Skip to content

༄༅། །སྐྱབས་འགྲོའི་སྡོམ་པ་འབོགས་ཆོག་བཞུགས་སོ།།

传授三皈戒仪轨

法王白玛嘎波 著

འོ། ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་འདོད་པ་དེ་ཤིན་ཏུ་སྐལ་པ་བཟང༌། དེ་ཡང་བསྟན་པ་ལ་རིམ་གྱིས་འཇུག་དགོས་ཏེ། རི་ཆེན་པོ་ལ་རིམ་གྱིས་འཛེག །རྒྱ་མཚོ་ཆེན་པོ་ལ་བགས་ཀྱིས་གཞོལ་ཟེར་བ་ལྟ་བུ། མདོ་རྩར། དགེ་བསྙེན་ཉིད་དང༌། དགེ་ཚུལ་ཉིད་དང༌། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ། །ཞེས་གསུངས་པས་ཐོག་མར་དགེ་བསྙེན་གྱི་སྡོམ་པ་བླང་དགོས།

哦!汝当欲入佛门,实属极为殊胜之因缘。此亦,应以次第进入佛教,如云:“大山步步爬,大海缓慢过。”《律经根本律》中亦云:“居士、沙弥、诸比丘,未受前戒者不应受后戒”,因此,先要受居士戒。

དེ་ཡང་སྐྱབས་འགྲོ་རྩོམ་བྱེད་དུ་བྱས། དགེ་བསྙེན་དུ་ཁས་བླངས་པ་ལས་ཐོབ་པ་ཡིན་པས་སྐྱབས་འགྲོ་རྩོམ་བྱེད་དུ་བྱེད་པའི་དོན། སངས་རྒྱས་ལ་སྟོན་པ། ཆོས་ལ་སྐྱབས་གནས་ཀྱི་དངོས་གཞི། དགེ་འདུན་ལ་ལམ་བསྒྲུབ་པའི་ཟླ་གྲོགས་ཞུ་བ་ཡིན་པས་དགེ་བསྙེན་དུ་ཁས་ལེན་ཚུལ་ནི་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་གྱི་བསླབ་པ་བླངས་ནས་བསྲུང་སྙམ་པས། ཐོག་མར་སྟོན་པའི་སྐུ་གཟུགས་ལ་ཕྱག་གསུམ་འཚོལ། ངེད་ལ་དགེ་བསྙེན་གྱི་སྡོམ་པ་ཞུ་སྙམ་པས་ཕྱག་གསུམ་འཚོལ།

此亦,皈依三宝为前提,并接受居士戒而能获得。皈依三宝为前提之意:以佛为导师,法为真实皈依处,僧为修道之友伴的方式而皈依三宝。

接受居士戒的方法:

心想:直至命存,我要接受居士戒、守护居士戒。

首先向佛像顶礼三次,而后心想:我要受居士戒,并向上师顶礼三次。

དེ་ནས་མདུན་དུ་པུས་མོ་བཙུགས། ལག་པ་གཉིས་ཐལ་མོ་སྦྱར་ལ་ཙོག་ཙོག་པུར་སྡོད་ཅིང་འདི་ཡི་རྗེས་ཟློས་གྱིས། ༉ བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། ལན་གཉིས།

于是在面前跪下,双手合掌,端端而坐。而后随我附念:尊者存念,我弟子(个人名字),始从今日,乃至命存,皈依佛,两足中尊;皈依法,离欲中尊;皈依僧,诸众中尊。我直至命存,祈请尊者摄受为三皈居士。附念两次

