོ་ནས་འཁྲུལ་པ་ཁ་ཁ་ཞིག་ཏེ་རྩ་བ་གཉིས་ཡོད་སོང་བ་མ་རེད། རྩ་བ་གཅིག་ཡིན་ན་ཡང་གང་གིས་ཁྱད་པར་གྱུར་སོང་བ་རེད་ཟེར་ན། མ་རིག་པས་བསྐྱེད་པའི་འཁྲུལ་བ་དེ་ཡིས་སངས་རྒྱས་སེམས་ཅན་གཉིས་སུ་ཕྱེས་ནས་འཁོར་བ་དང་མྱང་འདས་གཉིས་གྲུབ་སོང་བ་རེད།

由于觉与迷的差别,同一颗心也就出现了清与浊、净与不净,佛与众生的区别。也就是说,此心被迷失之后,愚昧的心卷入了迷乱的笼罩中,则这时称为众生。当分别念等迷乱的心得以清净,并且迷乱的心转变成智慧之时,则这时称之为佛。因此,佛产生于心,众生也产生于心。

佛与众生两者都出现在同一颗心之上,除此之外,起初从根本上,并没有名为佛的一颗所执持的心,也没有名为众生的另一颗迷乱的心。既然本性上一样,那为何变成了不一样的呢?那便是由无明所引起的迷乱心,分别造就了佛与众生,由此而产生了轮回与涅槃的现象。

དེ་འདྲའི་སེམས་དེ་ལ་ཅི་འདྲ་ཞིག་ཡོད་པ་རེད་ཟེར་ན། མཉམ་མེད་དྭགས་པོ་རིན་པོ་ཆེས། རང་སེམས་གདོད་དག་འཁོར་འདས་བྱེད་པོ་ཅན། །ཞེས་གསུངས་པ་ལྟར་ཆོས་སྐུ་རྡོ་རྗེ་འཆང་ནས་བཟུང་འཇག་མའི་སྲིན་བུ་ལ་ཐུག་གི་བར་ཚང་མ་ཐམས་ཅད་ལ་གཞི་རྒྱུད་བདེ་གཤེགས་སྙིང་པོ་ཡོད་མཉམ་རེད། དེ་ལ་བཟང་ངན་དང༌། ཆེ་ཆུང་སོགས་ཅི་ཡང་མེད་པས་ཐམས་ཅད་འདྲ་འདྲ་ཡིན་གསུངས་ཡོད་པ་རེད། བདེ་གཤེགས་སྙིང་པོའམ་སེམས་དེའི་ངོ་བོ་ཇི་ལྟ་བུ་ཞིག་རེད་ཟེར་ན། རང་སེམས་གདོད་དག །ཅེས་གཞི་བདེ་གཤེགས་སྙིང་པོ་དེ་ཡེ་གདོད་མ་ནས་དྲི་མ་ཐམས་ཅད་དང་བྲལ་བ། མ་རིག་པའི་སྦུབས་ལས་གྲོལ་བ། ཁོ་རང་གི་ངོ་བོ་ལ་དྲི་མ་ཐམས་ཅད་གཏན་ནས་ཡོད་མ་མྱོང་བ། གོས་མ་མྱོང་བ་དེ་བདེ་གཤེགས་སྙིང་པོའམ་རིག་པའི་ཡེ་ཤེས་ཁོ་རང་གི་ངོ་བོ་རེད།

那么,如此(创造轮涅一切法)的心,它又是如何呢?如无等达波仁波切所云:“自心本净轮涅创造者”,上至法身佛金刚总持,下至茅草昆虫,都平等地具有如来藏(佛性)。此(如来藏)没有任何优劣、大小等差别,且完全是平等的。如来藏或者心的本性又是如何呢?如云:“自心本来即清净”,基——如来藏本来就远离了一切垢染、摆脱了无明黑暗,其本质上从来没有污垢,亦没有被污染过,这就是如来藏或自证智慧的本体。

ཁོ་རང་གི་ངོ་བོ་དེ་འདྲ་ཡིན་ནའང༌། ཀུན་བཟང་སྨོན་ལམ་ལས། སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །གཞི་གཅིག་ལམ་གཉིས་འབྲས་བུ་གཉིས། །ཞེས་གསུངས་པ་ལྟར་གཞི་གཅིག་དེ་ལ་ལམ་གྲོལ་འཁྲུལ་གཉིས་བྱུང༌། ལམ་དེ་གཉིས་ཀྱིས་བསྐྱེད་པའི་འབྲས་བུ་སངས་རྒྱས་སེམས་ཅན་གཉིས་བྱུང་བ་རེད། དེ་དག་ཇི་ལྟར་བྱུང་བ་རེད་ཟེར་ན། རིག་དང་མ་རིག་ཆོ་འཕྲུལ་ཏེ། །ཞེས་རིག་མ་རིག་གི་ཆོ་འཕྲུལ་རེད་མ་གཏོགས་སེམས་ཉིད་རིག་པའི་ངོ་བོ་གཅིག་ལ་དེ་འདྲའི་ཁ་ཁ་ཞིག་མེད་ན་ཡང༌། སེམས་དེ་མ་རིག་པའི་སྦུབས་སུ་འཐུམས་ནས་མ་རིག་པ་དེས་བསྐྱེད་ཡོང་དུས་དུག་གསུམ་ལས་དང་ཉོན་མོངས་པའི་དབང་གིས་དེ་བསྒྲིབས་ནས་འཁྲུལ་པ་དེའི་རྗེས་སུ་འབྲང་བ་དེ་འཁོར་བ་རེད། དེས་ན་འཁོར་བ་དེ་མ་རིག་པའི་ཆོ་འཕྲུལ་རེད། ཡང་རིག་པའི་རང་ངོ་ཤེས་ནས་འཁྲུལ་པའི་རྒྱ་ལས་གྲོལ་ཏེ་འཁྲུལ་པ་དེ་དག་ནས་མ་རིག་པའི་སྦུབས་ལས་གྲོལ་ཡོང་དུས་དེའི་ཆ་དེ་རིག་པའི་ཞེས་སངས་རྒྱས་ཀྱི་དགོངས་པ་རེད། དེས་ན་སངས་རྒྱས་ཡང་རིག་པའི་ཆོ་འཕྲུལ་རེད།

如来藏的本质虽然如此,但是,如《普贤王如来大愿》中所云:“器情轮涅一切法,一基二道二果位”,在同一个基位上,有了觉与迷两种不同的道。由于道的不同,就产生了两种不同的果位,即佛与众生。而如何产生的呢?如云:“觉与不觉之幻变”,除了觉与不觉的幻变之外,心性本无差别。然而,心被无明黑暗笼罩了之后,由无明所引起的三毒烦恼挂碍了此心,由此而随着迷乱的现象便是轮回,故而,轮回即是无明的幻变。当证悟了心的本性、从迷网中得到解脱、遣除迷乱,即无明的笼罩中获得解脱时,则称为悟道,即佛的智慧,因此,佛也是智慧的幻变。

རྒྱུ་མཚན་དེའི་ཕྱིར་ན། འཁོར་འདས་བྱེད་པོ་ཅན། །ཞེས་ཡེ་གདོད་མ་ནས་དྲི་མས་གོས་མ་མྱོང་བ་དང༌། ཡོད་མ་མྱོང་བ། འཁོར་འདས་གང་གི་ཕྱོགས་སུ་མ་ལྷུང་ནའང་རིག་མ་རིག་གི་བྱེད་ལས་ཀྱིས་འཁོར་འདས་གཉིས་ཀའི་བྱེད་ལས་ཅན་དུ་གྱུར་སོང་བ་རེད་ཅེས་གསུངས་པ་རེད། དེ་ལྟ་བུའི་སེམས་འདི་ཉམས་སུ་ལེན་ཚུལ་ཇི་ལྟར་དགོས་པ་རེད་ཟེར་ན། འདི་ཉིད་བཟོ་མེད་ངང་དུ་མཉམ་པར་ཞོགས། །ཞེས་གསུངས་པས། བཟོ་བཅོས་མི་བྱེད་པར་ལྷོད་ཤིག་གེ །ཆམ་མེ་མཉམ་པར་འཇོག་དགོས། བཟོ་བཅོས་མི་བྱེད་པར་ཁོ་རང་གི་ངོ་བོའི་སྟེང་དུ་མཉམ་པར་འཇོག་ནས་དེའི་སྟེང་དུ་མ་ཡེངས་པའི་དྲན་རྒྱུན་ཙམ་གྱིས་སྐྱོང་འདུག་རྒྱུ་འདི་འདས་པའི་སངས་རྒྱས་ཐམས་ཅད་ཀྱང་ལམ་འདི་བསྟེན་ནས་གཤེགས་པས་གཤེགས་ཤུལ་དང༌། མ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱང་ལམ་འདི་ལ་བསྟེན་ནས་འཚང་རྒྱ་དགོས་པ་དང༌། ད་ལྟ་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ལམ་འདི་ལ་བསྟེན་ཏེ་སངས་རྒྱས་ནས་བཞུགས་པ་ཡིན་པས།

所以说:“轮涅创造者”,本来,从未有污垢,也从未被污染,既不住涅槃也不堕轮回。但是,由于觉与不觉的心行,就形成了轮回与涅槃两种不同的能作者。如此的心又如何实际修行呢?如云:“此心无造之中平等住”即不作任何改造,应安住在轻松舒缓的状态中。也就是,(心)不改造,并安住在其本体上,不散不乱、维持正念、观照自心。

