Appearance
Appearance
༄༅། །དག་སྣང་ཞིང་སྦྱོང་གི་ཁྲིད་ཡིག་སྐུ་གསུམ་ངོ་སྤྲོད་བཞུགས་སོ། །
直指三身佛
རྒྱལ་དབང་ཀུན་དགའ་དཔལ་འབྱོར།
嘉旺棍嘎巴觉 著
ན་མོ་མ་ཧཱ་མུ་དྲཱ་ཡ།
拿摩嘛哈木扎亚!
གདོད་ནས་རང་བཞིན་རྣམ་པར་དག་པ་རབ་འབྱམས་སྣང་བ་ཅན། །
本体本来清净且具无量之光明,
སྲིད་ཞིའི་སྣང་བ་ཅིར་ཡང་འཆར་བས་རྣམ་པ་ཐམས་ཅད་མཁྱེན་ཞེས་བརྗོད། །
显现各种有寂现象故名一切智,
ཇི་སྙེད་འགྲོ་ལ་དེ་སྙེད་ཆོས་སྟོན་གང་འདུལ་སྐུ་ཡི་མཛད་པའང་སྟོན། །
为无量众生现无量身说无量法,
སྐུ་གསུམ་དེ་ཉིད་ཅིག་པུར་ཡོངས་རྫོགས་བླ་ན་གནས་གང་གྲུབ་པ་མཆོག་རྣམས་རྒྱལ་གྱུར་ཅིག།
祈愿三身圆满合一无上觉者胜。
འདིར་གངས་རིའི་ལྗོངས་ཀྱི་སྐྱེས་བུ་སྐལ་བ་བཟང་པོ་ཅན་རྣམས་ཀྱི་སྣང་ངོར། ངོ་མཚར་རྨད་དུ་བྱུང་བའི་གྲུབ་པའི་རིང་ལུགས་པ་ཆེན་པོ། གྲུབ་མཆོག་དཔལ་ལྡན་འབྲུག་པ་ཞེས་སྙན་པའི་བ་དན་ས་གསུམ་ན་གཡོ་བར་མཛད་པ་དེའི་གསུང་གི་བདུད་རྩིའི་རིམ་པ་རྣམ་འབྱོར་ཅན་གྱི་དབང་ཕྱུག་རྣམས་ཀྱིས་སྐུ་ཉམས་སུ་བསྟར་བར་བྱ་བའི་ཁྲིད་ཀྱི་ཡི་གེ་ལས། ཟབ་མོ་ཁྲིད་ཆེན་བརྒྱད་དུ་གྲགས་པ་ཅན་རྣམས་འབྱུང་ཞིང་། དེ་དག་ལས་འདིར་ཟབ་མོ་དག་སྣང་ཞིང་སྦྱོང་གི་ཁྲིད་ཅེས་བྱ་བ་ཅུང་ཟད་ཅིག་ཡི་གེར་དགོད་པར་བྱའོ། །
在这片神奇的雪域,有福德诸贤人的眼中,奇特而非凡的成就者传承,世称为大圣具德竹巴尊。而具德竹巴美名之旗帜飘扬于三有当中,其教言甘露次第,诸瑜伽自在者实修引导文当中,出现了《甚深八大引导文》等窍诀法。在此简单的撰写其中之一《甚深净修刹土之引导文》。
དེ་ལ་གཙོ་བོར་སྔགས་ཀྱི་ཐེག་པ་དང་མཐུན་པར། ཞིང་སྐུ་གསུམ་དུ་སྦྱོང་བ་དང་། ཞར་བྱུང་དུ་ཐུན་མོང་གི་ཐེག་པ་དང་མཐུན་པར་ཞིང་བརྒྱུད་པའི་སྒོ་ནས་སྦྱོང་བ་དང་གཉིས་ལས། དང་པོ་ནི། ཞིང་ངོ་བོའི་སྒོ་ནས་ཆོས་སྐུར་སྦྱང་ཚུལ་དང་། ཞིང་རྣམ་པའི་སྒོ་ནས་ལོངས་སྐུར་སྦྱང་ཚུལ་དང་། བྱེད་ལས་ཀྱི་སྒོ་ནས་སྤྲུལ་སྐུར་སྦྱང་ཚུལ་དང་གསུམ།
全文分二:甲一、主要以金刚乘方法将刹土净修为三身佛;甲二、以共同乘方法逐步净修刹土。
甲一、以金刚乘方法将刹土净修为三身佛分三:乙一、以本体的门中刹土净修为法身佛的方法;乙二、以形相的门中刹土净修为报身佛的方法;乙三、以作用的门中刹土净修为化身佛的方法。
