Skip to content

༄༅། །ཕྱག་རྒྱ་ཆེན་པོ་ཐོག་བབས།།

降雷大手印

ཀརྨ་པ་དུས་གསུམ་མཁྱེན་པས་མཛད།

噶玛巴·杜松虔巴 著

ན་མོ་གུ་རུ།

顶礼上师!

ཕྱག་རྒྱ་ཆེན་པོ་ཐོག་བབས་འདི་ལ་བཞི་སྟེ།

此降雷大手印全文分四:

ངོ་བོ་གསུམ།  ངེས་ཚིག་བཞི། གོལ་ས་གསུམ། བཞག་ཐབས་བཞིའོ།

(一)、三自性;(二)、四真义;(三)、三误区;(四)、四安住。

ངོ་བོ་གསུམ་ནི།

(一)、三自性:

སེམས་མ་བཅོས་པ།

心无改造;

རྩོལ་སྒྲུབ་མེད་པ།

无所精勤;

བྱུང་ཚོར་སེམས་སུ་ཤེས་པའོ།

了知所现为心。

ལམ་གྱི་དུས་སུ་མ་བཅོས་པ་ལྟ་བ་ཡིན།

道位时心无改造即见;

རྩོལ་སྒྲུབ་མེད་པ་སྒོམ་པ་ཡིན།

无所精勤即修;

བྱུང་ཚོར་སེམས་སུ་ཤེས་པ་སྤྱོད་པ་ཡིན།

了知所现为心即行。

འབྲས་བུའི་དུས་སུ་མ་བཅོས་པ་ཆོས་སྐུ་ཡིན།

果位时心无改造即法身佛;

རྩོལ་སྒྲུབ་མེད་པ་ལོངས་སྐུ་ཡིན།

无所精勤即报身佛;

བྱུང་ཚོར་སེམས་སུ་ཤེས་པ་སྤྲུལ་སྐུའོ།

了知所现为心即化身佛。

དེ་ནི་མ་བཅོས་པ་གསེར་གྱི་ས་གཞི་དང་འདྲ།

心无改造,则如黄金地;

རྩོལ་སྒྲུབ་མེད་པ་གསེར་གཡའ་དག་པ་དང་འདྲ།

无所精勤,则如黄金清净无垢;

བྱུང་ཚོར་སེམས་སུ་ཤེས་པ་ནི་གསེར་ལ་གཟུགས་བརྙན་སྣ་ཚོགས་བྱས་ཀྱང་གསེར་ལས་མ་གཡོས་པ་དང་འདྲའོ། །

了知所现为心,则如黄金打造成各种形象,但仍不离于黄金。

ངེས་ཚིག་བཞི་ནི།

(二)、四真义:

ཉོན་མོངས་པ་སྤང་དུ་མེད་དེ་རང་གི་སེམས་ཡིན།

烦恼无所断除,即是自心之缘故;

གཉེན་པོ་བསྟེན་དུ་མེད་དེ་སེམས་ལ་གཉིས་སུ་མེད་པ་ཡིན།

对治法无所依止,即能所不二之缘故;

དེ་བཞིན་ཉིད་ལ་བསྒོམ་དུ་མེད་དེ་ངོས་གཟུང་དང་བྲལ་བ་གཅིག་ཡིན།

真如本性无所修持,即远离辨认之缘故;

སེམས་རྟོགས་ན་ཡེ་ཤེས་ཡིན་གྱི།   སངས་རྒྱས་གཞན་དུ་མི་བཙལ་བའོ།

了知自心即是智慧,无需别处另寻佛。

གོལ་ས་གསུམ་ནི།

(三)、三误区:

ཡར་སངས་རྒྱས་ལ་རེ་ན་གོལ།

上希求佛果则是误区;

མར་ངན་སོང་དུ་དོགས་ན་གོལ།

下忧虑恶趣则是误区;

སྣང་བ་འདི་ལ་ཐད་སོར་ཞེན་ན་གོལ།

贪著诸现象则是误区。

བཞག་ཐབས་བཞི་ནི།

(四)、四安住:

ཆུ་མ་རྙོག་ན་དྭངས་བ་བཞིན་དུ་སེམས་མ་བཅོས་པ་བཞག

如水不搅则清一般,心无改造而安住;

ཉི་མ་སྤྲིན་དང་བྲལ་བ་བཞིན་དུ་ཚོགས་དྲུག་ལྷུག་པར་བཞག

如太阳离云一般,六聚放松而安住;

བྱ་འཕུར་བའི་རྗེས་བཞིན་དུ་རིག་པ་རྟེན་མེད་དུ་བཞག

如鸟飞不留迹一般,内心无缘而安住;

ཆུ་བོའི་རྒྱུན་བཞིན་དུ་དུས་ནམ་ཡང་སྤྱོད་ལམ་ཅི་བྱས་ཀྱང་མ་ཡེངས་པར་བཞག་པའོ། །

如川流不息一般,恒时于一切威仪中不散不乱而安住。

དཔེར་ན་འཇིག་རྟེན་ན་ཐོག་གཅིག་བབས་ན་ཅི་ལ་ཡང་མི་རྡུགས་པ་བཞིན་དུ་རང་གི་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ན་དངོས་པོ་དང་མཚན་མ་གང་གི་ཀྱང་སྒྲིབ་པར་མི་ནུས་གསུངས་སོ།

云:“比如说,世上若降下雷电,是没有任何办法可以阻挡。同样,自己若证悟了大手印之义,任何有相实物都不能障碍自心。”

རྗེ་དུས་གསུམ་མཁྱེན་པའི་ཕྱག་རྒྱ་ཆེན་པོ་ཐོག་བབས་ཞེས་བྱ་བའོ།  །

由古普·钦哲翻译,陈润泽居士校对汉文。

主页