这就是,过去所有的佛走过的唯一道路。同样,未来的诸佛也将依这条路而成佛。而现在,正在住世的诸佛也是依这条路而成佛,并住在世间的。

འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལམ་འདི་ལ་བསྟེན་ནས་བྱུང་བ་ཡིན་པས། མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་གསུངས་པ་རེད། དེ་ལ་ཆེད་དུ་རྩོལ་བས་དམིགས་གཏད་མཚན་འཛིན་གྱིས་བསྒོམ་འདུག་རྒྱུ་ཞིག་མེད་ན་ཡང༌། ཁོ་རང་ངོ་ཤེས་ནས་ངོ་འཕྲོད་པ་དེ་མ་ཡེངས་པའི་ངང་དྲན་རྫིས་རྒྱུན་བསྐྱངས་ན། རིམ་གྱིས་སྤང་བྱའི་དྲི་མ་ཐམས་ཅད་སྒོམ་སྟོབས་ཀྱིས་སྤངས། རྟོགས་བྱའི་ཡོན་ཏན་ཐམས་ཅད་སྒོམ་སྟོབས་ཀྱིས་རྟོགས། སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རང་གི་རྒྱུད་ལ་འབྱོར་བ་ལས་གཞན་ཁ་ཁ་ཞིག་མེད་པས། བསྒོམ་བྱ་གཞན་མེད་དྲན་ཐོག་ཐག་ཆོད་གཅེས། །ཞེས་གསུངས་པ་རེད། དྲན་པས་རྒྱུན་སྐྱོང་དགོས་ཚུལ། མཚན་བརྗོད་ལས། དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །

换句话说,十方三世一切诸佛如来亦是依这条道路而产生的,故云:“不散乱乃诸佛之道”。对此虽然没有什么特意地所缘和有相地观修方法。但是,心认识了心之后,不散不乱、而维持正知正念的话,所断一切垢染(挂碍)将由修所力逐渐断除,而所证一切功德也是由修所力将予(逐渐)证得,自相续中获得一切断证功德之外再无其它。故云:“另无所修念上应确定”。对于维持正念的需要,在《文殊具实名称经》中云:“四种正念三摩地之王”。

ཞེས་གསུངས་པ་ལྟར་ཕྱག་རྒྱ་ཆེན་པོ་འདི་ལ་ལམ་རྣལ་འབྱོར་བཞི་ཡི་རིམ་པས། རྩེ་གཅིག་གི་སྐབས་ན་དྲན་རྒྱུན་དེ་རྩོལ་བཅས་ཀྱི་དྲན་པ་དང༌། སྤྲོས་བྲལ་གྱི་སྐབས་ནས་དེ་ཡར་ན་འཕར་བས་རྩོལ་མེད་ཀྱི་དྲན་པ། རོ་གཅིག་གི་སྐབས་ན་ཡང་དག་གི་དྲན་པ། སྒོམ་མེད་ལ་སླེབས་དུས་སྒོམ་དང་དྲན་པ་གཉིས་ཀའི་ཐ་སྙད་དང་བྲལ་སོང་ན་ཡང་དེ་ལ་དྲན་པའི་ཐ་སྙད་བྱས་ཏེ་དྲན་ཆོག་རྒྱལ་པོ་ཞེས་སངས་རྒྱས་ཀྱི་ས་ལ་སླེབས་པས། ཕྱག་ཆེན་གྱི་མཐར་ཐུག་ཟད་ས་དང༌། བསྐྱལ་ས་ངོ་མ་དེ་དེ་རེད། སྤྱིར་ཕྱག་ཆེན་གྱི་ཁྲིད་འདི་ལ་དང་པོ་གནས་འགྱུ་རིག་གསུམ་གྱིས་སྣ་ཁྲིད་ནས་རྩེ་གཅིག་ཆུང་འབྲིང་ཆེ་གསུམ་དང༌། དེ་ཇེ་བཟང་ལ་སོང་དུས་སྤྲོས་བྲལ་ཆུང་འབྲིང་ཆེ་གསུམ། དེ་ཇེ་བཟང་ལ་སོང་དུས་རོ་གཅིག་ཆུང་འབྲིང་ཆེ་གསུམ། དེ་ཇེ་བཟང་ལ་སོང་དུས་སྒོམ་མེད་ཆུང་འབྲིང་ཆེ་གསུམ་སྟེ་རྣལ་འབྱོར་བཞི་ཀ་གསུམ་རེ་ཕྱེ་ཡོང་དུས་བཞི་གསུམ་བཅུ་གཉིས་དང༌།

同样,此《大手印》之道、瑜伽四部也是如此,“专注”时正念为造作(有为)的正念。“离戏”时提升为无造作的正念。“一味”时为清净的正念。而到了“无修”时,虽然已经远离了所修和(能修)正念的名词,但依然保留名称,名为殊胜正念王,此时便已抵达了佛果,这就是大手印之究竟。

一般而言,大手印之引导首先以静、动、智为引领,然后按次第修行、专注上、中、下三品,然后专注提升为离戏上、中、下三品,离戏提升为一味上、中、下三品,一味提升为无修上、中、下三品,如此,瑜伽四部每部分为上、中、下三品,共计十二部。

རྩེ་གཅིག་ལའང་རྩེ་གཅིག་གི་རྩེ་གཅིག །རྩེ་གཅིག་གི་སྤྲོས་བྲལ། རྩེ་གཅིག་གི་རོ་གཅིག །རྩེ་གཅིག་གི་སྒོམ་མེད། སྤྲོས་བྲལ་ལའང་སྤྲོས་བྲལ་གྱི་རྩེ་གཅིག །སྤྲོས་བྲལ་གྱི་སྤྲོས་བྲལ། སྤྲོས་བྲལ་གྱི་རོ་གཅིག །སྤྲོས་བྲལ་གྱི་སྒོམ་མེད། རོ་གཅིག་ལའང་རོ་གཅིག་གི་རྩེ་གཅིག །རོ་གཅིག་གི་སྤྲོས་བྲལ། རོ་གཅིག་གི་རོ་གཅིག །རོ་གཅིག་གི་སྒོམ་མེད། སྒོམ་མེད་ལའང་སྒོམ་མེད་ཀྱི་རྩེ་གཅིག །སྒོམ་མེད་ཀྱི་སྤྲོས་བྲལ། སྒོམ་མེད་ཀྱི་རོ་གཅིག །སྒོམ་མེད་ཀྱི་སྒོམ་མེད་དེ་རྣལ་འབྱོར་བཞི་པོ་རེ་རེ་ལ་བཞི་རེ་བཞི་རེ་ཕྱེས་པས་བཅུ་དྲུག་སོགས། རང་ལུགས་ཀུན་མཁྱེན་པདྨ་དཀར་པོས་ཕྱག་རྒྱ་ཆེན་པོའི་རྒྱས་བཤད། བཤད་སྦྱར་རྒྱལ་བའི་གན་མཛོད་ཀྱི་ནང་དུ་ལམ་གྱི་རིམ་པའི་སྤང་བྱའི་དྲི་མ་ཐམས་ཅད་རིམ་པས་དག་རིམ་བཞིན་དུ། རྟོགས་བྱའི་ཡོན་ཏན་ཐམས་ཅད་རྒྱུད་ལ་རྟོགས་པའི་ཚད་ཐིག་དེ་མུ་ནས་རིམ་བཞིན་དུ་བརྩིས་པའི་ཆ་ནས་དབྱེ་བ་མཛད་ནས་གསུངས་ཡོད་པ་ལྟར། ད་ལྟ་ལས་དང་པོ་པའམ་གང་ཟག་རིམ་གྱིས་པ་ཐམས་ཅད་ཕྱག་རྒྱ་ཆེན་པོ་ལ་ཐབས་ཀྱིས་དཀྲི་ནས་ཁ་དྲང་བའི་ཆེད་དུ་དམིགས་རྡེའུ་འཇོག་ནས་སེམས་གནས་བཙལ་དགོས་པས། དེ་ལ་མ་དག་པ་རྡེའུ་ཤིང་བུ་ལ་རྟེན་བཅའ་ཚུལ་ཞིག་དང༌། དག་པ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་རྟེན་བཅའ་བ་གཉིས་ཡོད།

再有,专注之专注、专注之离戏、专注之一味、专注之无修;离戏之专注、离戏之离戏、离戏之一味、离戏之无修;一味之专注、一味之离戏、一味之一味、一味之无修;无修之专注、无修之离戏、无修之一味、无修之无修;瑜伽四部每部分四,共计十六部。

本传承大德、遍知白玛嘎波,在广注《大手印殊胜宝藏》中所云:“随着道次第中的一切所断垢染逐渐地清净,所证一切功德在相续中将会逐渐证得”。为了给初学者或渐次者逐步引导大手印方便之法,便放置所缘物石子而修练“专注”。

དང་པོ་མ་དག་པ་རྡེའུ་ཤིང་བུ་ལ་རྟེན་བཅའ་བ་ལ། རྡེའུ་དང༌། ཡང་ན་ཤིང་ཐུར་གང་རུང་ཞིག་མདུན་དུ་འཇོག་ནས་མིག་གིས་ཀྱང་དེ་ལ་བལྟ། སེམས་ཀྱང་དེ་ལ་གཏད། རྣམ་རྟོག་གཞན་མི་འགྱུ་ནས་དེ་གཅིག་པུའི་སྟེང་ལ་སེམས་རྩེ་གཅིག་ཏུ་གཏད། རྣམ་རྟོག་གཞན་འགྱུ་ན་དེ་བཀག་ནས་དམིགས་རྡེའུ་དེའི་སྟེང་དུ་ཚུར་བཀུག་ནས་བལྟ། ཇི་ཙམ་གནས་ན་གནས་བཅུག །དེ་ལྟར་རེས་འཇོག་གིས་ཡང་ཡང་བལྟ། སེམས་གཏད་དུས་རང་བབ་ཏུ་ཆམ་གྱིས་འཇོག་པ་མ་གཏོགས། རྡེའུ་དེའི་གཟུགས་དང༌། དབྱིབས། ཁ་དོག་སོགས་ལ་དཔྱད་པ་བྱེད་མི་དགོས། ཡང་རྡེའུ་ཕར་ལེན་ནས་དེ་ཡི་མལ་དུ་རྡེའུ་ཡོད་པར་བསམ་ནས་གོང་ལྟར་དུ་སེམས་གཏད་ནས་རྡེའུ་ཡོད་མེད་རེས་འཇོག་གིས་ཡང་ཡང་སྦྱང༌། དམིགས་རྡེའུ་ལ་ཤིང་ཐུར་བཞག་ནའང་གོང་ལྟར་སེམས་གཏད། ཤིང་ཐུར་དང་རྡེའུ་གང་རུང་གཅིག་གིས་ཆོག་པ་ལས། གཉིས་ཀ་དགོས་པའི་རྒྱུ་མཚན་ཅི་ཡང་ཡོད་པ་མ་རེད།

