Skip to content

༄༅། །མར་མེ་སྨོན་ལམ་བཞུགས་སོ།།

供灯祈请文

མཆེད་ལྕམ་རྣམས་ཀྱི་ལག་ཏུ་མར་མེ་རེ་དང་སྤོས་ཀྱི་རེང་བུ་རེ་ཐོགས་ཏེ་དཀྱིལ་འཁོར་གྱི་མཐའ་ནས་བསྐོར་ཞིང་མགྲིན་གཅིག་ཏུ་འདི་སྐད་དུ།

诸位金刚兄弟姐妹,各自手持酥油灯与妙香,环绕坛城,一同同声念诵:

ཨོཾ་ཨཱཿ ཧཱུྃ།

嗡啊吽

མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་ཅིག། སྙིང་པོ་ནི་རི་ཡི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག། འོད་ནི་སྲིད་པའི་རྩེ་མོ་ནས་ན་རག་གི་དམྱལ་ཁམས་ཡན་ཆད་གསལ་བར་གྱུར་ཅིག། མར་མེ་འདི་དག་ཕྱོགས་བཅུ་དུས་གསུམ་ན་གཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱི་བློ་མ་རིག་པའི་མུན་པ་གསལ་ནས་ཡེ་ཤེས་དག་པ་ཆེན་པོའི་སྣང་བ་རྒྱས་པར་གྱུར་ཅིག།

愿油灯之容器等同三千大千世界,愿灯心如须弥山王,愿灯光照亮有顶天到阿鼻地狱,愿这一盏盏油灯显现在十方三世一切诸佛菩萨面前,且辗转增长;愿以此遣除一切众生内在的无明黑暗,令大清净智慧之光芒得以增长。

ༀ་བཛྲ་ཨཱཿཿ ལོཀེ་ཧྲཱིིི།

嗡班杂啊洛给舍

ཧཱུྃྃ། ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །

ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །

སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །

འོད་ཟེར་སྣང་བས་ཕྱོགས་ཀུན་ཁྱབ་གྱུར་ཅིག།

吽!

焚烧烦恼消除无明暗,

具足智慧光芒之油灯,

宛若无云晴空之日光,

愿以此缕光芒遍十方。

ༀ་ན་མཿ སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ལོཀེེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿ ཧཱུྃྃ།

嗡那玛 萨哇达他噶达 班杂啊洛给 扎地杂崩杂美噶 萨门扎萨法惹那 萨玛耶啊吽。古普·钦哲仁波切译。

主页