Appearance
Appearance
༄༅། །རྩ་བའི་བླ་མ་ལ་གསོལ་འདེབས་མོས་གུས་རྦད་ཁམ་གུ་ཡངས་དཔའ་བོའི་རྒྱང་གླུ་བཞུགས་སོ།།
自在勇士之远歌
གནས་སྤྱི་གཙུག་པད་ཉི་ཟླ་བའི་གདན། །དཔལ་རྒྱལ་བ་མ་ལུས་ཀུན་འདུས་པའི། །
ཁོང་སྒྲུབ་བརྒྱུད་དུ་མའི་བུ་གཅིག་པུ། །ཕ་རྗེ་བཙུན་ཡིད་བཞིན་ནོར་བུ་བཞུགས། །
于顶上莲日月垫上,尊一切诸佛总集身,
彼实修传承师独子,父尊者如意宝安坐。
ཐུགས་འོད་གསལ་ལྷ་ལམ་ཡངས་པ་ལ། །གསུང་ཐེག་ཆེན་གཟའ་སྐར་ཅི་ཡང་བཀྲ། །
སྐུ་མཐོང་བས་མི་ཤེས་མུན་པ་སེལ། །བྱིན་མཚུངས་པ་མེད་པའི་གཟི་འོད་ཅན། །
意光明广阔虚空中,现种种大乘星耀语,
见身即消除无明暗,具无与伦比庄严相。
འབངས་དད་པའི་གཙུག་རྒྱན་མཛད་ལགས་ཏེ། །དུས་ནམ་ཡང་འབྲལ་བ་མ་མཆིས་པས། །
བདག་སྐྱེ་མེད་ངང་ནས་གསོལ་བ་འདེབས། །རྗེས་ཆོས་ཉིད་ངང་ནས་བྱིན་གྱིས་རློབས། །
胜任为眷属敬顶严,于时时刻刻不分离,
吾无生境中敬祈祷,尊法性境中赐加持。
ཡབ་དཀར་བརྒྱུད་ཀྱི་ཚང་དྲོད་མ་ཡལ་བར། །ངེད་ཁྱུང་ཕྲུག་ཚོ་གཤོག་སྒྲོ་ཚང་ནས་རྒྱས། །
འཁོར་འདས་རོ་མཉམ་གྱི་ནམ་འཕང་གཅོད། །ངན་སོང་གི་གཡང་ལ་ཉམ་མི་ང༌། །
བྱ་ཕྲན་གྱིས་ནམ་མཁའ་ཁེངས་པ་ལྟར། །ཕ་རྗེས་ཚོ་བུ་ཡིས་ཟིན་པར་ཤོག །
父噶举巢温未消散,吾幼鹏巢内长翅膀,
飞轮涅一味之高空,不恐惧恶趣之深渊,
如群鸟遍满虚空境,愿子能跟上父足迹。
ཅེས་པའི་གསོལ་འདེབས་འདི་ནི། ཤེལ་གྲོང་རྟོགས་ལྡན་ཀུན་དགའ་རྒྱ་མཚོས་ཞུས་ངོར། ཆོས་རྗེ་ལྷ་རྩེ་བས་མཛད་པའོ།།
此祈祷文,因协荣证士棍嘎嘉措之请求,由拉泽瓦尊者著作。
古普·钦哲仁波切译,央措居士和降巴居士校对汉文。