དེ་ལ་དང་པོ་ངོ་བོའི་སྒོ་ནས་སྦྱང་ཚུལ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་དྲི་མ་ཐམས་ཅད་གློ་བུར་བར་མཐོང་ཞིང། གློ་བུར་བ་དེ་ཡང་གཞི་དང་གནས་དང་རྟེན་མེད་པས་འཁྲུལ་པའི་རྩ་བ་དབྱིངས་སུ་ཆོད་ཅིང་། དེའི་ཚེ་སེམས་ཉིད་དག་པ་གཉིས་ལྡན་གྱི་ངོ་བོར་གྱུར་པས། སྣང་བ་ཐམས་ཅད་རང་ལས་གཞན་མ་ཡིན་པར་རྟོགས་པས། རང་འོད་ཀྱི་ཚུལ་དུ་ཕྱོགས་དང་རིགས་སུ་མ་ཆད་པར་ཁྱབ་ཅིང་རྒྱས་ལ་གསལ་བས་རང་བཞིན་གྱིས་འོད་གསལ་ཞེས་བྱ་ཞིང་། དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བྱའོ། །
乙一、以本体的门中刹土净修为法身佛的方法:
一切法本体清净,故而得见一切垢染皆是客尘所染。其客尘也无有根据,无有立处,无有依靠。因此,于法界中消除了迷乱的根源。此刻,心性转变成具足二净的本体,也证悟一切现象除了自心以外没有别的,以自光明的形式遍满整个法界,而且圆满明亮,故而称之为自性光明。而证悟自性光明即是证悟了诸法实相,故而称之为证悟智慧法身佛。
སྤང་བྱའི་དྲི་མ་རྣམ་པར་དག་པའི་སེམས་དང་། གྲོལ་བྱའི་ཡེ་ཤེས་མངོན་དུ་གྱུར་པའི་སེམས་ཀྱང་། རང་གི་སེམས་གཅིག་པུ་འཁོར་འདས་ཀྱི་ཕྱོགས་སུ་མ་ཆད་པས། གདོད་མ་ནས་མཉམ་པ་ཉིད་དུ་བཞུགས་པ་ལ། བཞུགས་པར་རང་ངོ་ཤེས་པའི་གནས་ལུགས་ཀྱི་རྟོགས་པ་ཉིད་དང་། དག་པ་གཉིས་ལྡན་གྱི་ཆོས་སྐུའམ། ཡང་ན་ཆོས་ནི་བདེན་པ་གཉིས་ལ་བྱ་སྟེ།
所断垢染彻底清净的心和所悟智慧彻底实现的心也仅仅是自心,其自心不堕落轮回和涅槃任何一边,故而本来是住于平等性。了悟平等住性之真实觉性和具足二净的法身或所谓的法即是二谛法。
དེ་སྐད་དུའང་མདོ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་ཏེ། ལུས་གཅིག་ཏུ་གྱུར་པའམ། དབྱེར་མེད་རྟོགས་པས་ཆོས་ཀྱི་སྐུ་ཞེས་བྱ། ཡང་ཆོས་ནི་ཤེས་བྱ་ཐམས་ཅད་ལ་བྱ་སྟེ། ཤེས་བྱ་དང་ཤེས་བྱེད་རོ་གཅིག་ཏུ་འདྲེས་པས། འཁོར་འདས་ཀྱི་བྱ་བ་ཐམས་ཅད་ལྷུན་གྲུབ་ཏུ་བྱེད་ཅིང་། དེ་ཐམས་ཅད་ཡེ་ཤེས་གཅིག་ཏུ་རྫོགས་པས་ཡེ་ཤེས་ཀྱི་སྐུའམ། ཆོས་ཀྱི་སྐུ་ཞེས་བྱའོ། །ཡང་ཆོས་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པས་མྱ་ངན་ལས་འདས་པ། སེམས་ཉིད་སངས་རྒྱས་སུ་བརྡའ་འཕྲོད་པས་དབང་། གཉུག་མའི་གཞིའི་རྟོགས་པ་གཉུག་མའི་སེམས་ལས་མངོན་དུ་གྱུར་པ་ལས་གཞན་མ་ཡིན་ཏེ།
如《经中》云:“诸佛说佛法,真实依二谛”,证悟融为一体或无二无别,故而称之为法身佛。所谓法又指一切所学法,即所学和能学融为一味,故而轮涅一切事业将任运成就,而且这一切圆满于智慧当中,故而称之为智慧身或法身佛。