乙一、所缘物分二:一、依于不清净之所缘物、石子和木块;二、依于清净之所缘物、佛之身、语、意所缘物。

丙一、依于不清净之所缘物:

在坐前放置一粒石子或者一节木块,然后眼睛凝视该所缘物,心里也想着该所缘物,不起其它任何分别念,一心专注在该所缘物之上。如果起了其它分别念,立刻强行断除,然后回头再次专注在该所缘物之上。如此反复修练,能专注多久就坚持多久。心专注时不需要详察石子(所缘物)的形状和颜色等,而是应当自然或悄然地专注。时而,取掉石子,而后在原处观想一粒石子,如之前一样专注,如此反复、相轮地修练。如果所缘物安放为木块,也应同之前一样专注,木块和石子当中选一个即可,不需要同时安放两个所缘物。

གཉིས་པ། དག་པ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་རྟེན་བཅའ་བ་ནི། མདུན་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཞིག་འཇོག་དེ་ལ་དམིགས་པ་གཏད། སྐུ་དེ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་སྐབས་ཀྱང་སྐུ་རྒྱུ་ཆ། དབྱིབས། ཁ་དོག་སོགས་ལ་བརྟག་དཔྱད་མི་གཏོང་བར་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་མཚན་དཔེའི་བརྒྱན་པ་དེ་ལ་སེམས་གཏད་ནས་ཆམ་གྱིས་འཇོག །ཡང་སྐུ་དེ་ཚུར་ལེན་ནས་དེའི་མལ་དུ་དེ་ངོ་མ་འདྲ་ཞིག་སེམས་ཀྱིས་བསམ་ནས་དེ་ལ་སེམས་རྩེ་གཅིག་ཏུ་གཏད། དེ་ལྟར་རེས་འཇོག་གིས་བལྟ་བ་དེ་རྒྱལ་བའི་སྐུ་ལ་རྟེན་བཅའ་བ་རེད།

丙二、依于清净之所缘物、佛之身、语、意所缘物。

丁一、依于佛身之所缘境:

在坐前安放一尊导师出有坏(释迦牟尼佛)像,并且将心专注在其佛像上。专注时不需要详察(所缘境)佛像的材质、形状、颜色等,而是应悄然地专注在三十二相,八十种随好庄严的导师出有坏身像上。时而,移掉佛像,而后在原处观想一尊佛像,并专注,如此相轮地专注,则称为、依于佛身之所缘境。

དེ་ནས་གསུང་ཡི་གེ་ལ་རྟེན་བཅའ་བ་ནི། ཨཱཿཡིག་དཀར་པོ་བྲིས་པའི་ཙཀླི་ཞིག་མདུན་དུ་འཇོག །དེ་ལ་གོང་བཞིན་སེམས་གཏད། ཡང་དེ་ཕར་ལེན་ནས་དེ་ཡི་མལ་དུ་ཨཱཿཡིག་དཀར་པོ་ཞིག་གསལ་བཏབ་ནས་སེམས་གཏད་པ་སོགས་གོང་བཞིན་སྦྱང༌།

དེ་ནས་ཐུགས་ཐིག་ལེ་ལ་སེམས་གཏད་པ་ནི། ཐིག་ལེ་མཐིང་ཀ་བྲིས་པ་ཞིག་མདུན་དུ་འཇོག་ནས་དེ་ལ་སེམས་གཏད། ཡང་དེ་ཚུར་ལེན་ནས་དེའི་མལ་དུ་དེ་ལྟར་གསལ་བཏབ་ནས་དེ་ལ་སེམས་རྩེ་གཅིག་ཏུ་གཏད། དེ་ལྟར་རེས་འཇོག་གིས་ཡང་ཡང་སྦྱང་དགོས། དེ་ལྟར་མ་དག་པ་རྡེའུ་ཤིང་བུ་ལ་རྟེན་བཅའ་བ་དང༌། དག་པ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་བཅའ་དེ་སེམས་གནས་པའི་ཐབས་བཙལ་བ་རེད་མ་གཏོགས་དངོས་གཞི་ཡིན་པ་མ་རེད། ལས་དང་པོ་པ་ལ་རྣམ་རྟོག་གཅིག་རྗེས་གཅིག་མཐུད་རླུང་འཚུབ་མ་འཚུབ་སྐོར་བཞིན་འཕྲོ་མ་ཆད་པར་རྒྱུ་བའི་རྣམ་རྟོག་འདི་ཕར་བཀག་ནས། སེམས་དེ་གཅིག་གི་སྟེང་དུ་གནས་པའི་ཐབས་ཙམ་མམ། ཐབས་བཙལ་བས་ན་སེམས་གནས་བཙལ་བ་ཞེས་ཟེར་བ་རེད།

丁二、依止于语言文字之所缘物:

在坐前放置一张写有白色阿(ཨ)字的卡片,对此如之前一样专注。时而,取掉卡片,而后在原处明观一个阿(ཨ)字,对此专注、同之前一样修练。

丁三、依于意识明点:

在坐前放置画有深蓝色明点的所缘物,对此专注。时而,将其取掉,而后在原处同之前一样明观,并一心专注,如此相轮地,反复修练。

就这样,依于不清净之所缘物、石子和木块,及清净之所缘物、佛之身、语、意所缘境,而这仅仅是令内心专注的方法,还不是正行。初学者将断除接连不断出现的如疾风般的杂念后,并一心专注之方法,或者为此寻找方法,故称之为“寻找内心安住”。

སེམས་གནས་བཙལ་བ་དེས་སེམས་ཀྱི་ཁ་ལོ་འདྲ་བཏུལ་ནས་ཡུན་རིང་པོར་སྦྱངས་པ་བྱས་ནས། སེམས་ཅུང་ཟད་གནས་པའི་སྐབས་གནས་འགྱུ་རིག་གསུམ་ཁྲིད་དགོས་པས། དེ་ཡང༌། སེམས་འདས་པའི་རྟོག་པ་ཐམས་ཅད་ཀྱི་རྗེས་མི་གཅོད། འདས་པ་ཞེས་པ་དེ་འཕྲོ་ཚར་བའི་རྣམ་རྟོག་རེད། དེའི་རྗེས་མི་གཅོད་པར་ཕར་འཇོག །མ་འོངས་པའི་རྣམ་རྟོག་གི་མདུན་མི་བསུ། མ་འོངས་པ་ཞེས་པ་དེ་སླར་འཕྲོ་དགོས་པའི་རྣམ་རྟོག་རེད། དེའི་མདུན་མི་བསུ་བར་ཕར་འཇོག །འདས་པའི་རྟོག་པ་དེ་ཕར་འགག །མ་འོངས་པའི་རྟོག་པ་མ་ཚུར་སྐྱེས་པའི་རྣམ་རྟོག་དེ་གཉིས་ཀྱི་བར་ད་ལྟའི་རིག་པ་འདི་ཡི་སྟེང་དུ་རང་བབ་ཏུ་འཇོག་སྐབས་རྣམ་རྟོག་མེད་པ་ཆམ་གྱིས་གནས་པ་དེ་ལ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཞེས། དཔེར་ན་རྒྱ་མཚོ་ལ་རླུང་གིས་ཀྱང་མི་སྐྱོད། རླབས་ཀྱང་མི་འཕྱུར་བར་ལྟེམས་སེ་གནས་པ་བཞིན་དུ། རྣམ་རྟོག་གིས་མ་བསླད་པར་སེམས་ཁོ་རང་གི་སྟེང་དུ་ཆམ་གྱིས་གནས་པ་དེ་ལ་གནས་པ་ཞེས་ཟེར་བ་རེད།

由于寻觅内心安住,驯服其内心,并长时熏修,当心稍微得到安住时,就应进行静、动、智的引导。

且不追随过去之分别心,因为过去之分别心都已过去,所以不应追随,而应立地(原处)放下。也不应前迎未来之分别心,因为未来之一切,属尚未发生的分别心,所以不应前迎,而应立地放下。既断除过去之分别念,也不前迎未来之分别念,应在当下之念头上自然安住且没有任何分别念地悄然安住,则如同无浪之海。譬如大海没有丝毫风浪,很平静的时候一样,心中也不起任何分别念,并悄然地安住在其本性上,则称之为“静”。

གནས་པ་དེའི་སྟེང་དུ་ཆམ་མེར་གནས་སྐབས་ལས་ཀྱི་རླུང་གི་དབང་གིས་རྣམ་རྟོག་དེ་ཚུར་བསྐྱེད་ཡོང་སྐབས་རྣམ་རྟོག་གི་རྒྱུན་དེ་བུན་བུན་ཙམ་ཞིག་སྐྱེ་ཡོང་དེ་ལ་འགྱུ་བ་ཟེར་བ་རེད། གནས་པའི་སྐབས་ན་འགྱུ་བ་ཤེས་པ་དང༌། འགྱུ་བའི་སྐབས་ན་གནས་པ་ཤེས་པའི་ཤེས་འདུག་མཁན་རིག་འདུག་མཁན་དེ་ལ་རིག་པ་ཟེར་བ་རེད། དེས་ན། གནས་པ་རྒྱ་མཚོ་འཁྱིལ་འདྲ་ལ། འགྱུ་བ་ཉ་མོ་འཁྱུག་འདྲ། རིག་པ་སྒང་ཁའི་སོ་པ་འདྲ། ཞེས་དཔེར་ན། མཚོ་ཁའི་རི་སྒང་སྟེང་ནས་མི་ཞིག་གིས་མར་བལྟས་ན། མཚོ་དེ་དང་པོ་རླབས་དང་བྲལ་བ་ལྟེམ་མེར་ཡོད་པ་ཡང་རིག །ཡང་མཚོ་དེའི་གཏིང་ནས་ཡར་ཉ་འཁྱུག་པས་རྦ་རླབས་གཡོ་བ་ཡང་རིག་པ་རེད། རིག་འདུག་མཁན་གྱི་མི་དེ་ལ་སོ་པ་ཟེར་བ་བཞིན་དུ། རང་གི་སེམས་འདི་རྣམ་རྟོག་གིས་མ་བསླད་པར་ཆམ་མེར་གནས་པ་ཡང་རིག །ཡང་རྣམ་རྟོག་འགྱུ་ནས་གཡོ་བ་ཡང་རིག །གནས་པ་དང་འགྱུ་བ་ཤེས་འདུག་མཁན་དེ་ལ་རིག་པ་ཟེར་བ་རེད། དེ་སྒང་ཁའི་སོ་པ་ལ་དཔེ་བཞག་པ་རེད།

