Appearance
Appearance
༈ གྲུབ་མཆོག་བླ་མའི་ལེགས་བཤད།
大恩上师阿德仁波切 著
མཆོག་ལ་བཀུར་ཞིང་དམ་པར་བསྟེན་པ་དང་།།
དམན་ལ་བརྩེ་ཞིང་མཉམ་པར་བསྟུན་ལ་མཁས།།
ཚུལ་མིན་སྤྱོད་པར་བྱོལ་ཞིང་དགེ་ལ་འགྲུས།།
དེ་ནི་ཡ་རབས་ལུགས་དང་མཐུན་པ་ཡིན།།
敬重尊长依圣贤,
慈悲弱者睦同种,
远离非理勤善行,
此乃符合高尚法。
བསགས་པའི་ནོར་རྫས་མཆོད་སྦྱིན་དགེ་རྩར་གཏོང་།།
གཅེས་པའི་ལུས་ཀྱིས་ཕྱག་བསྐོར་སྒྲིག་སྦྱོང་འབད།།
ལྷག་པའི་བསམ་པས་རང་གཞན་དགེ་ལ་བསྐུལ།།
དེ་དག་ཀུན་སློང་དག་པ་ཅིས་ཀྱང་གནད།།
所积财物供施积善根,
珍宝人生勤奋除罪障,
增上意乐自他勉于善,
被等清净等起尤为要。
དམ་པས་རང་སྐྱོན་བརྟགས་ཤིང་བཅོས།།
གཞན་སྐྱོན་མི་སྔོག་ཁྱད་གསོད་སྤང་།།
དམན་ས་བཟུང་ཞིང་བདེན་པར་སྨྲ།།
དེ་ནི་གང་དུ་གནས་ཀྱང་བདེ།།
贤人改自过,
不寻他人错,
卑位说真谛,
哪里都安乐。
འཕྲད་མ་ཐག་ཏུ་སྙིང་གཏམ་སྨྲ།།
མ་བརྟགས་པ་ལ་བློ་གཏད་འཆའ།།
བག་མེད་མི་ལ་བྱ་བ་བཅོལ།།
འདི་དག་རང་སྐྱོན་སྟོན་པའི་རྒྱུ།།
初见露真心,
未察即信托,
指望放逸者,
此等皆自过。
མི་ཉན་པ་ལ་ཁ་ཏ་བྱེད།།
མི་ཤེས་པ་ལ་གྲོས་ཕུགས་འདྲི།།
སྐྱོན་དུ་ཤེས་བཞིན་མི་འདོར་བ།།
འདི་གསུམ་འགྲོ་བའི་བཞད་གད་རྒྱུ།།
劝诫顽固人,
求教不知者,
明知而故犯,
令人可笑因。
བྱ་བ་གང་ཡང་འགྲུབ་ངེས་པའི།།
གདེངས་མ་རྙེད་པར་རྩོམ་པ་སྤང་།།
དགའ་ན་ཧ་ཅང་འཛུམ་ཆེས་དང་།།
མ་དགའ་འཕྲལ་དུ་རྣམ་འགྱུར་སྤང་།།
无有把握的,
万事不可行,
快乐勿大笑,
不快莫愁容。
བྱུར་དང་གནོད་བྱེད་དགྲ་བོ་རྣམས།།
སྔོན་བསགས་རང་གི་ལས་ལས་བྱུང་།།
ས་བོན་རང་གི་བཏབ་པ་ལས།།
འབྲས་བུ་བྱུང་ལ་ཁྲོ་འམ་ཅི།།
毁谤与冤敌,
过去业所生,
自播恶种子,
熟果岂能怒。
རང་ལས་མཐོ་བ་གཞན་མེད་ཀྱང་།།
འོག་ཏུ་ཞུགས་རྣམས་བྱམས་པས་སྐྱོང་།།
ས་ལ་གནས་པའི་འཕགས་ཆེན་གྱིས།།
དམན་པ་རྣམས་ལ་ལྷག་པར་བརྩེ།།
自上虽无人,
仁慈带下属,
登地大圣人,
于卑倍悲悯。
རང་ཉིད་དབང་ཐང་ཆེ་ན་ཡང་།།
སྤྱི་ཡི་ཁྲིམས་དང་འགལ་མི་བྱ།།
ཆུ་ནི་ཇི་ལྟར་ཆེ་གྱུར་ཀྱང་།།
ཁད་ཀྱིས་དམའ་བའི་ས་ནས་འབབ།།
自虽握大权,
国法不可违,
滔滔江河水,
缓缓低处流。
ཚིག་རྩུབ་ཟོལ་སྦྱོར་མང་ན་ནི།།
འཁོར་དང་བུ་ཡང་གཞན་དུ་བྱོལ།།
ངག་འཇམ་གཞན་ཕན་སེམས་ལྡན་ན།།
དགྲ་བོ་ཡིན་ཡང་གཉེན་དུ་འགྱུར།།
粗语狡诈多,
亲属亦离散,
温语存善心,
化敌成为友。
དད་པ་མེད་པའི་སློབ་མ་བསྟེན། །
སྙིང་རྗེ་མེད་པའི་བླ་མ་བསྟེན། །
ཁྲེལ་གཞུང་མེད་པའི་གྲོགས་པོ་བསྟེན། །
འདི་གསུམ་རང་ཉིད་ཕུང་བའི་རྒྱུ། །
摄受不敬之弟子,
依止无有慈悲师,
依靠无义之友好,
此乃毁坏自三因。
ཟབ་མོའི་གདམས་ངག་ནོད་གྱུར་ཀྱང༌། །
ཉམས་སུ་མ་བླངས་འབྲས་མི་ཐོབ། །
ཁྱིམ་དུ་ནོར་གཏེར་ཡོད་ན་ཡང༌། །
ལོངས་སུ་མ་སྤྱད་དབུལ་མི་སེལ། །
虽得甚深窍诀法,
若不实修不证果,
犹如家中具宝藏,
若不享用仍贫穷。
སྲིད་ལ་ངེས་འབྱུང་ཞེན་ལོག་དང༌། །
མི་རྟག་དྲན་པས་བློ་སྣ་བསྟུང༌། །
ལས་འབྲས་སྤང་བླངས་ཕྲ་བར་སྤྱོད། །
ཡང་དག་ལམ་ལ་བསྐུལ་བའི་མདོ། །
厌烦轮回出离心,
长念无常不贪世,
如实取舍业因果,
此乃勉励入道法。
སྦྱིན་འབྲས་ལས་བྱུང་ལོངས་སྤྱོད་རྣམས། །
སླར་ཡང་བསོད་ནམས་རྒྱུ་དུ་གཏོང༌། །
རྟག་ཏུ་གཏོང་བར་མི་ནུས་པར། །
གསོག་པ་བྱི་བའི་རྣམ་ཐར་ཡིན། །
布施而得著财富,
再当播种福德因,
经常吝啬不施者,
所积即是耗子财。
古普·钦哲仁波切译