Skip to content

༄༅། །ཕྱག་ཆེན་ཁྲིད་རིམ་མདོར་བསྡུས་སྔོན་འགྲོ་དངོས་གཞི་ཐམས་ཅད་ཚང་བ་

སྒོམ་འདོན་བྱ་རྒྱུ་བཞུགས་སོ། །

大手印简易引导次第前行与正行念修文

མདོ་ཁམས་པ་ཀུན་དགའ་བསྟན་འཛིན་གྱིས་མཛད།

多康巴·棍嘎定增 著

སྐྱབས་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །

མ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །

བློ་རྩེ་གཅིག་གུས་པས་གསོལ་བ་འདེབས། །

བདག་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །

怙主根本传承师,

本尊空行诸护法,

一心恭敬而祈祷,

祈求慈悲加持吾。

ཚེ་འཁོར་བ་ཐོག་མ་མེད་པ་ནས། །

ལུས་གྲངས་མེད་བརྗོད་འདས་བླངས་གྱུར་ཀྱང་། །

རྟེན་དལ་འབྱོར་ཐོབ་པ་ད་རེས་ཙམ། །

འདི་དོན་མེད་སོང་ན་ཤིན་ཏུ་གནོད། །

始从无始轮回中,

虽然投生无数次,

获得暇满惟此时,

若此虚度极可惜。

སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ། །

དགོས་ཚེ་འདི་ནམ་འཆི་ངེས་པ་མེད། །

རང་འཆི་སྐབས་དགོས་པ་དམ་པའི་ཆོས། །

ལོང་མེད་ཀྱི་བརྩོན་འགྲུས་བྱ་རེ་རན། །

一切有为本无常,

今世死期尤不定,

逝时所需即妙法,

故当精进修正法。

ལས་རྒྱུ་འབྲས་བསླུ་མེད་རང་སྨིན་པར། །

དགེ་སྡིག་ལ་འཆོལ་སྤྱོད་ཅི་ལ་ཕོད། །

ཁམས་གསུམ་གྱི་འཁོར་བ་མེ་འོབས་ན། །

ཚུད་གྱུར་ན་བཟོད་ཐབས་ཅི་སྟེ་ཡོད། །

因果不虚自受报,

岂敢善恶错乱行,

三界轮回火坑中,

若入怎能忍其苦。

དོན་དེས་ན་ཚེ་འདི་རྨི་ལམ་ལ། །

ཞེན་ཆགས་པའི་འཁྲུལ་དབང་མ་ཡིན་པའི། །

མཆོག་ཡང་ཟབ་སྙིང་པོའི་གདམས་ངག་རིམ། །

དུས་རྣམ་ཀུན་ཉམས་ལེན་འདི་ལྟར་བྱ། །

因而今世之梦境,

不贪不著不迷乱,

胜深窍诀之次第,

时时如实当实修。

སྐྱབས་བསླུ་མེད་རྩ་བ་དཀོན་མཆོག་གསུམ། །

དུས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །

མ་ཁམས་གསུམ་འཁོར་བའི་དོན་གྱི་ཕྱིར། །

དཔལ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག།

无欺怙主佛法僧,

直至菩提永皈依,

为度三界轮回众,

愿得圆满正等觉。

རང་སྤྱི་གཙུག་རིན་ཆེན་ཁྲི་གདན་སྟེང་། །

མགོན་དྲིན་ཆེན་རྩ་བའི་བླ་མ་དེ། །

སྐུ་མཚན་དཔེའི་འོད་ཟེར་སྣང་བ་ཅན། །

གསུང་ཚངས་དབྱངས་ཟབ་རྒྱས་གདམས་པའི་མཛོད། །

吾之头顶宝座上,

怙主大恩根本师,

相好光芒之形相,

深广窍诀梵音声。

ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་དབྱིངས། །