在“静”的状态上悄然安住时,因业风的推动下引起了分别念,如此滚滚而起的分别念相续,则称之为“动”。在“静”的时候,即认识(发现)了如何“动”,而“动”的时候,即认识了如何“静”,此能认识者,能发现者,则称之为“智”。

如云:“静如湖泊,动如鱼跃,智如傍观”,比如说,有人在湖边的山坡上观察湖泊的动静时,就发现,湖泊刚开始没有波浪,但之后,由于鱼儿的翻腾跳跃,在湖面上引起了水浪,此发现者则称之为旁观者。同样的道理,便能发现自己的心没有分别念的垢染,并且悄然地安住,且能够发现分别念波动的过程。如此“静”和“动”的发现者,称之为“智”,这也比喻为山上的旁观者。

འགྱུ་ཡོང་རྒྱུའི་རྣམ་རྟོག་ཁོ་རང་གི་ངོ་བོ་ལ་བལྟས་བཞག་ན། གནས་པའི་སྟེང་དུ་ཚུར་ལྟེམས་སེ་འགྲོ་རྒྱུ་མ་གཏོགས། འགྱུ་བ་གཅིག་ནས་གཉིས་སུ་ཕར་བརྒྱུད་མི་ཐུབ་ནས་གནས་པའི་ཐོག་ཏུ་འདུག །གནས་པ་དེའི་ངང་ནས་ཡང་འགྱུ། འགྱུ་བ་དེ་འགྱུས་མ་ཐག་ཡང་རིག་པས་ངོས་ཟིན་ནས། འགྱུ་བ་ཁོ་རང་གི་ངོ་བོ་ལ་བལྟས་ན། གནས་འགྱུ་གཉིས་གཅིག་མ་གཏོགས་གནས་པའི་སེམས་འདི་རེད། འགྱུ་བའི་སེམས་འདི་རེད་ཟེར་ནས་ཁ་ཁ་ལ་དབྱེ་རྒྱུ་མེད་པར་འགྱུ་བའི་ཐོག་ཏུ་སླེབས་ཡོང་བ་རེད། དེ་ལྟར་བསྐྱར་བསྐོར་གྱིས་ཡང་ནས་ཡང་དུ་སྦྱང་དགོས། གནས་པ་དང་འགྱུ་བ་དེ་གཉིས་སྒོམ་གྱི་དངོས་གཞི་མ་རེད། དེ་རིག་པ་ལ་འགྱུར་དགོས་པ་རེད། ལམ་རིམ་གྱིས་པའི་དབང་དུ་བྱས་ནས་སེམས་ཀྱི་ངོ་བོ་རིམ་པས་ངོ་སྤྲད་སྐབས། གནས་འགྱུ་གཉིས་ཐོག་མར་སེམས་ཀྱི་བཞག་ཐབས་ཙམ་དུ་ངོ་སྤྲད། དེ་ངོ་འཕྲོད་ཚར་དུས་རིག་པ་དེ་ངོ་སྤྲད། རིག་པ་ངོ་འཕྲོད་ན་རིག་པ་དེ་རིམ་གྱིས་བརྟན་པ་ཐོབ། རྩལ་རྫོགས། རྐང་ཚུགས་ནས་སྒོམ་ངོ་མ་ལ་རིག་པ་དེ་འགྱུར་དགོས་པ་རེད། སྤྱིར་གནས་འགྱུ་རིག་གསུམ་ལ་གནས་པ་དང་འགྱུ་བ་ཟེར་ནས་ཁ་ཁ་ཞིག་དང༌། རིག་པ་ཟེར་ནས་ཁ་ཁ་ཞིག་ཡོད་པ་མ་རེད་དེ། ཡིན་ཡང༌། དྭངས་སྙིགས་ཀྱི་དབྱེ་བས་བཟང་ངན་ཡོད་སོང་བ་རེད།

如果从波动的分别念本质上看,“动”只能回到“静”的状态上,而无法继续保持在“动”的状态中。由此,“智”便认识到,“静”中“动”,“动”中“静”的现象。并且“静”与“动”二者,除了一体之外,无法辨别“静”的心和“动”的心,也将回到“动”的状态上,理应如此反复修练。即“静”与“动”还不是修行的正行,“静”与“动”需要转变为“智”。根据道次第的修法,以“明智”来直指心性的时候,首先由“静”和“动”来指引内心安住之法,此明了之后,再指引“智”,“智”明了之后,将会逐步获得定力、扎根、及成熟。于此真正的修行重点还是改变“智”。

一般而言,静、动、智三者,并没有,名为“静”与“动”的一颗或名为“智”的另外一颗心之别,只是因清浊之别而有了优劣之分。

དེ་ལྟར་བསྒོམས་བསྒོམས་དུས་ནམ་ཞིག་ན་རིག་པ་རྒྱུན་ཇེ་རིང་དང༌། ཤུགས་དང་ནུས་པ་ཇེ་ཆེ་ལ་སོང་ནས། འགྱུ་བ་མགོ་རྩོམ་པ་དང་རིག་པ་སླེབས་པ་དུས་མཉམ་དུ་བྱུང་སྐབས། གནས་འགྱུའི་བར་ལག་འགྱེལ་ཞེས་རིག་པ་རྩལ་རྫོགས་པ་རེད། དེ་སྐབས་རིག་པ་དེ་རྒྱུན་སྐྱོང་དགོས་གསུངས་ཡོད་པ་རེད། རིག་པ་དེ་རྒྱུན་ཇི་ལྟར་སྐྱོང་དགོས་ཟེར་ན། རང་རིག་ངོས་བཟུང་བྲལ་བ་སྟོང་པ་ཉིད། །སྟོང་པའི་རང་མདངས་རྣམ་རྟོག་སྣང་བའི་རྩལ། །གཉིས་མེད་བློ་འདས་ལྷན་ཅིག་སྐྱེས་པའི་དབྱིངས། །གནས་ལུགས་རང་ངོ་ཇི་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར། རིག་པ་ཁོ་རང་གི་ངོ་བོ་ལ་དབྱིབས་དང་ཁ་དོག །ཚད་དང་མཚན་ཉིད་སོགས་འདི་རེད་འདི་མ་རེད་ཟེར་ནས་དཔྱད་ར་གཏོང་སའི་ཡུལ་མེད་པ། ངོ་བོ་སྟོང་པ་ཉིད་ཀྱི་ཆ་ནས་ངོས་བཟུང་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད། སྟོང་པ་དེ་སྟོང་པ་ཕྱང་ཆད་བེམ་སྟོང་ནམ་མཁའ་ལྟ་བུ་མ་ཡིན་པ་སྟོང་ཉིད་དེ་ལ་རིག་པའི་ཡེ་ཤེས་དེས་འདུ་འབྲལ་མེད་པ་ཏིལ་ལ་མར་བཞིན་དུ་རང་ཆས་སུ་ཁྱབ་ཡོད་པ། སྟོང་བཞིན་དུ་སྣང་བ། སྣང་བཞིན་དུ་སྟོང་པ། དེ་འདྲ་ཞིག་རེད།

如此,由一次又一次地修持,随着功夫的成熟,“智”的相续(时间)越来越长,修定功夫将越来越强,当“动”初生的同时,“智”也能够生起的时候,则为“静”与“动”二者没有了距离,即“智”已成熟,此时此刻,将“智”的状态继续维持。此“智”又如何维持呢?如云:“自心远离辨别即空性,空性本色寻思之现象,无二不思俱生之空性,应当如是明了其实相”,“智”的本体上而言,并没有,颜色、形状、分际、性相、是非等分析所境,而是本体空性、即远离一切定论之空性。其空性也并非虚空一般一无所有的空性,而是空性不离与智慧,如同芝麻含油一样,即、现中空,空中现。

སྟོང་པའི་རང་མདངས་རྣམ་རྟོག་སྣང་བའི་རྩལ། །ཞེས་སྟོང་ཉིད་དེའི་ངང་ནས་འཕྲོ་བའི་རྣམ་རྟོག་དེ་ཆེད་དུ་དགག་དགོས་ཨི་རེད་ཟེར་ན། དགག་དགོས་པ་མ་རེད་ལ། དགག་ཐུབ་པ་ཡང་མ་རེད་པས། རྣམ་རྟོག་སྐྱེ་ན་སྐྱེ་ཆུག །དཔེར་ན་ཤེལ་སྒོ་དྭངས་མའི་ངོས་ལ་གཟུགས་མ་ཤར་ན་སྟོང་ཆམ་མེར་ཡོད་ལ། གཟུགས་འཆར་སའི་གོ་མ་འགག་པར་ཡོད་པས། གཟུགས་ཤར་ན་འཆར་ཆོག་ཆོག་ལ་ཡོད། དཔེ་དེ་བཞིན་དུ། རྣམ་རྟོག་མ་སྐྱེས་ན་མ་སྐྱེས། སྟོང་ཉིད་ངང་ལ་དྭངས་ཆམ་མེར་ཡོད། རྣམ་རྟོག་སྐྱེ་སའི་གོ་མ་འགག་པར་ཡོད་པས། རྣམ་རྟོག་སྐྱེས་ན་སྐྱེ་ཆོག་ཆོག་ལ་ཡོད།

