Skip to content

༄༅། །མངོན་པར་དགའ་བའི་ཞིང་དུ་འདྲེན་བའི་སྨོན་ལམ་ཡིད་ཀྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

至现喜刹土之愿文意之车舆

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་གཞེས་པ་མི་འཁྲུགས་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་དང་རྣམ་པ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སངས་རྒྱས་ཀྱི་ཞིང་དེ་ན། དེ་བཞིན་གཤེགས་པ་དང་། སངས་རྒྱས་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲངས་སུ་འགྲོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་དང་། བ་གླང་སྤོས་ཀྱི་གླང་པོ་ཆེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དགྲ་བཅོམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དེ་དག་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ལྟར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་སྲས་དང་སློབ་མའི་ཚོགས་ཀྱིས་བསྐོར་བ་རྣམས་ལ་ཕྱག་འཚལ་ལོ། །

薄伽梵,如来,应供,正等正觉佛,明行圆满,善逝,世间解,调御丈夫,无上士,天人导师佛陀,薄伽梵,现正安住之不动尊圣足莲花,无垢恒于诸时相中,稽首且皈依,于彼佛刹,如来佛陀,及遍智一切尊,能入数之菩提萨埵摩诃萨,香象及牛香象等等之菩提萨埵及,声闻阿罗汉之比丘大僧伽,无数无量,不可思议且不可说,复不可说于彼诸尊普为稽首矣,如是安住于十方佛刹之圣子及众弟子所围绕之诸薄伽梵,普皆稽首礼。

ཉན་ཐོས་དགེ་འདུན་ཆེན་པོས་ཀུན་ནས་བསྐོར། །བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར། །

བགྲང་ཡས་ལྷ་མི་དབུས་ན་ཆོས་སྟོན་པའི། །སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །

声闻大僧伽众普围绕,菩提萨埵众遍满于前,

无数天人之中开示法,稽首礼敬不动尊佛陀。

གང་གི་སྨོན་ལམ་དག་པའི་གཟི་བརྗིད་དང་། །དྲི་མེད་མཚན་དང་སྔོན་གྱི་སྤྱོད་པའི་མཐའ། །

ཡོངས་སུ་གྲགས་པ་ཙམ་གྱིས་སྲིད་པའི་རྨོངས། །མ་ལུས་འཕྲོག་པ་དེ་ལ་ཕྱག་འཚལ་ལོ། །

尊于发愿清净之威严,无垢名号往昔行之际,

仅以广宣能令有愚昧,无余夺取于彼稽首礼。

སེམས་ཀྱི་གླང་པོ་ཡེ་ཤེས་ལྕགས་ཀྱུས་བཏུལ། །སྒྲིབ་གཉིས་བུད་ཤིང་ཉེར་ཞིའི་མེ་ལ་བསྲེགས། །

བདུད་ཀྱི་ལས་རྣམས་བྱམས་པའི་མཚོན་གྱིས་གཏུབས། །འདབ་བརྒྱ་ལྟར་རྒྱས་དེ་ལ་ཕྱག་འཚལ་ལོ། །

心之大象伏以本智钩,二障柴薪焚于近息火,

魔之诸业斩以悲兵刃,于彼丰如百瓣稽首礼。

དམ་པའི་གྲིབ་བསིལ་གྲགས་སྙན་མེ་ཏོག་དཀར། །མ་སྨད་སྙིང་སྟོབས་ཕུན་ཚོགས་འབྲས་བུས་དུད། །

བསོད་ནམས་སྐྱེད་མོ་ཚལ་གྱི་དཔལ་གཅིག་པུ། །སངས་རྒྱས་ལྗོན་པའི་མཆོག་ལ་ཕྱག་འཚལ་ལོ། །

妙尊凉荫美誉白莲花,无谤心力圆满果垂累,

福德嬉戏苑之唯圣德,向佛殊胜宝树稽首礼。

འཆི་མེད་གྲུབ་པའི་ཟུར་ཕུད་མཁའ་ལ་རྒྱུ། །ཡོན་ཏན་མི་ཟད་གློག་འགྱུའི་དཔལ་ཡོན་ཅན། །

སྟོབས་བཅུ་ལྡན་པའི་ཞབས་རྡུལ་སྤྲིན་འཕྲེང་ནི། །སྲིད་པའི་ཚ་གདུང་སྐྱོབ་དེར་ཕྱག་འཚལ་ལོ། །