གསུམ་པ་འདིའི་སྐྱབས་བརྗོད་པ་དང་བདག་བརྗོད་པ་གཉིས་ཐལ། གཞན་བརྗོད་པའི་དགེ་བསྙེན་དུ་ཞེས་པའི་དུས་ན་ཁྱོད་ཀྱི་རྒྱུད་ལ་དགེ་བསྙེན་གྱི་སྡོམ་པ་སྐྱེ། དེའི་ཚེ་ངེད་ཀྱང་སློབ་དཔོན་དུ་འགྱུར་བ་ཡིན་པས་དེ་ལྟར་ཡིད་ལ་ཞོག་ལ་ལན་གསུམ་པ་འདིའི་རྗེས་ཟློས་གྱིས། བཙུན་པ་དགོངས་སུ་གསོལ་སོགས་ནས། དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ། སློབ་དཔོན་གྱིས། ཐབས་ཡིན་ནོ། སློབ་མས། ལེགས་སོ། ཞེས་བརྗོད།

第三次附念“我弟子”和“皈依”结束后,当附念他之“三皈居士”之时,在你的相续中便获得了居士戒,同时我也成为了阿阇黎(轨范师),如此心想并随我附念:尊者存念,我弟子(个人名字),始从今日,乃至命存,皈依佛,两足中尊;皈依法,离欲中尊;皈依僧,诸众中尊。我直至命存,祈请阿阇黎摄受为三皈居士。

阿阇黎:“此乃方便!”弟子:“善!”。

སྡོམ་པ་ཐོབ་ཀྱང་མ་བསྲུངས་ན་ཕན་ཡོན་ཆེན་པོ་མི་འབྱུང༌། ཉེས་དམིགས་ཆེན་པོ་འབྱུང་བས་བསྲུང་དགོས། དེ་ལ། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་ཕྱག་མཆོད་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་པ་སྤོང༌། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང་མཚན་མི་མཐུན་པ་དང་ཞག་འགྲོགས་མི་བྱེད། ཐུན་མོང་གི་བསླབ་བྱ་ལ། སྐྱེས་བུ་དམ་པ་རྣམས་ལ་བསྟེན། དམ་པའི་ཆོས་ཉན། ཚུལ་བཞིན་ཡིད་ལ་བྱ་བ། ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་སྟེ་བཞི་དང༌། དབང་པོ་མི་རྒོད་པ་དང༌། སྡོམ་པ་ཅི་ནུས་སུ་ལེན་པ། སེམས་ཅན་ལ་སྙིང་བརྩེ་བ། དཀོན་མཆོག་མཆོད་པ་ལ་བརྩོན་པར་བསླབ་པ་རྣམས་ཡིན། འོན་ཀྱང་དེ་སྐྱབས་སུ་འགྲོ་བ་ཙམ་གྱི་བསླབ་བྱ་ཡིན། སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནོ། །གཙུག་ཕུད་འབྲེག་པར་སྤྲོའམ། སློབ་མས། སྤྲོ་ལགས། ཞུ། གཙུག་ཕུད་འབྲེག །མིང་བཏགས།

尽管获得了三皈戒,但如若不守持戒律,则非但没有功德,反而会产生很大过患,因此一定要守持律仪。

一、所断学处:皈依佛之后,不应顶礼和供奉世间之天地鬼神。皈依法之后,应断除伤害众生之事。皈依僧之后,不应与外道相处。不应与异性过夜(此戒是梵净行居士之所断学处)。

二、共同学处:即依止善知识,听闻佛法,如实思维,如法修行,诸根清净,尽量受戒,悲悯众生,精进供养三宝。

但是,这仅仅是皈依三宝之学处,即三皈居士。

阿阇黎:“乐意剃发否?”,弟子:“乐意。”,旋即予以剃发,赐法名。

ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །
ཚངས་པར་སྤྱོད་པའི་ཚེ་མཐར་ཕྱིན་པར་གྱུར་ཅིག །
ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །
སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ་རབ་ཏུ་བྱུང་བའི་སྐལ་པ་རྒྱུད་ལ་སྐྱེ་བ་དང་མི་འབྲལ་བར་གྱུར་ཅིག །
ལན་གསུམ།

祈愿坚固解脱幢,祈愿梵净行一生,
祈愿圆满诸戒蕴,祈愿永世不离于相续中生起出家之因缘。
念三遍

ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །
ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །
རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །
ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །

持戒无缺减,得佛净尸罗,
以无所住故,具戒波罗蜜。

རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །
བཟང་པོ་སྤྱོད་པ་ཡོངས་སུ་རྗོགས་བྱེད་ཅིང༌། །
ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །
རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །

我为菩提修行时,一切趣中成宿命,
常得出家修净戒,无垢无破无穿漏。

ལུས་ལ་ཆོས་གོས་གསུམ་གྱི་བཀྲ་ཤིས་ཤོག །
ངག་ལ་སྡེ་སྣོད་གསུམ་གྱི་བཀྲ་ཤིས་ཤོག །
སེམས་ལ་བསླབ་པ་གསུམ་གྱི་བཀྲ་ཤིས་ཤོག །
ཀུན་ལ་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །

于身法衣愿吉祥,于语三藏愿吉祥,
于意三学愿吉祥,于诸三宝愿吉祥。

འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །
བདེ་བ་ཐམས་ཅད་འབྱུང་བའི་གནས། །
བསྟན་པ་རྙེད་དང་བཀུར་སྟི་དང༌། །
བཅས་ཏེ་ཡུན་རིང་གནས་གྱུར་ཅིག །

愿除苦良药,一切安乐源,
教法伴利敬,长久住世间。

སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང༌། །
བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །
བསྟན་འཛིན་དཔོན་སློབ་བཤད་སྒྲུབ་རྒྱས་པ་ཡིས། །
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

佛陀出生于世间,佛法亮如日光芒,
师徒弘扬讲修法,佛法常住愿吉祥。

༈ སྐྱབས་འགྲོའི་བསླབ་བྱ་ལ།

皈依之学处

དགག་པའི་བསླབ་བྱ་ནི་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་ཕྱག་མཆོད་མི་བྱ་བ་སོགས་གསུམ་གོང་དུ་བཤད་པ་ལྟར།

所断学处:皈依佛之后,不应顶礼和供奉世间之天地鬼神等如上所述。

སྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་བརྙན་ཆག་དུམ་ཡན་ཆད་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། ཆོས་ལ་སྐྱབས་སུ་སོང་ནས་གསུང་རབ་ཡི་གེ་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་གི་འདུ་ཤེས་བསྐྱེད། དགེ་འདུན་ལ་སྐྱབས་སུ་སོང་ནས་རབ་བྱུང་གི་ན་བཟའི་རས་མ་ལྷན་པ་དམར་པོ་ཡན་ཆད་ལ་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བསྐྱེད་དགོས་པ་ཡིན།

所修学处:皈依佛之后,应当对包含破损的佛像在内,所有佛像皆生起佛宝想。皈依法之后,应当对一个单字在内的经文皆生起法宝想。皈依僧之后,应当对一块红色僧衣补丁在内,皆生起僧宝想。

ཐུན་མོང་གི་བསླབ་བྱ་ལ། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤང༌། །དགོས་གལ་ཆེ་ཡང་ཐབས་གཞན་མི་འཚོལ་ཞིང༌། །དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་འགོད། །གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ། །ལྔ་རྣམས་ཐུན་མོང་བསླབ་བྱར་ཇོ་བོས་བཞེད། །ཅེས་གསུངས།

共同学处:

如云:“不为生命奖赏舍三宝,意义重大不寻他方法,不断供养令自他皈依,顶礼所去方向之诸佛,觉沃杰许五共同学处。”

༈ སྐྱབས་འགྲོའི་ཕན་ཡོན་བརྒྱད་ནི། ༡ ནང་པ་སངས་རྒྱས་པར་ཚུད་པ། ༢ སྡོམ་པ་གོང་མ་རྣམས་ཀྱི་རྟེན་ཏེ་རྨང་གཞི་བྱེད། ༣ སྔར་བྱས་ཀྱི་སྡིག་པ་སྲབ་ཅིང་འཛད། ༤ མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས། ༥ བསམ་པའི་དངོས་པོ་འགྲུབ། ༦ བསོད་ནམས་ཆེན་པོའི་རྒྱུ་རུ་འགྱུར། ༧ ངན་སོང་དུ་མི་ལྷུང། ༨ སངས་རྒྱས་ཐོབ་པའི་རྒྱུར་ཡང་དག་པར་འགྱུར་བ་བཅས་སོ།།

