Skip to content

༄༅།།སྤྱི་བཤགས་བཞུགས་སོ།

总忏悔文

ཨུ་ཧུ་ལགས་སོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ། དཀོན་མཆོག་གསུམ་ལ་མ་དད་ཅིང་མ་གུས་པ་བགྱིས་པ། མཁན་པོ་དང་སློབ་དཔོན་ལ་མ་དད་ཅིང་མ་གུས་པ་བགྱིས་པ། དམ་པའི་ཆོས་སྤངས་པ། གསུང་རབ་ཀྱི་གླུད་ཟོས་པ། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ། ཕ་དང་མ་ལ་མ་དད་ཅིང་མ་གུས་པ་བགྱིས་པ། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་དད་ཅིང་མ་གུས་པ་བགྱིས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །གནོང་ངོ༌། །འགྱོད་དོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ།། ལྟུང་བ་བཤགས་པའི་ཆོ་ག་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།།

呜呼拉唆!祈请上师大金刚持等安住十方一切诸佛菩萨垂念于我。从无始世至今日,我因贪欲、嗔恨、愚痴等烦恼所驱,以身语意门中造作十不善业,造作五无间罪及近五无间罪;违犯别解脱律仪,违犯菩萨学处及密乘三昧耶;不敬三宝,不敬亲教师及轨范师;背弃正法,享用佛经身财,毁谤圣僧;不敬父母,不敬同修梵行者等罪业。

总之,善趣及解脱之障碍、堕入轮回恶趣之因,所聚一切堕罪,于上师大金刚持等安住十方诸佛及诸菩萨眼前发露忏悔、羞愧、懊悔,不覆、不藏、自今而后,戒除不犯。此吉祥燃灯智(阿底峡)尊者所著《忏悔堕罪之仪轨》终。

ཨོཾ། སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།

ཨཱཿ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།

ཧཱུྃ། ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།

嗡!忏悔失毀身之三昧耶,

啊!忏悔失毀语之三昧耶,

吽!忏悔失毀意之三昧耶。

སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །ཚེ་འདི་ཡི་རྐྱེན་དང་ཡུན་གྱི་སྒྲིབ་པར་མི་འགྱུར་ཞིང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སུ་མི་འགྱུར་བར་མཛད་དུ་གསོལ། ཡིག་བརྒྱ་བརྗོད། ཅེས་སོགས་སྟོབས་བཞིའི་སྒོ་ནས་བཤགས་པ་བརྗོད།། །།

发露忏悔失毀所有身语意根本及支分之三昧耶,祈求不变成今世之违缘和永久之障碍,以及解脱和一切智的障碍。念诵百字明咒。此等以四种对治力的门中念诵忏悔文。

古普·钦哲仁波切译,陈润泽居士和朱红霞居士校对汉文。

主页