成就无死顶髻向天擎,功德无尽闪电祥德具,

具足十力足尘云珠鬘,于彼救有炙热稽首礼。

སུམ་ཅུ་གཉིས་མཚན་དཔེ་བྱད་བརྒྱད་ཕྲག་བཅུས། །རབ་མཛེས་བལྟ་བས་མི་ངོམས་བདུད་རྩིའི་གཟུགས། །

མཁའ་ལྡིང་གནས་ཀྱི་རིན་ཆེན་མཆོད་སྡོང་ནི། །བཻརཱུར་མཐོན་མཐིང་དང་འདྲར་ཕྱག་འཚལ་ལོ། །

三十二相一百一十好,庄严观无餍足甘露相,

腾空居之珍宝供品树,相似深蓝琉璃稽首礼。

སྐུ་ཚེ་བསྟན་པ་བསྐལ་ཆེན་འབུམ་ཕྲག་བཅུ། །ཞིང་གི་ཁྱོན་དང་ཉན་ཐོས་བྱང་སེམས་ཀྱི། །

འདུས་པ་རྒྱ་མཚོའི་གཏིང་མཐའ་མི་མངོན་པའི། །འདྲེན་པ་མཉམ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །

圣寿法教一百万大劫,刹之疆域声闻菩萨之,

聚集海之深际无可见,无等导师悲眼予垂视。

སྐྱེ་བོ་ཉོན་མོངས་དུག་གིས་མགོ་རྨོངས་ནས། །འགྲོ་དྲུག་བར་མ་དོ་རུ་འཁྱམས་པ་རྣམས། །

དེ་རིང་ཉིད་དུ་ཕན་མཛད་ཕྱག་རྐྱོང་ལ། །མངོན་དགའི་ཞིང་དུ་དྲོངས་ཤིག་མི་འཁྲུགས་པ། །

士夫受烦恼毒昏昧已,飘荡沉浮六趣中阴众,

即于今日伸展饶益臂,导至现喜刹中不动尊。

བདག་གི་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་དགེ་བ་བསྒྲུབ་པ་རྣམས། །

འགྲོ་བ་ཀུན་གྱི་ཐུན་མོང་ཉིད་གྱུར་དེས། །ཐམས་ཅད་མངོན་དགའི་ཞིང་དུ་སྐྱེ་བར་ཤོག །

我于布施及戒忍精进,禅定般若所修诸功德,

悉成一切众生所共有,愿皆生于现喜刹土中。

གང་དྲུང་མགོན་དེ་སངས་རྒྱས་བྱང་ཆུབ་ཤིང་། །རིན་ཆེན་བདུན་གྲུབ་དཔག་ཚད་འབུམ་ལྡན་པ། །

ལྷུན་པོ་དབང་པོའི་ཚོན་གྱིས་མཛེས་འདྲ་བའི། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

彼怙主前佛陀菩提树,七宝所成十万由旬具,

如同须弥山色所装饰,愿得生于现喜剎土中。

ཕ་རོལ་ཕྱིན་དང་མངོན་ཤེས་དབང་པོ་སྟོབས། །བྱང་ཆུབ་ལམ་གྱི་ཡན་ལག་བརྗོད་པའི་སྒྲ། །

སྙན་པར་སྒྲོག་པའི་ཤིང་དབང་དེ་བལྟ་ཕྱིར། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