所谓法又指二不住之涅槃,因以空性大悲藏的缘故,证得了有和寂两边都不住的涅槃,故而称之为不住涅槃。这是因为领悟心性即是佛,故而,这只是从原始的心中,就实现了原始的基位觉性而已。
རྡོ་རྗེའི་གནས་བདུན་པ་ལས་ཀྱང་། ཇི་སྲིད་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་པ་དང་། དག་པ་བཻདཱུརྱ་འདྲ་བའི། །སེམས་ལ་སངས་རྒྱས་འབྱུང་བའི་རྒྱུ། །ཞེས་གསུངས། ཡང་ཆོས་ནི་རང་གི་མཚན་ཉིད་འཛིན་པ་ལ་བྱ་སྟེ། དྷ་རི་འཛིན་པ་ལའོ། །ཞེས་པའི་བྱིངས་ལས། འཛིན་པ་ཞེས་པའི་དོན་རྙེད་པར་འགྱུར་ལ། དེ་ཡང་མེའི་མཚན་ཉིད་ཚ་ཞེས་པ། རང་གི་རང་བཞིན་ཡོངས་སུ་མི་འདོར་བའི་དོན་ཡིན་ལ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ཚུལ་ནི། ཆོས་ཀྱི་སྐུ་ལས་ནམ་དུ་ཡང་འདའ་བ་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པར་འཛིན་པ་ནི་ཆོས་ཀྱི་སྐུ་ཁོ་ན་ཡིན་ནོ། །
如《宝性论》云:“不证诸佛身,涅槃不可得,如弃舍光明,日不可得见。”又云:“犹如琉璃净心地,彼为现见佛陀因。”所谓法又指持有各自本质的法,谓“达日持”(梵文音译),即找回所谓的持有之义,比如,火的本质是热,即自无法脱离本性的意思。
同样,一切法的本质或自性与法身也是永不脱离的。因此,圆满地持有一切法的自性者唯有法身佛。
ཡང་ཆོས་ནི་གཞི་ལམ་འབྲས་གསུམ་ལ་བྱ་སྟེ། དེའི་ཚེ་ཇི་ལྟར་རྒྱལ་བའི་ཡུམ་ལས། རྣམ་དག་གི་རིམ་པ་གསུངས་པ་འདི་ཉིད་འདིར་ཚིག་ཉུང་ངུར་སྦྱར་ཏེ། གཞི་རྣམ་པར་དག་པས་ལམ་རྣམ་པར་དག་པ། ལམ་རྣམ་པར་དག་པས་འབྲས་བུ་རྣམ་པར་དག་པ་སྟེ། དེ་དག་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་འདོན་པ་ལས་ཁོང་དུ་ཆུད་པར་བྱའོ། །
所谓法又指基、道、果,如《般若波罗蜜多经》云:“清净之次第以简单词句而言,基清净故道清净,道清净故果清净。此等无二无别、无所分别、不异、不二,应当如是把握此义。”
ཡང་ཆོས་ནི་ངེས་པ་ལ་བྱ་སྟེ། དེ་ཡང་ཡིད་ཆེས་པའི་ཚིག་གིས་མི་བསླུ་བའི་དོན་ཡིན་ལ། བསྡུ་ན་ལུང་དང་རིགས་པ་མན་ངག་གསུམ་ཡིན་ཞིང་། དེ་དག་གིས་མངོན་སུམ་དུ་བྱ་བའི་དོན་ལ་བྱེད་པའི་མིང་གིས་བཏགས་པ་སྟེ། མི་བསླུ་བར་གནས་པའི་དོན་གྱིས་ན་ཆོས་ཀྱི་སྐུ་ཞེས་བྱའོ། །དོན་དེ་ལ་ཡེ་ཤེས་སྙིང་པོས་ཀྱང་། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་ཕུན་ཚོགས་ཀུན་ལྡན་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་ཀྱི་སྐུར། །ཞེས་གསུངས།
