Skip to content

༄༅། །སྣང་བ་དབང་སྡུད་ཀྱི་གསོལ་འདེབས་དཀར་པོ་ཆིག་ཐུབ་སྤྱིལ་དཀར་བ་ཆེན་པོས་མཛད་པ་བཞུགས་སོ།།

怀柔现象之祈祷文

白参一足矣

吉嘎瓦大师 著

ན་མོ་གུ་རུ།

རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །

ཕྲིན་ལས་ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

拿摩古汝!

三世一切诸佛之,身语意及其功德,

事业五智之自性,

皈依上师佛陀仁波切,皈依至尊佛陀仁波切。

དཀོན་མཆོག་ཀྱང་བླ་མ་རིན་ཆེན་ཡིན། །འཁོར་བའི་རྒྱ་མཚོ་མ་སྟོང་བར། །

འགྲོ་བ་ཡོངས་ཀྱི་སྐྱབས་མགོན་མཛད། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

佛法僧即上师宝,未空轮回苦海间,

胜任诸众之依怙,

皈依上师佛陀仁波切,皈依至尊佛陀仁波切。

བཀའ་བརྒྱུད་ཀྱང་བླ་མ་རིན་ཆེན་ཡིན། །འདས་དང་མ་འོངས་ད་ལྟ་རུ། །

སྐུ་ཡི་བཀོད་པ་བསམ་མི་ཁྱབ། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

噶举师即上师宝,过去现在未来世,

不可思议身变化,

皈依上师佛陀仁波切,皈依至尊佛陀仁波切。

ཡི་དམ་ཡང་བླ་མ་རིན་ཆེན་ཡིན། །གཟུགས་སྐུའི་སྣང་བ་སྣ་ཚོགས་པ། །

མཐའ་དག་མ་ལུས་རྫོགས་པར་མཛད། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

本尊亦即上师宝,显现种种色身象,

一切无余悉圆满,

皈依上师佛陀仁波切,皈依至尊佛陀仁波切。

མཁའ་འགྲོ་ཡང་བླ་མ་རིན་ཆེན་ཡིན། །སྐྱེ་མེད་ཆོས་སྐུའི་ངང་དུ་བཞུགས། །

སྣང་བ་བདེ་སྟོང་དུ་བྱིན་གྱིས་རློབས། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

空行母即上师宝,安住无生法身境,

加持现象显乐空,

皈依上师佛陀仁波切,皈依至尊佛陀仁波切。

ཆོས་སྐྱོང་ཡང་བླ་མ་རིན་ཆེན་ཡིན། །སངས་རྒྱས་བསྟན་ལ་གནོད་བྱེད་པའི། །

མི་དགེའི་རྒྱུ་འབྲས་རྡུལ་དུ་རློག །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

护法神即上师宝,能灭佛教之危害,

所有不善之因果,

皈依上师佛陀仁波切,皈依至尊佛陀仁波切。

གདམས་ངག་ཀྱང་བླ་མ་རིན་ཆེན་ཡིན། །གནས་ལུགས་སྤྲོས་བྲལ་ཆོས་སྐུ་རུ། །

བྱིན་གྱིས་བརླབ་ཅིང་མངོན་དུ་མཛད། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

窍诀法即上师宝,真义离戏法身中,

获得加持且实现,

皈依上师佛陀仁波切,皈依至尊佛陀仁波切。

ཉམས་ལེན་ཀྱང་བླ་མ་རིན་ཆེན་ཡིན། །ལུས་སྲོག་ཆོས་ཀྱི་ཕྱོགས་སུ་འདོར། །

ཆོས་བརྒྱད་ཚེ་འདིར་མཁའ་ལྟར་དག །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

实修亦即上师宝,身命奉献于佛法,

八法今世净如空,

皈依上师佛陀仁波切,皈依至尊佛陀仁波切。

ཉམས་མྱོང་ཡང་བླ་མ་རིན་ཆེན་ཡིན། །སེམས་བྱུང་ལས་དང་ཉོན་མོངས་དག །

སེམས་ཉིད་ཟག་མེད་བདེ་བར་ཤར། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

觉受亦即上师宝,清净心所业烦恼,

心性生起无漏乐,

皈依上师佛陀仁波切,皈依至尊佛陀仁波切。

སྒྲུབ་ཐབས་ཀྱང་བླ་མ་རིན་ཆེན་ཡིན། །སྣང་སྲིད་སྐུ་གསུམ་དཀྱིལ་འཁོར་ལ། །

ཐུན་དུ་མ་བཟུང་རྒྱུན་ཆད་མེད། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

修法亦即上师宝,现有三身坛城中,

尚未入座无间断,

皈依上师佛陀仁波切,皈依至尊佛陀仁波切。

བསྙེན་པ་ཡང་བླ་མ་རིན་ཆེན་ཡིན། །དུས་གསུམ་སངས་རྒྱས་ཐུགས་བསྐུལ་བའི། །

གསོལ་འདེབས་སྔགས་ཀྱི་ང་རོ་སྒྲོག །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

咒语亦即上师宝,激发三世佛意之,

发出祈祷咒语声,

皈依上师佛陀仁波切,皈依至尊佛陀仁波切。

དཔེ་ཆ་ཡང་བླ་མ་རིན་ཆེན་ཡིན། །ཆོས་ཕྱིར་དཀའ་བ་སྤྱད་པ་ཡིས། །

སྤྱོད་ལམ་རྣམ་ཐར་ཆོས་སུ་སྟོན། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