波罗蜜及神通天颖力,菩提道之分支宣说音,

见彼发声悦耳树王故,愿得生于现喜刹土中。

གསེག་མ་རི་དང་མུ་སྟེགས་ཅན་གྱི་གནས། །སྙིགས་མ་ལྔ་དང་ཡིད་མི་འོང་ཀུན་དང་། །

ངན་སོང་གསུམ་དང་ལོག་པར་ལྟུང་མེད་པ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

碎石山及外道聚集处,五浊以及诸种不悦意,

三恶趣及落邪皆为无,愿得生于现喜刹土中。

ས་གཞི་ཐམས་ཅད་མཉམ་པ་གསེར་མདངས་ཅན། །རེག་ན་བདེ་བ་ཀ་ཙ་ལིནྜི་བཞིན། །

མནན་ན་ནེམ་འགྱུར་བཏེག་ན་འཕར་བྱེད་པ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

一切大地平坦具金采,触之生乐柔软丝绸般,

若压则凹抬则能还增,愿生于彼现喜刹土中。

མནྜ་ར་སོགས་མེ་ཏོག་མཆོག་གིས་བརྒྱན། །ལྷ་གནས་ནོར་བུའི་ཚོགས་ནི་ཕྱོགས་བཅུར་བཀྲམ། །

གསེར་གྱི་པདྨོའི་འཕྲེང་བ་འཁྲིགས་པའི་གཞི། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

曼达拉等百花丛装饰,天界摩尼聚集遍十方,

紫金莲花珠鬘蔓延地,愿得生于现喜刹土中。

མེ་ཏོག་འབྲས་བུས་རྟག་པར་དུད་གྱུར་པའི། །དྲི་མེད་རིན་ཆེན་ལྗོན་པའི་གྲིབ་བསིལ་དང་། །

དཔག་བསམ་འཁྲི་ཤིང་གཞོན་ནུའི་ལྡིང་ཁང་ཅན། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

花朵果实恒常累累垂,无垢珍宝诸树清凉荫,

如意藤树七彩童殿具,愿得生于现喜剎土中。

གསེར་གྱི་ཏ་ལའི་ལྗོན་ཤིང་འཕྲེང་བ་རྣམས། །རླུང་གིས་བསྐྱོད་པའི་སྙན་དང་འཇེབས་པ་དང་། །

ཡིད་འོང་ཆགས་པར་འགྱུར་བའི་སྒྲ་དབྱངས་ཅན། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

黄金多罗大树绵延列,微风轻拂所出甚悦耳,

能令醉心夺意音声具,愿得生于现喜刹土中。

རྣམ་ལྔའི་མདངས་གསལ་དྲི་ཞིམ་གོས་དང་རྒྱན། །ཡིད་འོང་དཔག་བསམ་ཤིང་ལས་ད་ལྟ་འཁྲུངས། །

བསམ་པས་ལྷ་ཡི་ཟས་མཆོག་མདུན་འབྱུང་བ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

五彩昭亮馥郁之衣饰,悦意如意宝树即生出,

动念极品天馐现于前,愿得生于现喜刹土中。

རིན་ཆེན་སྣ་བདུན་གཞལ་མེད་ཁང་བརྩེགས་ནང་། །རིན་ཆེན་བདུན་ཁྲི་འབོལ་བའི་སྟན་ཅན་རྣམས། །

འཆི་མེད་གྲོང་ཁྱེར་ས་ལ་བཀོད་འདྲ་བའི། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

七宝所砌越量宫之内,七珍宝座柔软诸座垫,

即似无死城邑置于地,愿得生于现喜刹土中。

འབྱུང་འབྲང་མི་སྣང་འདོད་པ་ལྟར་བྱེད་པའི། །གསེར་གྱི་བྱེ་མ་བརྡལ་བའི་རྫིང་བུའི་འགྲམ། །

