Appearance
Appearance
༄༅། །རྗེ་མར་པས་མཛད་པའི་མནྜལ་བཞུགས།།
རང་བཞིན་སྐྱེ་མེད་ཀྱི་མཎྜལ་ལ།།སྣང་བ་སྣ་ཚོགས་ཀྱི་མེ་ཏོག་བཀོད།།
自性无生曼荼上,摆放种种现象花,
བླ་མའི་སྐུ་ལ་མཆོད་པ་འབུལ།།བདག་གི་ལུས་ལ་བྱིན་གྱིས་རློབས།།
敬心供养上师身,祈求加持于我身。
ནམ་མཁའ་རྣམ་དག་གི་མཎྜལ་ལ།། འགག་མེད་རྟེན་འབྲེལ་གྱི་མེ་ཏོག་བཀོད།
虚空清净曼荼上,摆放不灭缘起花,
བླ་མའི་གསུང་ལ་མཆོད་པ་འབུལ།། བདག་གི་ངག་ལ་བྱིན་གྱིས་རློབས།།
敬心供养上师语,祈求加持于我语。
རང་སེམས་བདེ་ཆེན་གྱི་མཎྜལ་ལ།། རྣམ་རྟོག་འཕྲལ་འཇོམས་ཀྱི་མེ་ཏོག་བཀོད།།
自心大乐曼荼上,摆放顿灭寻思花,
བླ་མའི་ཐུགས་ལ་མཆོད་པར་འབུལ།།བདག་གི་ཡིད་ལ་བྱིན་གྱིས་རློབས།།
敬心供养上师意,祈求加持于我意。
རིན་ཆེན་ས་གཞིའི་མཎྜལ་ལ།།རི་རབ་གླིང་བཞི་མེ་ཏོག་བཀོད།།
珍宝大地曼荼上,摆放山王四洲花,
བླ་མའི་སྐུ་གསུང་ཐུགས་ལ་མཆོད་པར་འབུལ།།བདག་གི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རློབས། །
供养上师身语意,加持我之身语意。
ཞིང་ཁམས་ས་གཞི་རབ་འབྱམས་ལ།།འབྱུང་བ་ལྔ་ལས་སྐྱེས་པ་ཡི།།
无量世界大地上,地水火风空所生,
མཆོད་ཡོན་མེ་ཏོག་བདུག་སྤོས་དང་།།སྣང་གསལ་དྲི་ཆབ་ཞལ་ཟས་དང་།།
饮水鲜花与薰香,灯烛涂香与食子,
རོལ་མོ་ལ་སོགས་མཆོད་རྫས་རྣམས།། ལེགས་པར་གྲུབ་པ་ཇི་སྙིད་པ།།
音乐以及诸供品,一切善妙中所生,
བླ་མ་རྗེ་ལ་མཆོད་པ་འབུལ།།བར་ཆད་མེད་པར་བྱིན་གྱིས་རློབས།།
皆是供养上师尊,无有障碍祈加持。
ནམ་མཁའི་མཐའ་དང་མཉམ་པ་ཡི།།གདུགས་དང་རྒྱལ་མཚན་རོལ་མོ་དང་།།
遍满虚空边界之,宝伞法幢与乐器,
བླ་བྲེས་ཡོལ་བ་ལ་སོགས་པ།།བློ་ཡིས་སྤྲུལ་ནས་མཆོད་པ་འབུལ།།
宝盖帘幔等设施,以意幻变而供养,
རྟོགས་པ་འཕེལ་བར་བྱིན་གྱིས་རློབས།།
增长悟心祈加持。
དེ་ཡང་། རྗེ་མར་པས་ཕ་རྒྱུད་ཀྱི་བདག་པོ་པཎྜི་ཏ་ཡེ་ཤེས་སྙིང་པོའི་དྲུང་ནས། གསང་བ་འདུས་པའི་དབང་གདམས་ངག་དང་། གཞན་ཡང་ཀྲི་ཡ་དང་ཡོ་ག་ཕྱག་ལེན་ལས་ཚོགས་དང་བཅས་པ་ཞུས་པས། གསང་སྔགས་ཀྱི་དོན་ལ་རྟོགས་པ་ཡང་དག་པ་འཁྲུངས་སྐབས་སུ་བླ་མ་ལ་ཕུལ་བའི་མཎྜལ་བྱིན་རླབས་ཅན་ནོ།།
此非常具有加持性的曼荼罗是玛尔巴大师,于父续之主班智达耶西宁波座前,接受《密集金刚》灌顶和窍诀,以及事部和瑜伽部之规范仪则和羯磨仪轨后,对密法法义生起真实证悟时向上师供养之曼荼罗。古普·钦哲仁波切译,陈润泽居士校对汉文。愿一切吉祥!