Skip to content

༄༅།།རྒྱལ་བ་རྒོད་ཚང་པས་མཛད་པའི་སྨོན་ལམ་བཞུགས་སོ།།

嘉瓦郭仓巴尊者祈愿文

༈ དགེ་སྦྱོར་དྲེད་ཚད་ཚེ་འདིས་ལན་པས་དགོས་མེད་ཟློག་སྒོམ་གྱིས་ཞེན་པ་བཟློག་ཅེས་པ་ནི་གསོལ་བ་བཏབ་པའི་རྗེས་ལ།

所谓修行难易,唯看今世贪执轻重;故当依无所求之修,回遮今世贪执。祈祷后:

ཅིས་ཀྱང་དགོས་པ་མེད། གང་ལྟར་འགྲོ་བ་སོང༌། ཅི་ཙུག་ཡོང་བར་ཤོག ། ཅེས་བརྒྱ་རྩ་བགྲང༌།

让它来,随它去,无所求。如实念一百遍。

ཅིས་ཀྱང་དགོས་པ་མེད་ཟེར་བ་ནི། ཟས་ཀྱིས་དགོས་པ་མེད། དེ་བཞིན་དུ་གོས་ཀྱིས། ནོར་གྱིས། གཉེན་ཚན་གྱིས། ཕ་ཡུལ་གྱིས། སྙན་གྲགས་ཀྱིས་དགོས་པ་མེད།

无所求:即饮食、衣物、财物、亲戚、故乡、名闻等皆无所求。

གང་ལྟར་འགྲོ་བར་སོང་ནི། ཟས་མེད་ན་ཡང་མེད། གང་ལྟར་འགྲོ་བ་སོང༌། དེ་བཞིན་དུ་གོས་ནོར་གཉེན་ཚན་ཕ་ཡུལ། སྙན་གྲགས་མེད་ནའང་མེད། གང་ལྟར་འགྲོ་བ་སོང༌། ཅེས་སོ། །

随它去:即饮食、衣物、财物、亲戚、故乡、名闻等皆随它去。

ཅི་ཙུག་འོང་བར་ཤོག་ནི། སྡུག་དྲིལ་ཤི་ནའང་ཤི །ལྟོགས་དྲིལ་ཤི་ནའང་ཤི །འཁྱགས་དྲིལ་ཤི་ནའང་ཤི །ནད་དྲིལ་ཤི་ནའང་ཤི །མིག་ལོང་ན་ལོང༌། མི་ཁས་སྡང་ངམ། ཚེ་ཐུང་ངམ། རྒས་ཁར་སྡུག་གམ། ག་ན་མི་འདོད་ཅིག་འོང་བར་ཤོག་ཅིག་བྱའོ། །

让它来:即苦痛死,或饿死,或冻死,或病死,或盲死,或遭恶言,

或短命,或遭老来苦,一切不欲皆让它来。

དེ་ལྟར་དགོས་མེད་ཟློག་སྒོམ་གྱིས་ཞེན་པ་བཟློག་པས་ཚེ་འདིའི་བློ་ཐག་རྦད་ཀྱིས་བཅད་པས་གནས་ལུགས་ཀྱི་དོན་རྒྱུད་ལ་འཆར།

如此,以无所求回遮之修而回遮贪执,进而彻底断除对今世的贪执,故相续中亦能生起真实义。

གསུམ་པ། སྤྲུལ་པ་སྐུའི་ས་བོན་གདབ་པའི་ཕྱིར། སྙིང་རྗེ་བསྒོམ་ཞིང་སྨོན་ལམ་གདབ། །ཅེས་པ་ནི་དགོས་མེད་བསྒྲགས་པའི་རྗེས་ལ། རང་ལུས་ཐུགས་རྗེ་ཆེན་པོར་བསྒོམ། དཀར་བརྒྱུད་ཀྱི་བླ་མ་རྣམས་སྤྱི་གཙུག་ཏུ་ཐུགས་རྗེ་ཆེན་པོར་བསྒོམ། མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུགས་རྗེ་ཆེན་པོར་བསྒོམ། དེ་རྣམས་ལ་བྱམས་པ་སྙིང་རྗེ་འབྱོངས་པ་ཚོགས་མཆོད་པར་འབུལ།

为播种化身佛之种子,观慈悲、发誓愿。于念诵完“无所求”后,自身观想为观世音菩萨;于诸噶举传承上师头顶,亦观想观世音菩萨。前方虚空中一切诸佛菩萨,皆观同为观世音菩萨。为了娴熟慈悲菩提心,继而向诸佛菩萨作供养荟供。