རྗེ་བརྒྱུད་པའི་བླ་མ་མཆོག་གསུམ་དང་། །

ལྷ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །

སྐྱབས་ཐམས་ཅད་འདུས་པའི་བདག་ཉིད་དཔལ། །

遍智一切虚空境,

三宝传承上师尊,

本尊空行护法众,

一切怙主之本体。

བདག་འདི་ཕྱི་དུས་ཀུན་རེ་ལྟོས་ཡུལ། །

རྗེ་བླ་མ་ཁྱེད་ལས་གཞན་མེད་པས། །

དུས་ཇི་སྲིད་བར་དུ་ཐུགས་རྗེས་ཟུང་། །

བྱིན་རླབས་འཕོ་བའི་དབང་མཆོག་སྩོལ། །

གསང་གསུམ་གྱི་བྱིན་རླབས་རང་ལ་ཞུགས། །

མཐར་བླ་མ་འོད་ཞུ་རང་ལ་ཐིམ། །

吾之永世皈依处,

惟有根本上师尊,

始终慈悲摄受吾,

祈求加持赐灌顶,

三密加持融入吾,

上师化光入自身。

ཐུགས་རང་སེམས་དབྱེར་མེད་གཅིག་འདྲེས་དང་། །

སེམས་མ་བཅོས་མ་ཡེངས་དྲན་པ་འདི། །

སྒོམ་ཕྱག་རྒྱ་ཆེན་པོའི་གཞུང་ལམ་ངེས། །

གཞན་འཚོལ་དོན་མ་མཆིས་འདི་ཀོ་རང་། །

འདི་ཡིན་ལུགས་སྟེང་དུ་མཉམ་པར་ཞོག །

师意吾心合为一,

心不散漫之正念,

即修大手印之道,

此境不应它处觅,

如如不动而安住。

གཤིས་རྣམ་རྟོག་སྣ་ཚོགས་འཕྲོ་བ་དང་། །

ཕྱི་ཡུལ་གྱི་སྣང་བ་འདི་རྣམས་ཀུན། །

རང་རིག་པའི་ངོ་དང་རང་མདངས་ལས། །

དོན་གཞན་མིན་དགག་སྒྲུབ་བྱེད་དོན་མེད། །

本性所起诸寻思,

外境所现诸现象,

皆是自性中显现,

故而不应破与立。

གང་གནས་ན་དེ་ཡི་ངོ་ཐོག་ཀློད། །

ཡུལ་འཕྲོ་ན་འཕྲོ་མཁན་རང་ཞལ་ལྟོས། །

དུས་སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །

རྒྱུན་མ་བརྗེད་དྲན་པ་འབྲལ་མེད་བསྟེན། །

松于当下心之上,

若现应观能现面,

恒常一切威仪中,

坚持不离其正念。

རྐྱེན་བཟང་ངན་ཐ་མལ་མ་ཡིན་པའི། །

དྲན་རིག་པའི་རྩིས་བཟུང་ལམ་དུ་ཁྱེར། །

ཉམས་བདེ་རྩུབ་མཐོ་དམན་རྩིས་གདབ་བྲལ། །

ཅི་ཤར་གྱི་སྟེང་ཀློད་རྒྱན་དུ་ཁྱེར། །

顺缘逆缘非平凡,

明智摄持且道用,

苦乐觉受勿取舍,

所现之上住自然。

ཐ་མལ་གྱི་ཤེས་པ་གཉུག་མ་འདི། །

ཡེ་དག་གི་ཆོས་སྐུ་ལེགས་རྟོགས་པའི། །

འབྲས་གཞི་ཐོག་ཕན་པ་འབྱུང་གྱུར་བར། །

ཚུལ་འདི་བཞིན་རྩེ་གཅིག་འབད་པར་རིགས། །

本性平凡之意识,

了知本净之法身,

果乃证得基位上,

如实专心而精进。

དེ་ལྟར་ཕྱག་ཆེན་གྱི་ཁྲིད་རིམ་མདོར་བསྡུས་པའི་སྔོན་འགྲོ་དངོས་གཞི་ཚང་མ་འདོན་བསྒོམ་བྱ་རྒྱུར་དམིགས་ནས་༧ངག་དབང་ཀུན་དགའ་བསྟན་འཛིན་གྱིས་མཛད་པ་དུས་རྣམས་ཀུན་ཏུ་ཉམས་སུ་ལེན་པ་གལ་ཆེ། མངྒ་ལཾ།

如此大手印简易引导次第前行与正行之念修文,由昂旺棍嘎定增著作,在日常生活中实际修行尤为重要。愿吉祥!古普·钦哲译汉。

主页