ལྷ་ཤིང་མྱ་ངན་མེད་པའི་འཕྲེང་བས་མཛེས། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

不见来随能如所欲求,满布黄金细沙池沼边,

无忧天树绵延所严饰,愿得生于现喜刹土中。

ཧ་ཅང་དྲོ་མིན་གྲང་མིན་འཇམ་དང་བདེ། །དྲི་ཞིམ་སྤོས་ཀྱི་བྱ་བ་བྱེད་པའི་རླུང་། །

འདོད་ན་ལྡང་ཞིང་མི་འདོད་ཞི་འགྱུར་བའི། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

并非过冷过热甚舒适,馥郁薰香运作之川原,

欲则轻拂不欲则消散,愿得生于现喜刹土中。

འགས་ཀྱང་ལྷ་དང་མི་ཕྱེད་སྐྱེས་པ་དང་། །བུད་མེད་སྐྱོན་བྲལ་དབྱངས་ཅན་བུ་མོ་ཡི། །

མཚར་སྡུག་ཡོན་ཏན་ཀུན་འཛིན་ཤ་སྟག་པ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

凡诸与天无别之士夫,妇女离过妙音女子之,

美妙功德尽为普持者,愿得生于现喜刹土中。

ཆགས་ན་བལྟ་བའི་རྩེ་དགས་འདོད་བྲལ་ཞིང་། །ཞག་བདུན་མངལ་དུ་གནས་དང་འཛིན་བྱེད་མ། །

བསམ་གཏན་གཉིས་པར་སྙོམས་ཞུགས་བདེ་མྱོང་འདྲའི། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

若贪以视欢乐而离欲,执与住于胎中七天母,

即如欢享入二禅定乐,愿得生于现喜刹土中。

ཞབས་བཀོད་གསེར་གྱི་པདྨོ་རྟག་བསྐྲུན་པའི། །མི་འཁྲུགས་ཆོས་རྒྱལ་མཆོད་ཕྱིར་ལྷ་དང་མིའི། །

ངང་པ་རྟག་པར་འདུ་བ་པདྨོའི་མཚོ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

足严紫金莲花恒灿烂,不动法王供故人与天,

鹅群恒常聚集莲花湖,愿得生于现喜刹土中。

ཉི་ཟླ་སྣང་བྱེད་ཐམས་ཅད་ཟིལ་མནན་ནས། །སངས་རྒྱས་འོད་ཀྱིས་རྟག་པར་སྟོང་གསུམ་ཀུན། །

གུར་གུམ་གཞོན་ནུའི་མཛེས་པ་སྟོན་བྱེད་པ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

普压一切日月作显已,佛以光芒恒于诸三千,

示以红花幼童之耀丽,愿得生于现喜刹土中。

ས་གཞི་ལྷ་ཡི་ཕུན་ཚོགས་ཡོངས་ཀྱིས་བསྟར། །མཁའ་ནི་མཐོ་རིས་གྲོང་གིས་བརྒྱན་པའི་བར། །

གསེར་དངུལ་བཻཌཱུར་ཐམ་སྐས་སྦྲེལ་བ་ཅན། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

大地满是天人之圆满,由空上方城邑装饰间,

衔接金银琉璃之阶梯,愿得生于现喜刹土中。

མགོན་དེའི་ཆོས་ཀྱི་མདུན་སར་ལན་རེ་རེས། །སེམས་ཅན་དཔག་མེད་དགྲ་བཅོམ་ཉིད་ཐོབ་ཅིང་། །

དེ་དག་ཆོས་འཕྲུལ་གསུམ་གྱིས་འདའ་བགྱིད་པ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

彼怙座前法会于每次,无量有情悉证阿罗汉,

彼众以三神变而逾越,愿得生于现喜刹土中。

དེ་ལྟར་ཐོགས་པའང་སྟན་ཅིག་ཆོས་དང་པོས། །རྒྱུན་ཞུགས་གཉིས་པས་ཕྱིར་འོང་གསུམ་པ་ཡིས། །

ཕྱིར་མི་འོང་དང་བཞི་པར་དགྲ་བཅོམ་པ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