所谓法又指决定真实,是真实的语言谛实不谬之意。若归纳的话有三种,即教证、理证、密诀。此等能够准确无误的抉择事义,而且真实不虚的存在,故而称之为法身。如大智者叶西尼波云:“一切法的本体故,具备一切功德故,符合理证本性故,三世诸佛之法身。”
ཡང་ཆོས་ནི་བསམ་གྱིས་མི་ཁྱབ་པ་ལ་བྱ་སྟེ། སོ་སོ་སྐྱེ་བོའི་བློས་བསམ་པ་དང་དཔག་པ་དང་བརྗོད་པའི་ཡུལ་ལས་འདས་ཤིང་། ས་ལ་གནས་པའི་འཕགས་པ་དང་། དེ་དང་སྐལ་བ་མཉམ་པའི་རྣལ་འབྱོར་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ། སངས་རྒྱས་རྣམས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་སྐད་དུ་ཡང་། རྡོ་རྗེའི་གནས་བདུན་པ་ལས། ཕྲ་ཕྱིར་ཐོས་པའི་ཡུལ་མ་ཡིན། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་གསུངས་སོ། །
所谓法又指不可思议,这是非世间凡夫的思维、衡量、语言的行境。而仅仅是登地诸圣者,以及福慧与此同等之诸瑜伽士各各自证智慧的行境,亦即诸佛不二的真实智慧。如《宝性论》云:“微细故非闻慧境,胜义故非思慧境,法性甚深故亦非,世间修慧等行境。”
ཡང་ཆོས་ནི་ཇི་ལྟ་བ་དང་ཇི་སྙེད་པ་ལ་བྱ་སྟེ། དེ་ཡང་གནས་ཚུལ་ལས་གཞན་དུ་འདའ་བ་མེད་པས་ཇི་ལྟ་བ་དང་། རྣམ་འགྱུར་ཅིར་ཡང་འཆར་བས་ཇི་སྙེད་པ་མཁྱེན་པ་སྟེ། མཁྱེན་པའི་སྐད་ཅིག་གཅིག་ཉིད་ལ་མངོན་དུ་བྱེད་པའི་ཚུལ་ཡང་། མཚན་ཡང་དག་པར་བརྗོད་པ་ལས། ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་གསུངས་། དེ་ཉིད་སེམས་ལ་མངོན་དུ་བྱེད་པའི་ཚུལ་ཡང་། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་པ་དང་། ས་ར་ཧས། སེམས་བཅིངས་པས་ནི་འཆིང་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །ཅེས་གསུངས།
所谓法又指如所有和尽所有,不离与实相,故而为如所有。而显现种种形象,故而为尽所有。智慧一刹那间圆满的方式,《佛说文殊菩萨最胜真实名义经》云:“一切智通达,超过识法性,无二智可观,圆成无分别。”心现本性之方式,如云:“一法即诸法本性。”萨热哈亦云:“心结则束缚,解缚则无疑。”