经续亦即上师宝,为法经历苦行故,

威仪传记现为法,

皈依上师佛陀仁波切,皈依至尊佛陀仁波切。

ཐབས་ལམ་ཡང་བླ་མ་རིན་ཆེན་ཡིན། །ཟབ་ལམ་བླ་མའི་མོས་གུས་ཀྱིས། །

ཕུན་སུམ་ཚོགས་པའི་རྟེན་འབྲེལ་འགྲིག །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

方便道即上师宝,深道虔敬上师故,

圆满成熟诸缘起,

皈依上师佛陀仁波切,皈依至尊佛陀仁波切。

སྒྲིབ་སྦྱོང་ཡང་བླ་མ་རིན་ཆེན་ཡིན། །ཐུགས་དགོངས་ཆོས་ཉིད་རྒྱ་མཚོ་ལ། །

སྤང་བྱའི་ཉེས་ལྟུང་ངང་གིས་དག །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

除障亦即上师宝,智慧法性大海处,

所断堕罪自清净,

皈依上师佛陀仁波切,皈依至尊佛陀仁波切。

འགྲོ་དོན་ཡང་བླ་མ་རིན་ཆེན་ཡིན། །མཁྱེན་བརྩེ་ནུས་པར་ལྡན་པ་ཡིས། །

གདུལ་བྱ་འཁོར་བ་དོང་སྤྲུགས་མཛད། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

利众亦即上师宝,具备智悲力之故,

度尽轮回所化众,

皈依上师佛陀仁波切,皈依至尊佛陀仁波切。

རྒྱལ་ཁམས་ཀྱི་སྤྲང་པོ་བློ་བདེ་བདག །མི་གཅིག་ཆོས་གཅིག་ཡོན་ཏན་གཅིག །

ས་གཅིག་ལམ་གཅིག་འབྲས་བུ་གཅིག །ཀུན་གོ་གཅིག་གིས་ཆོད་པ་ནི། །

མོས་གུས་དཀར་པོ་གཅིག་ཐུབ་ཡིན། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

乞丐僧自在的我,一人一法一功德,

一地一道一果位,依一能成一切事,

则是白参虔敬心,

皈依上师佛陀仁波切,皈依至尊佛陀仁波切。

ཀུན་མཁྱེན་ཡང་བླ་མ་རིན་ཆེན་ཡིན། །ཀུན་ཁྱབ་ཀྱང་བླ་མ་རིན་ཆེན་ཡིན། །

ཀུན་འདུས་ཀྱང་བླ་མ་རིན་ཆེན་ཡིན། །གསོལ་འདེབས་གཅིག་པུས་ཆོག་པ་འདི། །

སྣང་སེམས་གཅིག་ཏུ་འདྲེ་བ་ཡིན། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

一切智即上师宝,广照亦即上师宝,

总集亦即上师宝,仅仅祈祷便足矣,

即是现心合为一,

皈依上师佛陀仁波切,皈依至尊佛陀仁波切。

སྐྱབས་འབྲལ་བ་མེད་ལ་གསོལ་བ་འདེབས། །སྐྱབས་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །

སྐྱབས་འགྱུར་བ་མེད་ལ་གསོལ་བ་འདེབས། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

祈祷时刻不离怙,祈祷无有伦比怙,

祈祷永不变化怙,

皈依上师佛陀仁波切,皈依至尊佛陀仁波切。

རྗེ་རིན་པོ་ཆེ་ཡི་སྐུ་དྲིན་གྱིས། །བྱིན་རླབས་གཤོག་སྒྲོ་ནང་ནས་རྒྱས། །

བུ་སློབ་ཆོས་ཉིད་མཁའ་ལ་ལྡིང༌། །འཁོར་འདས་གཉིས་མེད་ནམ་འཕང་གཅོད། །

ཕ་རྗེས་བུ་ཡིས་ཟིན་པར་ཤོག །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

上师宝之恩德故,加持翅膀于内长,

子飞法性天空中,升至轮涅无别境,

愿能跟随师足迹,

皈依上师佛陀仁波切,皈依至尊佛陀仁波切。

གསོལ་འདེབས་ཡོན་ཏན་ཀུན་འབྱུང་འདི། །ཚེ་གཅིག་སངས་རྒྱས་རྟེན་འབྲེལ་ཡིན། །

བློ་པན་པུན་མང་པོ་མེད་པར་ཤོག །ཆིག་ཆོག་རྒྱལ་པོ་ངོ་མཚར་ཆེ། །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །

功德源泉此祈祷,即身成佛之缘起,

愿无各种之疑心,一足矣王珍奇也,

皈依上师佛陀仁波切,皈依至尊佛陀仁波切。

བླ་མ་དུས་གསུམ་སངས་རྒྱས་དང༌། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་བར། །

ཚེ་འདི་བློ་ཡིས་བཏང་ནས་ཀྱང༌། །རྟག་ཏུ་བླ་མ་བསྒྲུབ་པར་ཤོག །

བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི།། །།

我与上师三世佛,直至融合心智间,

从心舍弃今世念,愿常修持上师尊,

皈依上师佛陀仁波切,皈依至尊佛陀仁波切。

吉嘎瓦大师著,古普·钦哲仁波切译,陈润泽居士和朱红霞居士校对汉文。

主页