极长久或一垫于初法,预流二法一来于三法,

不还果与四法阿罗汉,愿得生于现喜刹土中。

སོ་སོར་རིག་དང་རྫུ་འཕྲུལ་རྐང་པ་བཞི། །མངོན་ཤེས་དྲུག་ལྡན་ཐོས་པ་ཀུན་འཛིན་ཅིང་། །

རྣམ་ཐར་བརྒྱད་ལ་བསམ་གཏན་པས་གཏམས་པ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

各自妙明及四神足通,具六神通听闻普执持,

于八解脱满布禅定者,愿得生于现喜刹土中。

གང་དུ་སྐྱེས་པས་བདེ་གཤེགས་ལ་བརྟེན་ཅིང་། །བདུད་ཀྱིས་མི་བརྫི་ཉན་རང་སར་མི་ལྟུང་། །

རྫོགས་པའི་བྱང་ཆུབ་ལུང་བསྟན་ཐོབ་འགྱུར་བ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

随生何处依止于善逝,魔所不扰不堕声独地,

能得圆满菩提之授记,愿得生于现喜刹土中。

མི་འཁྲུགས་མགོན་དེའི་དམ་ཆོས་ཀུན་འཛིན་ཅིང་། །འཆང་དང་ཀློག་ཅིང་ཀུན་ཆུབ་སྟོན་བྱེད་པ། །

ཚེ་འཕོས་ནས་ཀྱང་བརྗེད་པར་མི་འགྱུར་བ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

普持不动怙主彼正法,予持讽诵熟练且示人,

纵临命终亦得不忘却,愿得生于现喜刹土中。

ཕྱོགས་བཅུའི་ཞིང་ཀུན་ཕྱིན་ནས་རྒྱལ་རྣམས་ཀྱི། །དམ་པའི་ཆོས་གཟུང་སླར་ཡང་ཟློག་བྱེད་པ། །

མཁས་པ་རྒྱ་མཚོའི་དེད་དཔོན་ཁོ་ནའི་གླིང་། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

诸十方刹至已将诸胜,善妙法持复又得返回,

唯有智者大海舵主洲,愿得生于现喜刹土中。

བྱང་ཆུབ་དམ་པར་སངས་རྒྱས་མ་གྱུར་བར། །སངས་རྒྱས་ཞིང་ནས་སངས་རྒྱས་ཞིང་འགྲོ་ཞིང་། །

ཐུབ་པའི་ཁྱུ་མཆོག་ཐམས་ཅད་མཉེས་བགྱིད་པ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

善妙菩提未成正觉前,能自佛刹行至佛刹土,

能仁胜群普能令欢喜,愿得生于现喜刹土中。

ཁྱིམ་དུ་གནས་སམ་རབ་ཏུ་བྱུང་བའི་སྲས། །གལ་ཏེ་ཆོས་ཀྱི་མདུན་སར་མི་སྣང་ནའང་། །

སངས་རྒྱས་མཐུ་ཡིས་ཐོས་ནས་འཛིན་བྱེད་པ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

或为在家或为出家子,纵若无可亲见法集会,

仰仗佛势闻已能执持,愿得生于现喜刹土中。

འཆི་འཕོ་ན་ཡང་སྐྱེ་འགྱུར་ཞིང་གང་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའི་སྤྱོད། །

མངོན་སུམ་སྣང་བ་ཉིད་དང་མི་འབྲལ་བ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

纵若迁亡所生任何刹,十方诸佛菩提萨埵行,

处于现前之相不分离,愿得生于现喜刹土中。

ཚད་མེད་སྤྲུལ་པས་མཐའ་ཀླས་སེམས་ཅན་གྱི། །ཉེས་པའི་དུག་སྡོང་རྩད་ནས་འབྱིན་མཛད་པའི། །

ཕྱིར་མི་ལྡོག་པའི་སེམས་དཔའ་རྒྱ་མཚོའི་གནས། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