如云:“空性自相分别念之力”,在空性当中所产生的(寻思)分别念是否要破除(制止)呢?其实不需要破除,也无法破除。当分别念生起时便让它生起,比如说,清晰的镜子不照东西的时候,镜子里面是空的,但镜子中可以显现任何影像,因为能显现影像的镜子还存在。同样的道理,不起分别念时,心在空性的境界当中,但分别念依然是可以产生的,因为能起分别念的心还存在。

གཉིས་མེད་བློ་འདས་ལྷན་ཅིག་སྐྱེས་པའི་དབྱིངས། །ཞེས་གསུངས་པས། རྣམ་རྟོག་སྐྱེས་མ་སྐྱེས་ཀྱི་ཁྱད་པར་མེད་པ། དེ་ལ་དགག་སྒྲུབ་དང་རྩོལ་བས་མ་བསླད་པ། འཛིན་པ་མ་ཞུགས་པར་སྟོང་ཉིད་ཀྱི་ངང་སྐྱོང་དགོས། གྲུབ་ཐོབ་སྙེ་མོ་པའི་ཞལ་ནས་ཀྱང༌། རྣམ་རྟོག་འདི་རྒྱ་མཚོའི་རྦ་རླབས་དང་འདྲ། །སྐྱེས་ཀྱང་ཁོ་རང་གི་ངོ་བོ་སྟོང༌། །མ་སྐྱེས་སྐྱེ་མེད་འདི་དྭངས་རེ་སྤྲོ། །ཞེས་གསུངས་པ་རེད། དེ་དོན་ཅི་འདྲ་ཞིག་རེད་ཟེར་ན། སེམས་དེ་འདྲའི་སྟོང་ཉིད་ངང་ལ་གནས་པ་དེ། དཔེར་ན་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཞིག་ལ་དཔེ་མཚོན་ན། རྣམ་རྟོག་འདི་རྒྱ་མཚོའི་རླབས་ལྟ་བུ་ཡིན་གསུངས་པ་རེད། རྦ་རླབས་ཀྱང་རྒྱ་མཚོ་དེ་ལས་བྱུང་ཞིང་དེ་ལས་ལོགས་སུ་མེད་པ་ལྟར། རྣམ་རྟོག་ཀྱང་སེམས་ཉིད་སྟོང་པ་དེའི་ངང་ནས་ཤར་བ་མ་གཏོགས་དེ་ལས་ཡན་གར་བའི་གཞན་དག་ནས་སླེབས་པ་མིན་པས། རྣམ་རྟོག་སྐྱེས་ཀྱང་སྟོང་པ་ཉིད་དེ་ལས་ལོགས་སུ་མེད་པས་ཁོ་རང་གི་ངོ་བོ་སྟོང་པས་དགག་མི་དགོས་ལ། མ་སྐྱེས་ན་ཁོ་རང་སྐྱེ་བ་མེད་པའི་དོན་ཡིན་པས་བསྒྲུབ་མི་དགོས་ཞེས་གསུངས་པ་རེད།

如云:“不二远离心识俱生境”,分别念产生与不产生没有区别,不需要破、立等措施,即、不执着,并保持在空性的境界当中。成就者涅母巴说:“寻思如海浪,虽起本体空,无生即清净”,

意思是说,如果将在空性当中安住的心,比喻为没有波浪的大海,那么分别念就如同大海的波浪。波浪产生于大海,故不离于大海,同样,分别念也是由心性空性当中所生起的,而并非从别处所生。

分别念产生时,因为其本体是空性,即不离于空性,所以不需要破除(制止)。同样,分别念若不生起,那也不需要成立(安立),因为分别念本来就是不生的缘故。

ཨོ་རྒྱན་ཆེན་པོས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི། །ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང༌། །སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག །འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །ཞེས་གསུངས་པ་ལྟར་དུ། སེམས་ལ་རྣམ་རྟོག་ཅིག་སྐྱེས་ནས་བཟུང་ཉོན་མོངས་དུག་ལྔའི་རྟོག་ཚོགས་བརྒྱད་ཅུ་སོགས་མ་གཏོགས། དེ་ལས་ལོགས་སུ་གྱུར་པའི་རྣམ་རྟོག་ཅིག་མེད་ལ། རྟོག་ཚོགས་དེ་དག་ལས་ལོགས་སུ་གྱུར་པའི་རྣམ་རྟོག་ཅིག་མེད་པས། ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ན་ཡང་དེ་ལ་བློ་ཡིས་བཅོས་མི་གཞུག་སྟེ་སྔོན་ནས་ཡང་མི་བསུ། རྗེས་སུ་ཡང་མི་གཅོད། བཅོས་བསྒྱུར་ཡང་མི་བྱེད་པར་རྣམ་རྟོག་ཇི་ལྟར་འགྱུས་ཀྱང་འགྱུ་བ་ཁོ་རང་གི་ངོ་བོ་ལ་ལྟ་སྐབས། རང་སར་དྭངས་འགྲོ་བ་མ་གཏོགས། རྣམ་རྟོག་ཚུགས་ཐུབ་ཏུ་འདུག་ཐུབ་པ་ཞིག་ཡོད་པ་མ་རེད།

如莲花生大士说:“如此意识之对境,显现五毒烦恼心,不思过去与未来,放置原处证法身”,在心里只要生起了分别念,除了五毒烦恼之八十种分别心之外,没有其它任何分别心。所以,无论出现任何五毒烦恼心,不应修改,不应追随过去,也不应前迎未来。分别心无论怎么变化,当观察其变化的本质时,分别心除了在原处消散、清净以外就没,能够继续站得住脚的。

རྣམ་རྟོག་དྭངས་པའི་ཆ་དེ་ཡེ་ཤེས་རེད། ཡེ་ཤེས་ལྔ་པོ་ཡང༌། དཔེར་ན། ཞེ་སྡང་གི་རྟོག་པ་དྲག་པོ་ཞིག་སྐྱེ་སྐབས། ཞེ་སྡང་གི་ངོ་བོར་བལྟས་ཙ་ན། ཞེ་སྡང་ཞེས་ཁ་ཁ་ཞིག་མེད་པ་རྣམ་རྟོག་རེད། རྣམ་རྟོག་དེའི་ངོ་བོ་ལ་ལྟ་དུས་གཟུགས་དང༌། ཁ་དོག །དབྱིབས། མཚན་མ་ལ་སོགས་པ་ཅི་ཡང་མེད་པ་དྭངས་འགྲོ་བ་རེད། དྭངས་པའི་ཆ་དེ་ལ་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ཞེས། ཞེ་སྡང་དག་པའི་ཆ་རིག་པའི་ཡེ་ཤེས་གསལ་བའི་ངར་དང་ལྡན་པ་དེ་ལ་མེ་ལོང་ཡེ་ཤེས་ཟེར་བ་རེད།

可说:分别心清净、消散的状态是智慧,比如说,五种智慧,即:当生起强烈的嗔恨心时,若观察其嗔恨心的本质,除了分别心之外没有什么所谓的嗔恨。而观察其分别心本质时,其分别心的颜色、形状、象征等将会清净、消失。而清净、消散的状态则称作大圆镜智。也就是说,当处于嗔心清净的状态时,即是智慧显现之时,故称之为大圆镜智。

དེ་བཞིན་དུ། འདོད་ཆགས་ཀྱི་རྟོག་པ་དྲག་པོ་སྐྱེས་ཙ་ན། དེ་ཡི་ངོ་བོ་ལ་ལྟ་སྐབས་གཟུགས་དང་ཁ་དོག་སོགས་གང་ཡང་མ་གྲུབ་པར་དྭངས་འགྲོ་བ་རེད། འདོད་ཆགས་དག་པའི་ཆ་རིག་པའི་ཡེ་ཤེས་བདེ་བའི་ཉམས་དང་ལྡན་པ་དེ་ལ་སོ་སོར་རྟོགས་པའི་ཡེ་ཤེས་ཞེས་ཟེར་བ་རེད། དེ་བཞིན་དུ། གཏི་མུག་གྲོལ་བའི་ཆ་དེ་ཆོས་དབྱིངས་ཡེ་ཤེས། ང་རྒྱལ་གྲོལ་བའི་ཆ་དེ་མཉམ་ཉིད་ཡེ་ཤེས། ཕྲག་དོག་གྲོལ་བའི་ཆ་དེ་བྱ་གྲུབ་ཡེ་ཤེས་ཟེར་བ་རེད། མདོར་ན། དེ་ལྟར་བསྒོམ་དུས་ཉོན་མོངས་དུག་ལྔའི་རྟོག་པ་དྲག་པོ་ག་རེ་སྐྱེས་ཡོང་ན་དེའི་ངོ་བོ་ཕར་ལྟ་དུས་ཡེ་ཤེས་ལྔའི་ངོ་བོ་ལ་གྲོལ་བའི་ཆ་དེ་ལ་ཡེ་ཤེས་ལྔ་ཟེར་བ་རེད།

如此当生起强烈的贪心时,若观察其本质,颜色和形状等都不成立,并且会清净、消失。而当贪心处于清净的状态时,智慧具有愉快的感受,则称之为妙观察智。以此类推,当愚痴心处于清净、解脱的状态时则为法界体性智;当我慢心处于清净、解脱的状态时,则为平等性智;当嫉妒心处于清净、解脱的状态时,则为成所作智。总而言之,在观修的时候,无论产生任何五毒烦恼的分别心,观察其本质时,将解脱于五种智慧的本性中,则称为五种智慧。