རྟོགས་ན་སེམས་ལས་གཞན་མ་ཡིན་པའི་ཚུལ་ཡང་། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས། དེས་ན་འཁོར་འདས་ཀྱི་རྩ་བ་སེམས་ཡིན་པའི་ཚུལ་ཡང་། གྲུབ་པའི་དབང་ཕྱུག་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་གསུངས། དེ་ཉིད་ཀྱི་གནས་ཚུལ་ཡང་། དགོངས་པ་ལུང་སྟོན་གྱི་རྒྱུད་ལས། དུས་གསུམ་མཁྱེན་པས་མ་བྱས་པའི། །རྟོགས་པ་ནམ་མཁའ་ལམ་འཁྱེར་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོ་རང་རིག་སྤྱོད་ཡུལ་ལོ། །ཞེས་དང་། དེ་ཉིད་རྟོགས་པར་བྱེད་པའི་ཐབས་ཀྱང་། ཧེ་བཛྲ་ལས། གཞན་གྱི་བརྗོད་མིན་ལྷན་ཅིག་སྐྱེས། །ཞེས་སོགས་དང་རྒྱ་ཆེར་སྦྱར་བས་རྟོགས་པར་བྱའོ། །
若是开悟了,心外却无有一法,如《金刚幕》云:“珍宝心以外,无佛无众生。”因此,轮回和涅槃的根本即是心,对此大成就者萨热哈云:“心性一切法种子,此心出现有和寂。”《密意授记续》亦云:“遍知三时者非造,悟心虚空道用名,此乃唯一了义法,各各自证慧行境。”彼证悟的方法,《喜金刚》云:“俱生智慧非他说。”对此等内容广泛地思考而了知其意。
ཡང་ཆོས་ནི་ཟབ་པ་དང་རྒྱ་ཆེ་བ་ལ་བྱ་སྟེ། ཟབ་པ་ནི་གཏིང་དཔག་དཀའ་བ་དང་། རྒྱ་ཆེ་བ་ནི་མཐའ་ཆོད་པར་དཀའ་བ་སྟེ། གཏིང་མཐའ་མེད་པའི་ཚུལ་ཡང་། ཆོས་ཀྱི་དབྱིངས་ནམ་མཁའ་དང་མཉམ་པར་ཐུག་པ་མེད་པ་ལ་བྱ་སྟེ། དེའི་རྒྱུ་མཚན་གྱིས་བྲི་བ་དང་གང་བ་མེད་པའི་ཚུལ་ཡང་སྟོན་ནོ། དེས་ན་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་ལ། མཐའ་ཡས་པ་མཐའ་ཡས་པའི་སྐད་ཀྱིས། མཐའ་ཡས་པ་མཐའ་ཡས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད་པའི་སྐུ་ཅན་ཡིན་པས། ཆོས་ཀྱི་སྐུ་ཞེས་བྱ།
所谓法又指深和广,深则是难以衡量其深度,广则是无法找到其边际。也就是说,如虚空一般的法界深广无涯、深远难测,故而亦表示法界是不增不减之理。在无边无际的虚空中,对无边无际的众生,以无边无际的语言,转无边无际的法轮者,故而称之为法身佛。
སློབ་དཔོན་སེང་གེ་བཟང་པོ་ཞབས་ཀྱིས་ཀྱང་། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ་གང་དང་ལྡན་པ་སངས་རྒྱས་ཡང་དག་པར་བསྡམས་པའི་སྐུ་ཅན། ཞེས་པའོ། །སྔགས་ཀྱི་ཐེག་པ་ལ་ཞུགས་པའི་ཚེ། སྒོ་གསུམ་མི་མཐུན་ཕྱོགས་ཀྱི་འཇུག་པ་ལས་རང་གྲོལ་བས་རྣམ་པ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་མངོན་གསུམ་དུ་རྟོགས་པ་ལ་བྱེད་པས། འབྲས་བུ་ཕྱི་མའི་དུས་ལ་ལྟོས་པ་ནི་མ་ཡིན་གྱི། འོན་ཀྱང་བརྟན་པའི་སླད་དུ་ཧེ་རུ་ཀའི་སྤྱོད་པ་རྫོགས་པར་བྱེད་པ་ཡིན་ནོ། །
阿阇梨森格松波云:“何者了悟一切法则不生,即是真正证悟法身者。”入密宗金刚乘时,三门远离了异品(违缘品),故而在当下现量证悟了一切形相即是智慧的游舞,因此,并不是以后才获得果位。但是为了坚定正见,依然圆满地行持嘿如嘎之行。