བྱམས་སྙིང་རྗེ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་བོ། །

祈请加持,娴熟慈悲菩提心。如实祈祷

རིགས་དྲུག་གི་སེམས་ཅན་རྣམས་མདུན་དུ་སྤུངས་བྱུང་བར་བསྒོམ་ལ། སེམས་ཅན་ཐམས་ཅད་མ་ཡིན། མ་སེམས་ཅན་རྣམས་རྒྱུད་ཉོན་མོངས་ལེན་ཅིང་འབྲས་བུ་སྡུག་བསྔལ་གྱིས་མནར་བ་སྙིང་རྗེ་སྙམ་དུ་བསྒོམ་ལ། སྨོན་ལམ་གདབ་པ་ནི།

观想一切六道众生汇聚于身前,一切众生皆为往昔慈母,一切慈母有情,自心相续执取烦恼,业果恒受诸苦,实为可愍。祈愿:

བདག་གིས་ཚེ་འདིའམ་གཞན་དག་ཏུ་འགྲོ་དོན་དཔག་ཏུ་མེད་པར་འགྲུབ་པར་གྱུར་ཅིག །

ཅེས་བརྒྱ་རྩར་གདབ་བོ།།

愿我生生世世,恒能利益无量众生。如实念诵一百遍

དུས་འདི་ནས་བཟུང་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་དཔག་ཏུ་མེད་པར་འགྲུབ་པར་གྱུར་ཅིག །

祈愿从今日起,乃至轮回未空,恒能利益无量众生。

གཞན་ཡང་ཐེག་པ་སྣ་ཚོགས་ཀྱི་སྒོ་ནས་འགྲོ་དོན་དཔག་ཏུ་མེད་པར་འགྲུབ་པར་གྱུར་ཅིག །

祈愿于各大小乘门中,恒能利益无量众生。

ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་དཔག་ཏུ་མེད་པར་འགྲུབ་པར་གྱུར་ཅིག །

祈愿于六波罗密多门中,恒能利益无量众生。

བསྡུ་བ་བཞིའི་སྒོ་ནས་དཔག་ཏུ་མེད་པར་འགྲུབ་པར་གྱུར་ཅིག །

祈愿于四摄法门中,恒能利益无量众生。

བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །

祈愿于生圆二次第门中,恒能利益无量众生。

ཕྲིན་ལས་བཞི་ཡི་སྒོ་ནས་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །

祈愿于四事业门中,恒能利益无量众生。

ངལ་བ་དང་དུབ་པ་དང་སྐྱོ་བ་མེད་པར་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །

祈愿无有辛劳、厌烦,恒能利益无量众生。

ལུས་དང་སྲོག་ལ་མི་ལྟ་བར་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །

祈愿不顾身与命,恒能利益无量众生。

བདག་ཤི་བའི་འོག་ཏུ་ཡང་ཤ་དང་རུས་པ་དང་རྐང་དང་ཁྲག་དང་ཡན་ལག་དང༌། ཉིང་ལག །བ་སྤུ་ལ་སོགས་པས་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །

祈愿我逝后,以肉骨髓血、肢指汗毛,恒能利益无量众生。

གཞན་ཡང་བདག་ལ་བསྟོད་ཅིང་ཡོན་ཏན་བརྗོད་པ་དང༌། དད་གུས་ཀྱི་སྒོ་ནས་གསོལ་བ་འདེབས་པ་རྣམས་ཀྱི་རྒྱུད་ལ་རྟོགས་པ་མཆོག་ཏུ་གྱུར་པ་སྐྱེ་བར་གྱུར་ཅིག །

祈愿凡赞我功德者,由敬信门中,诸祈祷者相续中生起殊胜证悟。

ཉམས་མྱོང་རྒྱུན་ཆད་མེད་པ་བརྟན་པར་གྱུར་ཅིག །

祈愿觉受定而不绝。

སྣང་བ་རྟེན་འབྲེལ་དུ་ཤར་ནས་ཚེ་འདི་ཉིད་ལ་སངས་རྒྱས་པར་གྱུར་ཅིག །

祈愿一切现象现于缘起,以此速得即身成佛。

བདག་ལ་མ་དད་ཅིང་སྐུར་པ་འདེབས་པ་དང༌། སྨོད་ཅིང་ཕྲག་དོག་པ། བརྙས་ཤིང་བསམ་སྦྱོར་ངན་པ་བྱེད་པ་དང༌། ངན་སྨྲས་དང༌། རྒྱ་གད་གཏོང་བ་དེ་དག་ལ་བརྟེན་ནས་བདག་གི་སྡིག་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །

祈愿凡对我不敬而毁谤、攻击嫉妒、侮辱抹黑、恶言嘲笑,皆以此缘,清净消除我的一切恶业。

ཁོང་གི་རྒྱུད་ལ་རྣམ་པར་སྨིན་པའི་འབྲས་བུ་མི་འབྱུང་བར་གྱུར་ཅིག །

祈愿令其相续,不生异熟果报;

ཁོང་སངས་རྒྱས་པའི་ལམ་གྱི་གེགས་སུ་མི་འགྱུར་བར་གྱུར་ཅིག །

祈愿令其勿成修佛道之障碍;

བདག་གི་གདུལ་བྱར་གྱུར་ནས་ཚེ་འདི་ཉིད་ལ་འཚང་རྒྱ་བར་གྱུར་ཅིག །

祈愿令其成我所化,进而即身成就佛果。

སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་སེམས་ཅན་གྱིས་བདག་གིས་མིང་ཐོས་པ་དང༌། མཐོང་བ་དང༌། རེག་པ་དང༌། ཆོས་བཤད་པ་དང༌། བདག་དྲན་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་ཐམས་ཅད་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །

祈愿于生生世世,一切众生闻我、见我、触我,凡听法结缘、忆念我者,具一切安乐,离一切痛苦,获得圆满正等正觉。

སེམས་ཅན་རེ་རེའི་མདུན་དུ་བདག་གི་སྤྲུལ་པ་རེ་རེ་སྣང་བར་གྱུར་ཅིག །

祈愿一切众生面前,各现我的应化身;

དེ་སྣང་མ་ཐག་ཏུ་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་པར་གྱུར་ཅིག །

祈愿应化身既现,令一切众生当即成佛。

ཚེ་རབས་ཐམས་ཅད་དུ་བདག་གི་བདེ་སྐྱིད་ཐམས་ཅད་དགའ་བཞིན་སྤྲོ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྟེར་ནུས་པར་གྱུར་ཅིག །

祈愿于生生世世,我之一切幸福,欢喜而能给予一切众生。

སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་བདག་གིས་དགའ་བཞིན་སྤྲོ་བཞིན་དུ་ཁུར་ནུས་པར་གྱུར་ཅིག །

祈愿我欢喜而能取受众生之一切痛苦;

སྡུག་བསྔལ་གྱི་རང་བཞིན་བདེ་བ་ཆེན་པོར་འཆར་ནུས་པར་གྱུར་ཅིག །

祈愿其痛苦的本性能显现于大乐。

གཞན་ཡང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །

祈愿如来正法繁荣兴盛。

བསྟན་པ་ལ་གནོད་པའི་བདུད་དང་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །

祈愿息灭危害佛法之一切魔障与违缘。

དུས་གསུམ་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་རྗེ་རིན་པོ་ཆེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང༌། སྐུ་ཚེ་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པར་གྱུར་ཅིག །

祈愿以三世所积一切善根,圆满诸上师宝身语意本愿,于轮回未空之际,师寿常住不灭;

ཕྲིན་ལས་ནམ་མཁའ་དང་མཉམ་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་གྱུར་ཅིག །

祈愿以等虚空之事业,一切众生速得安置于佛果。

གྲོགས་ཆོས་སྒོར་ཞུགས་པ་ཐམས་ཅད་ཀྱང་ཚེ་འདི་ཉིད་ལ་འཚང་རྒྱ་བར་གྱུར་ཅིག །

祈愿佛门诸金刚道友,皆能即身成佛。

བདག་ལ་གནོད་པར་བྱེད་པ་དགྲ་འདྲེ་གདོན་བགེགས་གཉིས་དང་གནས་པོ་གཞི་བདག་གིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །

祈愿损害我之怨敌、魔障,以地神为首,一切众生具一切安乐、离一切痛苦,皆获圆满正等正觉。

བདག་གིས་དུས་གསུམ་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྐུ་ཚེ་ཞིང་ཁམས་མཛད་པ་ཐམས་ཅད་དང༌། ད་ལྟ་ཉིད་དུ་མཉམ་པར་གྱུར་ཅིག །

祈愿我以三世所积一切善根,令一切众生即刻等同三世诸佛之身、语、意、德、业、寿、刹、行,具足一切。

ཅེས་གོང་གི་སྨོན་ལམ་རེ་རེ་ལ་གྲངས་མང་གདབ་བོ། །རྗེ་རྒོད་ཚང་པའི་ཞལ་སྔ་ནས་མཛད་པ་འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག །

如此以上各祈愿文应数次念诵。此祈愿文乃郭仓巴尊者造。愿能利益一切众生。古普·钦哲仁波切 译。

主页