རྣམ་རྟོག་གཅིག་ནས་གཉིས་སུ་ཁ་རྒྱུད་ནས་སྐྱེས་ན་དེ་འཁྲུལ་པ་རེད། གཅིག་ནས་གཉིས་སུ་ཁ་རྒྱུད་མ་ཐུབ་ནས་དང་པོ་སྐྱེས་པ་དེའི་ངོ་བོ་ལ་བལྟས་ཙ་ན། རང་སར་གྲོལ་ཐུབ་ན་རྣམ་རྟོག་གྲོལ་བ་ཟེར་བ་རེད། དེ་ལྟར་འཇོག་དུས་བཞག་ཐབས་དེ་ལ། དཀར་བརྒྱུད་གོང་མ་རྣམས་ཀྱི་ཞལ་རྒྱུན་ལ། ལས་དང་པོ་པ་རྣམས་ཀྱིས། མིག་གིས་མིག་ལ་བལྟས་པ་ལྟར་འཇོག་དགོས། ཞེས་རང་གི་མིག་གིས་རང་གི་མིག་ལ་བལྟས་པ་ལྟར་འཇོག་དགོས་གསུངས་པ་རེད།

如果分别心一个接着一个地产生,则称为迷乱。当分别心无法继续产生,并且观察在分别心初生的本质上时,若是能够(消融)解脱于原处,则称之为解脱了分别心。如此安住之方法,噶举派先辈大德们指出:“初学者,应安住于自目看自目一般”,

ཡང༌། མིག་གིས་ལྟག་མདོར་བལྟས་པ་ལྟར་འཇོག །ཅེས་རང་གི་མིག་གིས་རང་གི་ལྟག་པ་ལ་བལྟས་པ་ལྟར་འཇོག་དགོས་གསུངས་པ་རེད། དེ་ཅིའི་ཕྱིར་དེ་ལྟར་དགོས་པ་རེད་ཟེར་ན། རྣམ་རྟོག་ཅེས་པ་འདི་ཡུལ་ལྔའི་སྟེང་དུ་སྒོ་ལྔའི་ཤེས་པ་འཕྲོ་བ་དང༌། ལྷག་པར་དུ་མིག་གི་སྒོ་ལ་བརྟེན་ནས་འཁྲུལ་རྟོག་འདི་འབྱུང་བའི་རྒྱུ་མཚན་གྱིས་ཡིན་ཏེ།

将安住在自己的眼睛看自己的眼睛一样。又说:“安住于眼睛看后颈一般”,意思是说,将自己的眼睛看自己的后颈窝一般安住。

为何需要如此安住呢?因为,所谓的分别心,由五根散乱于五境中,特别是透过眼根,便是产生迷乱现象之缘故。

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། ཀཱ་ར་ཡུལ་ལ་བཅིངས་པ་ཡིས། །འགྱུ་བའི་རྒྱུན་ཐག་གཅོད་པར་བྱེད། །ཅེས་གསུངས་པས། ཀཱ་ར། ཞེས་མིག་ལ་གོ་དགོས། ཡུལ་ལ་བཅིངས་པ་ཡིས། །ཞེས་མིག་གི་དབང་བརྟེན་དབང་ཡུལ་དེ་ཚུར་བཀུག་སྟེ་ཁ་ནང་དུ་བསྐོར་ནས་མིག་གིས་མིག་ལ་བལྟས་པ་ལྟར་འཇོག་དུས། འགྱུ་བའི་རྒྱུན་ཐག་གཅོད་པར་བྱེད། །ཅེས་མིག་གི་ཡུལ་ཤེས་ལ་བརྟེན་ནས་འགྱུ་བའི་རྣམ་རྟོག་གི་རྒྱུན་ཐག་དེ་འཆད་འགྲོ་བ་རེད་གསུངས་པ་རེད། དེ་ཡང། མིག་གིས་མིག་ལ་ལྟ་དུས་མི་མཐོང་ཡང༌། མིག་གི་ལམ་ནས་ཤེས་པ་དེ་ཕྱི་ལ་མི་བཀྲམ་པར་ཚུར་ནང་དུ་བསྐོར་ནས་འཇོག་དུས། རྣམ་རྟོག་གི་རྒྱུ་བ་འགག་འགྲོ་བ་རེད། དེའི་ངང་དུ་ཁ་ནང་དུ་ལོག་ཙམ་གྱི་ངང་ནས་སེམས་ཀྱི་ངོ་འཕྲོད་ཡོང་གསུངས་པ་རེད། ཡང༌། མིག་གིས་ལྟག་མདོར་ལྟ་དུས་ལྟག་མདོ་མི་མཐོང་ཡང༌། ཤེས་པ་ནང་དུ་བཀུག་ནས་ཁ་ནང་དུ་ལོག་ཙམ་གྱི་ངང་ནས་རིག་པའི་ཡེ་ཤེས་དེ་ངོ་འཕྲོད་ཡོང་བ་རེད་ཞེས། གསར་རྙིང་གཉིས་ཀའི་བླ་མ་རྣམས་ཀྱིས་དེ་ལྟར་གསུངས་པ་རེད།

阿底峡尊者说:“因结嘎冉境,能断行相续”,嘎冉指的是眼睛,因打结境的意思是说,勾召眼根之所缘境,并向内安住于如同自目看自目一般时,便能断“行”相续:能够断除,由眼睛取境而产生的分别念相续。也就是说,虽然眼睛看不见眼睛,但是,心通过眼睛往外不散乱,而向内安住的时候,分别念波动将会坏灭(停止),如此向内修行能够证悟本性。再者,新旧派的诸上师们说:“眼睛看后颈时虽然看不见后颈,但意识向内勾召,并向内观察,就能悟到自证智慧。

དེའི་བཞག་ཐབས་དེ་ལ། སྔོན་གྱི་བླ་མ་རྣམས་ཀྱིས་རྟོགས་ལྡན་རྒན་པོའི་ཉམས་ཁྲིད་མཛད་སྐབས། དཔེ་བཞག་ནས་གསུངས་ཡོད་པ་རེད། དཔེར་ན་མི་ཞིག་ཐག་རིང་པོ་ནས་ཡོང་བའམ། ཡང་ན། ལས་དཀའ་ཤུགས་དྲག་ཅན་ཞིག་གིས་ཐང་ཆད་སྐབས་ངལ་གསོ་ནས་གདན་ལ་འདུག་སྐབས། ལྷོད་མེ་རེ། བདེ་འབོལ་ལེ་ངལ་གསོ་བདེ་བ་ཞིག་ཡོང་བ་རེད། དེ་ཡི་ངང་ནས་ཡང་འདུག་ཅིག་བྱས་ན་དེ་ལས་ཀྱང་བདེ་བའི་ལུས་སེམས་ལྷོད་ཆ་ཅན་ཞིག་ཡོང་རྒྱུ་ཡོད་པ་རེད། དཔེ་དེ་བཞིན་དུ་ད་ལྟའི་རྣམ་རྟོག་དྲག་པོས་ཐང་ཆད་སྐབས་ཁ་ནང་དུ་ལོག་ཙམ་གྱི་ངང་ལ་བཞག་ན་བདེ་འབོལ་ལེ་བའི་གནས་ཆ་ཞིག་ཡོང་བ་རེད། དེའི་ངོ་བོ་ལ་ཡང་བལྟ་ཞིག་བྱས་ན་རིག་པའི་ངོ་འཕྲོད་ཡོང་བ་རེད་གསུངས་པ་རེད།

此安住之方法,由过去的上师按照老证士传授经验的方式引导时,举例来说:“譬如,远道而来的游客,或者疲惫不堪的劳动者,在坐下来休息之际,便有一种轻松、舒适的感受。然后将身心再次调整一下,就能够体会到更舒适、更愉快的感受。同样,由于非常强烈的分别念,感到身心疲惫之时,若向内安住,将能得到轻松、舒缓的静止感,于其本体上再次观看时,则能证悟本性。”

གནས་པའི་ཐོག་ཏུ་ཡང་བསྐྱར་གནས་པ་ཤེས་མཁན་ཞིག་ཡོད་པ་དེའི་སྟེང་དུ་འཇོག་དགོས། ཤེས་འདུག་མཁན་དེ་གོང་གི་གནས་འགྱུ་རིག་གསུམ་སྐབས་ཀྱི་དང་པོ་གནས་པ་ཤེས། དེ་ནས་འགྱུ་བ་ཤེས་འདུག་མཁན་གྱི་རིག་པ་དེ་རེད། གནས་པའི་ཐོག་ལ་འཇོག་དུས་གནས་འདུག་སྙམ་པའི་ཤེས་པ་གནས་པ་དེ་ལས་དྭངས་ཙམ་གྱི་ཤེས་པ་དྭངས་ཆ་ཅན་དེ་རྒྱུན་སྐྱོང་དགོས། གནས་པའི་ཤེས་པ་དེ་དང༌། གནས་པ་དེ་ལས་དྭངས་ཙམ་གྱི་ཤེས་པ་དེ་གཉིས་གཉིས་སུ་ཡོད་པ་ཨི་རེད་ཟེར་ན། གཉིས་སུ་ཡོད་པ་མ་རེད་གཅིག་པ་རེད། གཅིག་ཡིན་ན་ཁྱད་པར་ཅི་ཡོད་སྙམ་ན། དྭངས་ཆ་ཡོད་མེད་ཀྱི་ཁྱད་པར་ཡོད་པ་རེད་ལ།

心安住在,“静”的状态中且再次“静”的能知上。此能知者是,静、动、智三者中,首先认识“静”,然后认识“动”的,此能知者便为“智”或正念。当心安住在“静”的状态时,认识了其“静”的状态,理应保持在更加清晰、明亮的状态上。“静”的心和更清醒、明亮的心,是否是不同的两颗心呢?不是,是同一颗心。如果是同一颗心,那又有什么差别呢?便是有清醒与不清醒之差别。