དེས་ན་ཞིང་ངོ་བོའི་སྒོ་ནས་སྦྱོང་ཚུལ་ཞིང་ཆོས་སྐུར་སྦྱང་བ་ཞེས་པ་འདི་ནི། མ་དག་པའི་སྣང་བ་ཐམས་ཅད་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་འཆར་བར་བྱེད་པའི་མན་ངག་གི་སྙིང་པོ་ཡིན་པར་ཤེས་པར་བྱའོ། །དེ་ལ་ཡང་འགའ་ཞིག་གི་བསམ་པ་ལ་འདི་སྙམ་དུ། རྣམ་རྟོག་ཆོས་སྐུར་འཆར་བ་དང་། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞེས་པའི་རྣམ་གཞག་ནི་འཐད་པ་མ་ཡིན་ཏེ། མ་དག་པའི་སྣང་བ་ལ་དག་པའི་མཚན་གཞི་མི་རུང་ངོ་སྙམ་དུ་སེམས་པར་བྱེད་ཅིང་། ཚུལ་འདི་ལྟ་བུ་ལ་མ་རངས་པའི་ཚིག་མང་དུ་སྨྲ་བར་བྱེད་དོ། །
因此要知道,所谓以本体门中刹土净修为法身佛的方法,是将一切不清净的现象转化为无边清净坛城的秘诀要领。
对此有人认为:所谓寻思转化为法身,以及迷乱转变为智慧的理论是不合理的,因为不清净的现象不可以安立为清净的事相。就这样,会说出很多不满的言辞。
དེ་ལ་ཐེག་པ་ཆེ་ཆུང་དང་ལྟ་བ་མཐོ་དམན་དང་གྲུབ་མཐའ་གོང་འོག་གང་གི་ལུགས་ལ་ཡང་། རང་གི་ལུགས་རྣམ་པར་བཞག་པ་ནི་གནས་ལུགས་ཀྱི་སྟེང་ནས་འཇོག་པར་བྱེད་དེ། གནས་ཚུལ་ལས་གཞན་པའི་སྒྲོ་འདོགས་ཀྱི་སྟེང་ནས་འཇོག་པར་མི་བྱེད་དོ། །གང་རྣམ་པར་རྟོག་པ་ནི་ཐོག་མ་མེད་པ་ནས་སྒྲོ་བཏགས་པའི་བག་ཆགས་ཡོངས་སུ་བསགས་པའི་སྣང་ཚུལ་ཡིན་གྱི། གནས་ཚུལ་མ་ཡིན་པའི་ཕྱིར། རྣམ་པར་རྟོག་པས་རྣམ་པར་བཏགས་ཏེ་ཆོས་སྐུ་མ་ཡིན་པར་བསྒྲུབ་པ་ནི་འཁྲུལ་པ་དབང་བཙན་པར་བྱས་པའི་གཏམ་ཡིན་པས། རང་བཞིན་ཡོངས་སུ་མ་ཤེས་པ་རྣམས་ངལ་བ་ལྷུར་ལེན་པ་དང་། གྱི་ནར་འཁྱམས་པའི་རྒྱུ་ཡང་འདི་ཉིད་ལས་གཞན་དུ་མི་བསམ་མོ། །
对此,无论是大乘还是小乘,高见解还是低见解,上部宗轮还是下部宗轮,各派的观点都建立在真理的基础上,而并不是建立在虚构非真理的基础上。
一切的分别心,即是从无始以来所积累下来的虚构的习气现象,而并非事实真相。以分别心来安立寻思非法身的观点,只是内心极为迷乱的状态下所说的话而已。所以我想,这只是尚未了知诸法实相的人们,在毫无意义的事情上任劳任怨而已,而这也是他们变成凡夫俗子的主要原因。