无量化身于无际有情,罪恶毒树从根而拔除,

不退转之萨埵海众处,愿得生于现喜刹土中。

མངོན་པར་དགའ་བའི་ཞིང་དུ་སྐྱེས་ནས་ཀྱང་། །མི་འཁྲུགས་པ་ཡི་སྔོན་གྱི་སྨོན་ལམ་དང་། །

བྱང་ཆུབ་སྤྱོད་པའི་རྗེས་སུ་སློབ་བྱེད་ཅིང་། །བྱང་ཆུབ་དམ་པ་ལུང་བསྟན་ཐོབ་པར་ཤོག །

纵得生于现喜刹土中,不动尊之往昔所发愿,

以及奉行随学菩提行,愿得善妙菩提之授记。

མི་འཁྲུགས་པ་ཡི་སྤྱོད་ལ་གནས་ནས་ནི། །སངས་རྒྱས་བྱེ་བ་ཁྲག་ཁྲིག་མཉེས་བགྱིད་ཅིང་། །

དགེ་བའི་རྩ་བ་ཐམས་ཅད་རྫོགས་བྱས་ནས། །མི་འཁྲུགས་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །

纵得住于不动尊之行,能令千万整数佛欢喜,

一切善根普悉圆满已,不动胜尊果位愿能证。

དད་པས་ཡིད་རླན་ལག་གཉིས་ཐལ་སྦྱར་ནས། །སྨོན་ལམ་མཆོག་འདི་ལན་མང་འདོན་བགྱིད་ན། །

ཤར་ཕྱོགས་མངོན་པར་དགའ་བའི་སྟོན་པ་དེའི། །ཐུགས་རྗེའི་ཕྱག་གིས་མྱུར་དུ་འཛིན་པར་འགྱུར། །

以心润意双手合掌已,于此胜愿若能诵多次,

东方现喜刹中彼教主,悲心圣臂将速疾执持。

དེ་ལྟར་སངས་རྒྱས་མི་འཁྲུགས་པའི་ཞིང་བཀོད་པའི་སྨོམ་ལམ་འདི་ནི། ནང་གི་རྣལ་འབྱོར་གྱི་སྟོབས་རྒྱས་པས། བཅོས་མའི་འཁྲི་བ་ཀུན་ཞིག་པའི་རྣལ་འབྱོར་པ་ཆེན་པོ་ཆོས་རྒྱལ་བསོད་ནམས་རྒྱལ་མཚན་གྱིས་བསྐུལ་ནས། དོན་རྣམས་གྲུབ་པའི་དབང་པོ་ལ་སོགས་པ་ཞིང་དེར་བགྲོད་པའི་ཆེད་དུ། མང་དུ་ཐོས་པའི་དགེ་སློང་བདྨ་དཀར་པོས་འཕགས་པ་དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ནས་ཕྱུང་སྟེ། མ་དང་མཁའ་འགྲོ་ཀུན་དུ་སྤྱོད་པའི་འདུན་ས་ཆེན་པོ། ཙཱ་རི་ཏྲ་ཉམས་རྟོགས་གཅིག་ཏུ་འཆར་བའི་ནགས་ཚང་ཚིང་འཁྲིགས་པའི་བསྟི་གནས། ཤིང་གི་ལོ་མ་མཐོན་ཀའི་མདངས་ཀྱིས་མཛེས་པའི་བསམ་གཏན་ཁང་བུར་སྦྱར་བའོ།། །།

如是不动佛之净土庄严愿文,此乃内之瑜伽力增长而尽灭贪变之大瑜伽士曲嘉梭南嘉增所劝请,多闻之比丘白莲花于,《圣宝积经》《百千法门》撷取而撰之。

主页