དང་པོ་གནས་པ་དེའི་ངང་དུ་བསྡད་ན་དེ་ལ་ཀུན་གཞི་ཟེར་རྙོག་མ་ཅན་གྱི་ཆུ་ལྟ་བུ་དང༌། དེ་ངང་ལས་དྭངས་ཆ་དེ་རྗེན་ལ་བུད་ཡོང་བ་དེ་ལ་ཡེ་ཤེས་ཟེར་བ་རེད། ཡེ་ཤེས་ཞེས་པ་དེ་ཡང༌། ཡེ་ནས་ཡོད་པས་ཡེ་ཞེས་བྱ། །ཐམས་ཅད་ཤེས་པས་ཤེས་ཞེས་བྱ། །ཞེས་གསུངས་པ་ལྟར། ཡེ་གདོད་མ་ནས་རང་ལ་རང་ཆས་སུ་ཡོད་པའི་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་དེ། ལམ་བསྒོམས་པའི་སྟོབས་ཀྱིས་མངོན་དུ་གྱུར་པ་ཙམ་ལས་གསར་དུ་བྱུང་བ་མ་ཡིན་པ། ཡེ་ཤེས་དེ་ཡིས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་ཤེས་པ་ཞིག་ཡིན་གསུངས་པ་རེད།

如果停留在,“静”原本的状态上,则如混浊的水,称之为阿赖耶识。在此状态中,露出觉醒时,则称为智慧。而所谓的智慧,是因为,本来圆满具有,遍知一切,故称之为智慧。也就是说,自相续中本来圆满具有的自然智慧、如来藏,并非新得来的东西,而是由于道次第的修行,现前或恢复本来具有的(佛性)而已,而且智慧是轮回与涅槃一切法的遍知者。

དེ་ལྟར་རྒྱུན་སྐྱོང་དུས་དྭངས་ཆ་དང་གསལ་ཆ་ཅན་ཞིག་ཡོད་དགོས་མ་གཏོགས། དེ་ལ་རྨོངས་ཆ་ཅན། འཐིབས་ཆ་ཅན་ཞིག་ཡོད་སོང་ན་ཀུན་གཞིའི་ངང་དུ་འབྱམས་འགྲོ་བ་རེད། ཀུན་གཞིའི་ངང་ལ་འབྱམས་སོང་ན་ཀུན་གཞི་ནི་འཁོར་འདས་གཉིས་ཀྱི་གཞི། ཞེས་དེ་གཅིག་པུ་བསྒོམས་ན་གོལ་ས་ལ་འགྱུར་བ་མ་གཏོགས་དེ་ལ་འབྲས་བུ་གང་ཡང་མེད་གསུངས་ཡོད་པ་རེད། དྭངས་ཆ་དེ་རྩལ་འདོན་ནས་སྒོམ་པའི་སྐབས། དྭངས་ཆ་དེའི་ངོ་བོ་ལ་རྣམ་རྟོག་སྐྱེས་ན་སྐྱེ་ཆོག་ཆོག་ཡིན་པས་སྐྱེས་ན་ཡང༌། སྐྱེས་མ་ཐག་རྣམ་རྟོག་གིས་ཚུགས་མི་ཐུབ་ནས་གཅིག་ནས་གཉིས་སུ་བརྒྱུད་མ་ནུས་པར།

如此坚持修行的时候,意识将要清醒、明亮。若是迷迷糊糊的状态,那就是散布在阿赖耶识当中去了。如果散布在阿赖耶识当中,那便是一种误区,不会有任何成果,因为阿赖耶识是轮回和涅槃的根本。

当着重以清醒的状态而修行时,清醒的本体也是会产生分别念的,当产生分别念时,也无法继续立足。

སྔར་གྱི་དྭངས་ཆམ་མེར་ཡོད་པ་དེའི་སྟེང་དུ་སླར་འཁོར་ནས་ལྷོད་ཤིག་གེ་བདེ་འབོལ་ལེ་བ་དེའི་སྟེང་ནས་དྭངས་ཆ་དེའི་ངང་ལ་གནས་པ་ཞིག་ནམ་བྱུང་ན། དེ་དུས་རྩེ་གཅིག་གི་རང་ངོ་འཕྲོད་པ་ཞེས་སྒོམ་གྱི་སྣེ་མོའི་སྐུད་སྣེ་འདྲ་དེ་དེ་དུས་ཟིན་པ་ཡིན་གསུངས་པ་རེད། དེ་རྩོལ་བ་བྱེད། བརྩོན་འགྲུས་བྱེད། འབད་པ་བྱེད་ནས་ཡུན་རིང་པོར་མ་བསྒོམས་ན་ངོ་འཕྲོད་པ་ཙམ་གྱིས་ཉམས་ལེན་གནད་དུ་འགྲོ་མི་ཐུབ་པས། ཨོ་རྒྱན་རིན་པོ་ཆེས། ཡུན་ཐུང་གྲངས་མང་ཁང་སྟོང་ཐིགས་པ་འདྲ། །ཞེས་གསུངས་པ་ལྟར། ཡུན་ཐུང་ངུ་དང་གྲངས་མང་པོ་ལ་རྒྱུན་དུ་སྐྱོང་བའི་སྐབས། ང་ཡེངས་མི་ཉན། ང་འཁྲུལ་མི་ཉན། རིག་པའི་ཡེ་ཤེས་དེ་བརྗེད་མི་ཉན་སྙམ་པའི་དྲན་པའི་རྫི་བོ་དེ་དང་མི་འབྲལ་བར་སྐྱོང་དགོས།

而何时能再次回到原来的平静、清醒的状态上,并且能够安住在轻松、舒适的状态中,便已证悟了“专注”,也是真正地踏上了修行的道路。但是,如果对此不恒时勤奋努力的话,仅仅是证悟了也没有实际意义。如(莲花生大士)邬金仁波切说:“时短数多犹如屋内漏”,修持的时候,应以时间短,次数多的方式去修。心想:我不能散乱、不能迷乱、不能放逸,并且以正知正念来维持自证智慧。

ལྷག་པར་རྩེ་གཅིག་གི་སྐབས་འདིར་དྲན་པ་དེ་ལ་ཅུང་ཟད་ཤུགས་དྲག་ཙམ་གྱིས་རྩོལ་བ་མ་བྱས་ན། རྩོལ་མེད་ཀྱི་དྲན་པ་དེ་རང་ཤུགས་ལ་ཡོང་མི་ཐུབ་པ་རེད། དཔེར་ན། བྱིས་པ་ཆུང་ངུ་རྡོག་ཚུགས་མ་ཚུགས་ཀྱི་སྐབས་མ་ཡིས་བསྐྱོར་ནས་རྡོག་ཚུགས་པར་བྱེད་དགོས་པ་ལྟར། རྩེ་གཅིག་གི་སྐབས་འདིར་དེ་སྔོན་རྣམ་རྟོག་རྒྱ་འབྱམས་སུ་སོང་ཆེ་བའི་དབང་གིས་ཉམས་ལེན་གྱི་རྡོག་ཚུགས་མི་ཚུགས་ཀྱི་མཚམས་ཡིན་པས། རྡོག་མ་ཚུགས་བར་དུ་དྲན་པ་དེ་ཡིས་བསྐྱོར་དགོས་པས་དྲན་པ་དེ་ཡོད་དགོས་པའི་རྒྱུ་མཚན་དེ་རེད། དེ་ལྟར་རྩེ་གཅིག་གི་རང་ངོ་འཕྲོད་ཚེ་སྒོམ་གྱི་སྣེ་ཟིན་པ་རེད། སྒོམ་གྱི་སྣེ་ཟིན་པ་ཙམ་གྱིས་གང་ཡང་མི་ཕྱིན་པས་ཡར་ཡར་འགྲོ་དགོས་པ་རེད། ཡར་ཡར་འགྲོ་དགོས་ན་བསྒོམས་སྟོབས་ཀྱིས་རིམ་པས་འགྲོ་ནས་སྤངས་རྟོགས་ཀྱི་ཡོན་ཏན་རྒྱུད་ལ་འབྱོར་དགོས་པ་རེད།

特别是“专注”的时候,如果稍微不努力、加强正念,将无法生起无勤的正念。比如说,婴儿刚刚学习走路的时候,母亲帮他搀扶一样。在“专注”的时候,由于过去分别心极其松散的原因,修行能否站得住脚关键在于正念,因此离不开正念的扶助,直到打好修行的基础为止。当认别清楚了“专注”的时候,就开始进入了修行,但若仅仅是修行的开始还是不够的,还需要继续向上走。要是继续向上走,应逐步提升修行之功夫,而相续中是要获得断证功德的。

དཔེར་ན། ནད་པ་ཞིག་ལ་མཚོན་ན། རང་གི་ནད་དེ་ལ་ཕན་པའི་སྨན་དེ་མ་ནོར་བར་ངོ་ཤེས་ནའང༌། དེ་ངོ་ཤེས་པ་ཙམ་གྱིས་ནད་ལ་ཅི་ཡང་མི་ཕན་པར་སྨན་དེ་འབད་རྩོལ་གྱིས་ཡུན་རིང་པོར་ཟ་ནས་ནད་དེ་དྲག་དགོས་པ་དེ་བཞིན་དུ། མ་རིག་པའི་གཉེན་པོ་རིག་པའི་ཡེ་ཤེས་དེ་ངོ་ཤེས་ནའང༌། དེ་ངོ་ཤེས་པ་ཙམ་གྱིས་མ་རིག་པའི་དྲི་མ་དག་པ་ལ་མི་ཕན་པར་རིག་པའི་ཡེ་ཤེས་དེ་ཡུན་རིང་དུ་འབད་རྩོལ་གྱིས་བསྒོམས་ན་དེའི་རྩལ་རྫོགས་ནས་མ་རིག་པའི་དྲི་མ་དག་འགྲོ་བ་རེད།

比如说,一名病患,尽管他已经正确地熟知了他所需要的药物,但仅仅熟知了药物,对疾病本身是没有任何帮助的,只有长期坚持服药才能治好他的病。同样的道理,尽管认识了无明的对治法、自证智慧,但仅仅认识智慧,将无法清净无明垢染,而是需长期精进修持自证智慧,当智慧圆满、成熟的时候才能清净无明垢染。