དེ་ལ་འདི་ལྟར་འདོད་པ་ནི། ངོ་བོའི་སྒོ་ནས་ཡིན་ཚུལ། རྣམ་པའི་སྒོ་ནས་འཆར་ཚུལ། བྱེད་ལས་ཀྱི་སྒོ་ནས་འགྲུབ་ཚུལ་གསུམ་གྱི་སྒོ་ནས་ཤེས་པར་བྱ་སྟེ། དང་པོ་ནི། ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དུ་གནས་པ་ཡིན་ཞིང་། དེ་ལྟར་མ་ཡིན་ན་ནི་སྦྱངས་ཀྱང་དེ་དག་ཏུ་འགྱུར་མི་སྲིད་དེ། སོལ་བ་འོ་མའི་རྒྱུན་གྱིས་ཇི་ཙམ་བཀྲུས་ཀྱང་དཀར་པོར་མི་འགྱུར་བ་བཞིན། རང་གི་རང་བཞིན་ཡོངས་སུ་མི་འདོར་བ་ཡིན་ནོ། །
对此保持如此之观点,应当了知,以本体的门中如何清净,以形相的门中如何显现,以作用的门中如何圆满完成。
一者以本体的门中如何清净:一切法本来是住于清净、自然光明、无为任运圆成的法性中。如果不是这样,即便净修了也不可能变成清净,就如同黑炭用牛奶清洗,再怎么清洗也无法变成白色一样,亦无法摆脱自己的本性。
གཉིས་པ་རྣམ་པའི་སྒོ་ནས་འཆར་ཚུལ་ནི། རང་བཞིན་དེ་ཡང་རྣམ་པ་ཅིར་ཡང་འཆར་དུ་རུང་བ་སྟེ། དེ་སྐད་དུ་ཡང་། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །ཅེས་གསུངས་པ་ལྟར་བདེ་བར་གཤེགས་པ་རྣམས་ལ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའམ་གསང་བ་བསམ་གྱིས་མི་ཁྱབ་པ་བརྟན་གཡོའི་རྣམ་པ་ཐམས་ཅད་པར་འཆར་ལ། རྣལ་འབྱོར་པ་རྣམས་ལ་ཉམས་དང་ཏིང་ངེ་འཛིན་གྱི་རོལ་པ་མཐའ་ཡས་པར་འཆར་ཞིང་། སོ་སོ་སྐྱེ་བོ་རྣམས་ལ་རང་གི་ལས་རྣམ་པར་སྨིན་པ་ལས་གྲུབ་པའི་འཁྲུལ་པའི་སྣང་བ་དཔག་ཏུ་མེད་པར་འཆར་མོད་ཀྱི། ཐམས་ཅད་ཀྱང་སྣང་ཚུལ་གྱི་ཁྱད་པར་གྱིས་དེར་བཞག་པ་མ་གཏོགས། ངོ་བོའམ་རང་བཞིན་གྱི་ཁྱད་པར་ཅུང་ཟད་ཀྱང་མེད་དེ། དེའི་ཕྱིར། རང་བཞིན་ཡིན་ལུགས་མངོན་དུ་བྱས་པའི་རྣལ་འབྱོར་རྟོགས་པ་དབང་བཙན་དུ་བྱས་པ་ཡིན་ལ། དེ་ལྟར་མ་ཡིན་ན་རྣལ་འབྱོར་པས་མངོན་དུ་བྱས་པའི་ཚེ་རང་བཞིན་ནི་མ་ཡིན་པ་གཞན་མངོན་དུ་བྱས་པར་འགྱུར་རོ། །
二者从形相的门中如何显现:其本体也能显现种种现象,如云:“诸法如形象,净明亦无浊。”诸善逝身语意无穷的庄严轮,或不可思议的三密显现于整个器情世间,诸瑜伽士则显现无尽的觉受和三摩地游舞,而众凡夫则显现自己的异受果所形成的无量无边之迷乱现象。但是,这一切只是在显现上的差别而安立的,在自性或本体上没有任何的差别。
因此,真实地证悟诸法自性的瑜伽士智慧为实相,否则的话,瑜伽士所证悟的境界就变成了非自性的境界。
དེ་ལྟར་ཡིན་ཡང་མ་རྟོགས་པའི་གནས་སྐབས་སུ་འཁྲུལ་པ་ཡིན་པས་སོ་ཞེ་ན། མ་རྟོགས་པའི་གནས་སྐབས་སུ་འཁྲུལ་བ་ཡིན་པར་ངེད་ཀྱང་བཞེད་མོད་ཀྱི། དེས་འཁྲུལ་པའི་རང་བཞིན་ཡེ་ཤེས་མ་ཡིན་པར་མི་འགྱུར་ཏེ། དཔེར་ན་མཁྲིས་ནད་ཅན་གྱི་ངོར་དུང་སེར་པོར་འཛིན་པ་འཁྲུལ་སྣང་ཡིན་ཡང། དེའི་དུས་སུ་དུང་གི་རང་བཞིན་དཀར་པོ་མ་ཡིན་མི་འགྱུར་པ་བཞིན་ནོ། །
