Appearance
Appearance
法王藏巴甲热 著
༈ ཉམས་སུ་ལེན་པ་ལ་དགོས་པའི་ཆོས་བཅུ།
十句修行者誓言
ཞབས་ཏོག་མ་འགྲུབ་ཀྱང་ཞབས་འདྲེན་མི་བྱེད་པའི་ཞེ་དམ་བྱེད་པ་ཞིག་དགོས།
བླ་མ་ལ་མོས་གུས་མ་སྐྱེས་ཀྱང་ལོག་ལྟ་མི་བསྒོམ་པའི་ཞེ་དམ་བྱེད་པ་ཞིག་དགོས།
མཆེད་གྲོགས་ལ་བརྩེ་གདུང་མ་སྐྱེས་ཀྱང་འཕྱར་ཀ་མི་གཏོང་བའི་ཞེ་དམ་བྱེད་པ་ཞིག་དགོས།
སྦྱིན་པ་མ་ཐོང་ཡང་གཞན་གྱི་རྙེད་པ་ལ་ཕྲག་དོག་མི་བྱེད་པའི་ཞེ་དམ་བྱེད་པ་ཞིག་དགོས།
རང་གིས་ཆོས་གཤའ་མ་མ་བྱུང་ཡང་གཞན་ལ་མི་བགྲང་བའི་ཞེ་དམ་བྱེད་པ་ཞིག་དགོས།
བདེན་འཛིན་མ་ལོག་ཀྱང་རྟག་པར་མི་འཛིན་པའི་ཞེ་དམ་བྱེད་པ་ཞིག་དགོས།
རབ་མ་བྱུང་ཡང་ཐ་མར་མི་སྡོད་པའི་ཞེ་དམ་བྱེད་པ་ཞིག་དགོས།
ཞེན་པ་མ་ལོག་ཀྱང་ཕ་ཡུལ་དུ་མི་སྡོད་པའི་ཞེ་དམ་བྱེད་པ་ཞིག་དགོས།
མགོ་ཐོན་མ་བྱུང་ཡང་བླ་འཚོང་མི་བྱེད་པའི་ཞེ་དམ་བྱེད་པ་ཞིག་དགོས།
འགྲོ་དོན་མ་འགྲུབ་ཀྱང་སྨོན་ལམ་འདེབས་པའི་ཞེ་དམ་བྱེད་པ་ཞིག་དགོས།
虽然无有侍奉之能力,
但要立誓绝不做丢脸之事。
对师虽无虔敬之心,
但要立誓绝不生起邪见。
佛友之间虽无感情,
但要立誓绝不互相讥诽。
自己虽无能力布施,
但要立誓绝不妒忌他人富有。
自己即便没有修行成绩,
但要立誓绝不埋怨他人。
虽然尚未破除实有执著,
但要立誓绝不常有执著。
虽然不能成为最好的人,
但要立誓绝不做最差的人。
虽然无有厌恶轮回之心,
但要立誓绝不闲住家乡。
虽不成为出类拔萃者,
但要立誓绝不出卖灵魂。
虽无能力利益众生,
但要立誓发愿普度众生。
༈ དོ་ཟླ་མིན་པའི་ཆོས་བདུན།
七个不如
ལས་ལ་ཆོས་སུ་མཐོང་བ་དེ། །བཤགས་པ་བརྒྱ་ཡི་དོ་ཟླ་མིན། །
བླ་མ་སངས་རྒྱས་སུ་མཐོང་བ་དེ། །གྲུབ་རྟགས་བརྒྱ་ཡི་དོ་ཟླ་མིན། །
ཚེ་འདི་བློ་ཡིས་ཐོང་པ་འདི། །སྦྱིན་པ་བརྒྱ་ཡི་དོ་ཟླ་མིན། །
རང་སེམས་རང་གིས་ཞལ་མཐོང་ན། །བླ་མ་བརྒྱ་ཡི་དོ་ཟླ་མིན། །
ཆོག་ཤེས་ནང་དུ་རྙེད་པ་འདི། །ནོར་རྫས་བརྒྱ་ཡི་དོ་ཟླ་མིན། །
རང་འདོད་མེད་པའི་སྙིང་རྗེ་འདི། །སེམས་སྦྱོང་བརྒྱ་ཡི་དོ་ཟླ་མིན། །