དེས་ན། སྤང་བྱའི་དྲི་མ་ཐམས་ཅད་སྒོམ་སྟོབས་ཀྱིས་རིམ་པས་དག་ཡོང་དུས། རྟོགས་བྱའི་ཡོན་ཏན་ཐམས་ཅད་རིམ་བཞིན་དུ་རང་ཤུགས་ཀྱིས་རྩལ་རྫོགས་ནས་ནམ་ཞིག་ནས་སྤངས་རྟོགས་མཐར་ཕྱིན་ནས་སངས་རྒྱས་དགོས་པ་རེད། སྤངས་རྟོགས་ཀྱི་ཡོན་ཏན་དེ་དག་བརྩོན་འགྲུས་དང་རྩོལ་བ་ལ་བརྟེན་ནས་མཐར་ཕྱིན་པ་མ་གཏོགས། ངོ་འཕྲོད་པ་ཙམ་དང་གོ་བ་དང་ཐོས་པ་རྐྱང་པས་མི་ཡོང་བ།

就这样,一切所断垢染,由修所力而逐渐得以清净时,所证一切功德也自然会逐渐地圆满,最终将一切断证功德究竟圆满后便是成佛。断证功德是依靠精进努力来圆满,如果仅仅是听闻、认别、体会,是无用的。

མཉམ་མེད་དྭགས་པོ་ལ། རྗེ་བཙུན་མི་ལས་སྐུ་འཕོངས་བསྟན་པ་ལྟ་བུ་ཡིན། དེ་ཡང༌། མཉམ་མེད་དྭགས་པོ་རིན་པོ་ཆེ་ལ་རྗེ་བཙུན་མི་ལ་རས་པས་ཕྱག་རྒྱ་ཆེན་པོ་སོགས་གདམས་ངག་ཐམས་ཅད་གནང༌། དྭགས་པོ་རིན་པོ་ཆེས་ཀྱང་བསྒོམས་ནས་རྟགས་བཅུ་ཡོན་ཏན་བརྒྱད་སོགས་མངོན་དུ་གྱུར། དེ་ནས་རྗེ་བཙུན་གྱིས་ད་ནི་ཁྱེད་རང་གནས་འདི་དང་འདི་ལྟ་བུ་ལ་སྒྲུབ་པ་ཉམས་ལེན་དུ་སོང་གསུངས་ལུང་བསྟན་པ་ལྟར། དྭགས་པོ་རིན་པོ་ཆེ་ཡང་རྗེ་བཙུན་ལ་ཐུགས་འཕྲེང་བཞིན་ཕེབས། རྗེ་བཙུན་མི་ལ་ཡང་ཐུགས་འཕྲེང་བཞིན་ཆུ་ཁ་ཞིག་གི་བར་དུ་སྐྱེལ་མ་ལ་བྱོན་ནས་ཆུ་ཁ་དེར་བཞུགས།

就如同,米拉日巴尊者让无等达波仁波切看他的臀部一样。米拉日巴尊者,把大手印等所有的窍诀,传授给了无等达波仁波切,而达波仁波切精进修行,就获得了十种验相、八种功德等悉地。之后,尊者授记道:“你现在,应当前往寂静处并继续实修。”当达波仁波切遵照尊者的旨意准备告别之时,师徒二人黯然伤别,心怅怅、语哽哽、行迟迟;随后尊者便把达波仁波切送到一条河边。

དྭགས་པོ་རིན་པོ་ཆེ་ཆུ་ལས་བརྒལ་ནས་ཕེབས་སྐབས། རྗེ་བཙུན་གྱིས་འབོད་པ་མཛད་ནས་ཁྱོད་འདིར་ཤོག་གསུངས། མདུན་དུ་སླེབས་ཙ་ན་ཕ་རྒན་ངས་དེ་སྔོན་བུ་ཁྱོད་ལ་སྟོན་མ་བྲ་བའི་གདམས་ངག་ཡོད་དེ་ཁྱོད་ལ་སྟོན་གསུངས། དྭགས་པོ་རིན་པོ་ཆེས་དེ་སྔོན་མ་བསྟན་པའི་གདམས་ངག་ཇི་ལྟར་སྟོན་ཡོང་སྙམ་དགའ་དྲགས་ནས་མཎྜལ་འབུལ་དགོས་ཞུས་པས། མཎྜལ་མི་དགོས་གདམས་ངག་འདི་ཡིན་གསུངས་ནས་ན་བཟའི་སྣེ་ཡར་བརྫེས་ནས་སྐུ་འཕོང་བསྟན་ནས་ང་ཡི་གདམས་ངག་དེ་སྔོན་ཁྱོད་ལ་མ་བསྟན་པ་དེ་འདི་ཡིན་པས་ལྟོས་གསུངས། སྐུ་འཕོང་ལ་བལྟས་ཙ་ན་མི་ཡི་ཤ་ལྟར་མིན་པ་ཤ་མཁྲེགས་ཀོ་མཁྲེགས་ས་རྡོ་ལྟ་བུར་གྱུར་འདུག །འོ་ང་ཡི་གདམས་ངག་དེ་ཡིན། ད་ཁྱོད་ཀྱིས་གོའམ་གསུངས། དེ་གོ་ལགས་ཞུས། ཇི་ལྟར་གོ་གསུངས། ཁྱེད་ཀྱི་ཡོན་ཏན་འདི་ལྟ་བུ་ཞིག་ཐོབ་དགོས་ན་སྒྲུབ་པ་ལ་སྒྲུབ་ཚུགས་འཛིན་ནས་ཡུན་རིང་པོར་བསྒོམ་དགོས་པ་དེ་གོ་ལགས་ཞུས་པས།

达波仁波切启程前往,正当渡河时,尊者唤他回来。他回来后,尊者便说道:“老父我有一之前一直舍不得传授的窍诀,现在传授给你。”达波仁波切非常欢喜,认为,应该是极为殊胜的窍诀,并正准备供曼茶罗时。尊者说道:“此次不需要供曼茶罗。”于是,尊者把美衣掀起,然后将臀部指给他看,并说道:“这就是我的窍诀,之前没有给你传授过的,你便仔细看吧。”他看了之后发现,尊者的臀部皮肤粗糙、坚硬,如同土石一般,根本不像人的臀部。尊者问道:“这就是我的窍诀,你看懂了吗?”他回答:“看懂了,”尊者又问道:“看懂了什么?”他回答:“我懂得了,如果要获得像您这样的成就,必须要长期坚持苦修。”

བུ་དེ་ཡིན་ཁྱོད་ལ་གདམས་ངག་ཐམས་ཅད་རྫོགས་ཚར་བས། ད་ནི་སྒྲུབ་ཚུགས་སྙིང་རུས་ལ་ཐུག་པ་ཡིན། ངས་འཕོང་འདི་ལྟར་མ་སོང་གི་བར་དུ་བསྒོམས་པས་ཉམས་རྟོགས་འདི་དང་འདི་རྒྱུད་ལ་སྐྱེས་པ་རེད། འདི་ཙམ་ཞིག་མ་བསྒོམས་བར་དུ་ཡོང་མི་ཐུབ། ད་སྒོམ་བསྲན་གྱིས། སྙིང་རུས་གྱིས། ཨུ་ཚུགས་གྱིས་ལ་སྒོམས་གསུངས། ཡང༌། རས་ཆུང་རྡོ་རྗེ་གྲགས་པ་སྐྱེལ་མ་མཛད་སྐབས་ཀྱང་དེ་ཇི་མ་ཇི་བཞིན་མཛད་པ་རེད། དེ་གཉིས་ཁོང་གི་ཐུགས་སྲས་ཉི་ཟླ་ལྟ་བུ་ཞེས་ཐུགས་སྲས་ཀྱི་གཙོ་བོ་གཉིས་རེད། དེ་གཉིས་ལ་གདམས་ངག་ཐམས་ཅད་ཡོངས་སུ་རྫོགས་ཚར་དུས་གདམས་ངག་མཐར་ཐུག་ལ་སྐུ་འཕོང་བསྟན་རྒྱུ་ཡོད་པ་རེད། དེ་ལ་གོ་རྒྱུ་ཆེན་པོ་ཡོད་པ་རེད། ཞེས་པ་འདི་ནི་སྐྱབས་རྗེ༧གྲུབ་རིགས་ཁྱུ་མཆོག་རིན་པོ་ཆེས་གསུངས་པའི་སྒྲ་ཐག་ལས། ཝཾ་དགོན་གྲྭ་ཀརྨ་ངག་དབང་གིས་བཤུས་ཤིང་། འབྲུག་ཧེ་རུ་དགོན་པའི་མཁན་པོ་ཨོ་རྣམ་མཆོག་ནས་དག་སྒྲིག་དང་། སླད་ནས་བླ་མ་རིན་པོ་ཆེའི་ཞལ་སློབ་འབྲུག་པ་བསྟན་འཛིན་རྒྱ་མཚོ་དང་དོན་བརྒྱུད་བསྟན་འཛིན་གཉིས་ཀྱིས་བསྐྱར་དུ་ཞུས་པའོ།། །།

尊者便道:“徒儿,正是如此,你已经圆满了所有的窍诀,现在,就是你精勤修行的时候了。我曾经因为苦修,臀部便成了这般模样,所以在相续中才能获得如此功德,若不是经过这样修行是不会得到的。因此,修行时需要苦修、需要克服、需要坚持”。

当尊者,送行日琼巴多杰扎巴的时候也是做了同样的行为,达波仁波切和日琼巴是米拉日巴尊者的两大意子,号称“如日月一般的两大意子”。两大意子圆满地接受了所有窍诀,最后的一门窍诀,那便是让他们看看尊者的臀部,其中便含有深奥的密义。

怙主阿德仁波切讲解,旺龙寺喇嘛尕玛昂旺从录音中笔录,竹海日寺俄南堪布校对整理,由古普·钦哲活佛译汉。

主页