八种皈依之功德:1、成为了佛教徒;2、奠定了上戒的基础;3、减轻并能消除过去所造恶业;4、人与非人无法障碍;5、能够心想事成;6、能变成广大福德之因;7、永不堕入恶趣;8、能变成成佛之真实因。

༈ ཚངས་སྤྱོད་དགེ་བསྙེན་འབོགས་སྐབས་གཞན་སྔར་ལྟར་ལ། དགེ་བསྙེན་རང་གི་བསླབ་བྱ་རྩ་བཞི་ཆང་དང་ལྔ་སྤོང་བ་ཡིན། སྤང་མི་ཤེས་སོ་སྙམ་ན། སྤང་བྱ་དེ་རྣམས་དགྲ་བཅོམ་པ་རྣམས་ཀྱིས་ལུས་ངག་གིས་སྤངས་ཏེ། ཡིད་ཀྱིས་སླར་ལྡོག་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་སྤང་བར་བགྱིའོ་སྙམ་པས་འདི་ཡི་རྗེས་ཟློས་གྱིས།

受梵净行居士戒时,其它和之前一样。在此,要断除居士自己的所断四根本及诸酒。若不知如何去断除此一切,则如此心想:诸阿罗汉如何于身语中断除,如何于意中回头,我也如是断除一切。后随我附念:

༉ སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོ་ཡི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་ཇི་སྲིད་འཚོ་ཡི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །

ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །

阿阇黎存念,过去诸圣阿罗汉,直至命存,如何断除杀生,如何从杀生中回头。我弟子(个人名字),始从今日,乃至命存,亦断除杀生,从杀生中回头。

以此一支,随学、随修、随行于诸圣阿罗汉之律仪。

གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོ་ཡི་བར་དུ་མ་བྱིན་པ་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུ་ཡི་ཆང་དང༌། བཅོས་པའི་ཆང༌། མྱོས་པར་འགྱུར་བ། བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། མ་བྱིན་པ་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུ་ཡི་ཆང་དང༌། བཅོས་པའི་ཆང༌། མྱོས་པར་འགྱུར་བ། བག་མེད་པའི་གནས་ལས་སླར་ལོག་པར་བགྱིའོ། །

ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ།། ལན་གསུམ། ཐབས་ལེགས་བྱ། འོ་དེས་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་དངོས་པོར་གྲུབ་ཟིན་པས། སྤང་བླང་གི་གནས་ལ་བག་ཡོད་པར་གྱིས་ཤིག །

此外,过去诸圣阿罗汉,直至命存,如何从偷盗、邪淫、妄语、谷酒、酒粉等沉醉及放逸中回头。我弟子(个人名字),始从今日,乃至命存,亦从偷盗、邪淫、妄语、谷酒、酒粉等沉醉及放逸中回头。

以此五支,我随学、随修、随行于诸圣阿罗汉之律仪。附念三次。

阿阇黎:“此乃方便!”弟子:“善!”。

哦!依此而获得了梵净行居士戒,因此请勿放逸取舍。

ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །སོགས་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་དགེ་ལེགས་སུ་བྱའོ།། །།རྗེ་པདྨ་དཀར་པོས་མཛད་པའི་སོ་ཐར་འབོགས་ཆོག་བསྟན་པའི་སྙིང་པོ་ལས་ཁོལ་དུ་ཕྱུང་བའོ།།

祈愿坚固解脱幢,祈愿梵净行一生, 祈愿圆满诸戒蕴,祈愿永世不离于相续中生起出家之因缘。等念诵回向、发愿、吉祥文。

此乃法王白玛嘎波所著,于《授别解脱戒仪轨教法精要》中摘取。古普·钦哲仁波切译,央措居士和降巴居士校对汉文。

主页