ཡེངས་མེད་གཉེན་པོའི་ཐོག་རྫིས་འདི། །གདམས་ངག་བརྒྱ་ཡི་དོ་ཟླ་མིན། །
与其百次的忏悔,
不如视师业为修;
与其百种成就相,
不如视师为真佛;
与其百次的布施,
不如今生无琐事;
与其百次的拜师,
不如自见自本性;
与其百件的财宝,
不如拥有知足心;
与其百次的修心,
不如无私悲悯心;
与其百句的窍诀,
不如无散对治心。
༈ གཙོ་བོ་བདུན།
七个要诀
གཙོ་བོ་བདུན་ར་ལུང་དུ་ལན་གསུམ་བྱོན་པའི་ཐ་མ་ལ་གསུངས།མོས་གུས་ཚད་ལྡན་སྐྱེ་བ་འདི་ཤིན་ཏུ་དཀའ་བ་ཡིན་ཏེ་བཅོས་མའི་མོས་གུས་སྒོམ་པ་འདི་གདམས་ངག་གི་གཙོ་བོ་ཡིན་ལོ།།ཞེན་པ་ནང་ནས་ལྡོག་པ་འདི་ཤིན་ཏུ་དཀའ་བ་ཡིན་ཏེ་འཁྲི་བ་བཙན་ཐབས་སུ་གཅོད་པ་འདི་གདམས་ངག་གི་གཙོ་བོ་ཡིན་ལོ།།སྒོམ་ཐོད་རྒལ་དུ་སྐྱེ་བ་འདི་ཤིན་ཏུ་དཀའ་བ་ཡིན་ཏེ་སྙིང་རུས་བསྐྱེད་ནས་སྒོམ་པ་འདི་གདམས་ངག་གི་རྩ་བ་ཡིན་ལོ།།ཉོན་མོངས་རང་གྲོལ་དུ་འགྲོ་བ་འདི་ཤིན་ཏུ་དཀའ་བ་ཡིན་ཏེ་གཉེན་པོའི་བྱ་ར་འཇོག་པ་འདི་གདམས་ངག་གི་གཙོ་བོ་ཡིན་ལོ།།སྙིང་རྗེ་ཚད་ལྡན་སྐྱེ་བ་འདི་ཤིན་ཏུ་དཀའ་བ་ཡིན་ཏེ་ཕན་སེམས་ཀྱིས་གཞན་ལ་ཕན་འདོགས་པ་འདི་གདམས་ངག་གི་གཙོ་བོ་ཡིན་ལོ།།སྣང་བ་སྒྱུ་མར་འཆར་བ་འདི་ཤིན་ཏུ་དཀའ་བ་ཡིན་ཏེ་སེམས་ལ་ལྟ་རྟོག་བྱེད་པ་འདི་གདམས་ངག་གི་གཙོ་བོ་ཡིན་ལོ།།འགྲོ་དོན་འབད་རྩོལ་མེད་པར་འགྲུབ་པ་འདི་ཤིན་ཏུ་དཀའ་བ་ཡིན་ཏེ་སྨོན་ལམ་དཔག་མེད་འདེབས་པ་འདི་གདམས་ངག་གི་གཙོ་བོ་ཡིན་ལོ།།
不虚伪的敬信很难生起,因此观修造作的敬信乃是要诀。
从内心深处很难根除贪着,因此强行断除贪欲心乃是要诀。
打坐修行很难直接顿悟,因此坚持苦修乃是要诀。
五毒烦恼很难自我消失,因此时刻对治烦恼乃是要诀。
无伪的大悲心很难生起,因此利他之心帮助他人乃是要诀。
内外现象很难显现为如幻,因此观照内心乃是要诀。
弘法利生事业很难任运圆成,因此发无量誓愿乃是要诀。
༈ རྩ་བ་ལྔ།
五个根本
༡རྩ་བ་ལྔ།ཆོས་ཐམས་ཅད་ཀྱི་རྩ་བ་དད་པ།བྱིན་རླབས་ཐམས་ཅད་ཀྱི་རྩ་བ་བླ་མའི་མོས་གུས།ཇོ་བཟང་གི་རྩ་བ་ཞེན་ལོག།སངས་རྒྱས་ཀྱི་རྩ་བ་རྟོགས་པ།འགྲོ་དོན་གྱི་རྩ་བ་སྙིང་རྗེ།།
1、五个根本:
一切佛法的根本是信心;一切加持的根本是敬信上师;修行的根本是厌离轮回;成佛的根本是觉悟;饶益众生的根本是悲心。
༢དེའི་རྟགས་ལྔ།དད་པ་སྐྱེས་པའི་རྟགས་སུ་ལོང་མེད་རྒྱུད་ལ་སྐྱེས་པ།བྱིན་རླབས།ཞུགས་པའི་རྟགས་སུ་རང་ལ་དམན་པའི་འདུ་ཤེས་སྐྱེས་པ།ཞེན་པ་ལོག་པའི་རྟགས་སུ་ཚེ་འདི་དགོས་མེད་དུ་ཤེས་པ།རྟོགས་པ་སྐྱེས་པའི་རྟགས་སུ་བློ་བདེ་མལ་དུ་ཚུད་པ།སྙིང་རྗེ་སྐྱེས་པའི་རྟགས་སུ་བཟང་ངན་འབྲིང་གསུམ་ལ་ཕན་འདོགས་པའོ།
2、实现五个根本之五标准:
生起信心的标准是相续中生起无暇之念;得到加持的标准是认为自己是身居卑位;
厌离轮回的标准是知道今世之事无有实义;生起觉悟的标准是心安理得;生起悲心的标准是能饶益善人、恶人、中间人等一切众生。
༈ རྫུན་བཅུ་གཅིག །
十一个虚伪
ཡང་རིན་པོ་ཆེའི་ཞལ་ནས།འགྱོད་པ་མ་སྐྱེས་པའི་བཤགས་པ་བྱེད་པ་ཡང་རྫུན་ཡིན།བློས་མ་ཐོང་པའི་སྦྱིན་པ་ཡང་རྫུན་ཡིན།ལོག་ལྟ་བསྒོམ་པའི་གསོལ་བ་འདེབས་པ་ཡང་རྫུན་ཡིན།འདོད་པ་ལ་བློ་མ་ལོག་པའི་རི་ཁྲོད་བྱེད་པ་ཡང་རྫུན་ཡིན།མི་ཆོས་ལ་ཞེན་པ་མ་ལོག་པའི་འཁོར་བ་ལ་འཇིགས་ཟེར་ནས་ཆོས་བྱེད་ཟེར་བ་ཡང་རྫུན་ཡིན།རང་རེས་བླ་མ་ཐུགས་ལ་མ་བཏགས་པར་བླ་མ་ལ་རང་ཐུགས་ལ་ཐོགས་ཟེར་བ་ཡང་རྫུན་ཡིན།ཡོན་ཏན་མ་སྐྱེས་པའི་ལོ་གྲངས་བགྲང་བ་ཡང་རྫུན་ཡིན།ང་མ་སོད་པའི་དམན་ས་འཛིན་ཟེར་བ་ཡང་རྫུན་ཡིན།རང་འདོད་མ་ཟད་པའི་འགྲོ་དོན་བྱེད་ཟེར་བ་ཡང་རྫུན་ཡིན།ཞེན་པ་ནང་ནས་མ་ལོག་པའི་སྒོམ་ཆེན་ཟེར་བ་ཡང་རྫུན་ཡིན།མཁན་པོ་མ་སྟོར་བའི་རྟོགས་ལྡན་ཟེར་བ་ཡང་རྫུན་ཡིན།ཞེས་རྫུན་བཅུ་གཅིག་གསུངས།ཆོས་རྗེ་རས་པའི་ཚོགས་ཆོས་མནོ་འཁོར་མ་ཆེ་བ་ལས་བཤུས།
尊者云:“若无后悔之心,所谓忏悔即是虚伪;若心里舍不得放下,布施亦是虚伪;若心持邪识邪见,祈祷亦是虚伪;若心里放不下贪欲,住于寂静处亦是虚伪;若不厌烦世间法,所谓畏惧轮回而修学佛法亦是虚伪;自己并没有把上师怀在心里,反求上师垂念亦是虚伪;若未生起任何功德,数十年的修行亦是虚伪;若未灭除我执,所谓身居低位亦是虚伪;若未去除自私自利的心,所谓利益众生亦是虚伪;若心中未生起厌烦心,所谓大修行者亦是虚伪;若不明了法义,所谓觉者亦是虚伪。”
古普·钦哲仁波切译