如果你认为,即便如此,但尚未证悟之时还是处于迷乱的状态啊!是的,我们也认为尚未证悟的时候就是迷乱,但是,无论怎样迷乱,其迷乱的本性始终都是智慧。比如说,虽然黄胆病患者在迷乱中认为海螺的颜色是黄色,但此刻海螺本体的白色并没有变成黄色一样。
གཞན་ཡང་རྣམ་པར་རྟོག་པ་ཞེས་པའི་དོན་བདེན་གྲུབ་བམ། རྟག་པའམ་ཚུགས་ཐུབ་པ་ཞིག་ཡོད་ན་ཁྱེད་ཅག་འདོད་པ་ལྟར་བདེན་དུ་ཆུག་ནའང་། དེ་ལྟར་ན་མེད་པའི་རྒྱུ་མཚན་དུ་མ་ཁྱེད་ཀྱིས་ཀྱང་འདོད་པར་སྣང་ཞིང་། ཆོས་ཐམས་ཅད་ཀྱི་གནས་ཚུལ་སྟོང་ཉིད་ཡིན་པའི་རྒྱུ་མཚན་གྱིས། རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་འཆར་དུ་རུང་བ་ཡང་། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །
再者,如果有一个成为实有的、常有的、坚固的寻思,那你们的观点也算是正确的。但是,与此同时也发现你们已经以各种逻辑否定了这样的观点。
就因为一切法的本质是空性,所以能显现包括遍智在内的一切法,如(《中观根本慧论》)云:“以有空义故,一切法得成。”
ཆེད་དུ་མ་བསྒྲུབས་ཤིང་རང་གིས་གྲོལ་བ་དང་། ཡིན་ལུགས་ཤིག་གི་སྟེང་དུ་དེ་གཉིས་ཀ་ཡང་མི་འགལ་བར་མཚུངས་པས། དྲི་མ་ཡེ་བྲལ་གྱི་མཚང་རིག་པས་སྤངས་པའི་ཐ་སྙད་འཇོག་པ་དང་། རང་བཞིན་ནི་མངོན་དུ་གྱུར་པ་ལ་རྟོགས་པའི་ཐ་སྙད་བཞག་པ་གཉིས། མིང་དང་བརྡ་ཙམ་དུ་རྣམ་པར་དབྱེ་བ་བྱས་པ་དང་། རང་གི་ངོ་བོ་ཉིད་ཀྱིས་དབྱེར་མེད་པའི་མཚན་ཉིད་ཅན་ནི། སོ་སོ་སྐྱེ་བོའི་བློ་ལ་འགལ་བ་ལྟར་སྣང་ཡང་། འཕགས་པའི་མཉམ་གཞག་དང་རྣལ་འབྱོར་པའི་བློ་ལ་མི་འགལ་བར་ཁོང་དུ་ཆུད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སམ། དུ་མ་རོ་གཅིག་གི་རྣལ་འབྱོར་རམ། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཞེས་བྱ་ཞིང་།
没有特意去造作,而自然地解脱,这从实相的角度来说同样是不矛盾的。因证悟本来清净之要点,故而安立为“断”的名词,因其自性则是圆满实现,故而安立为“证”的名词。这两者只是在名词和表法上的差异,其本质上无二无别。这在凡夫的分别心而言,可能会显得有所矛盾。但是,在圣者的平等住性和瑜伽士的智慧而言,这样不但不矛盾,反而圆满地了悟其义。故而称之为平等性智,或诸多一味之瑜伽,或圆满地实现佛的智慧。
དེ་ཡང་རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་གདམས་པ་དང་། བྱིན་རླབས་དང་འབྲེལ་བ་སྙན་རྒྱུད་ཀྱི་གདམས་པ་ཁོ་ན་ལས་ཁོང་དུ་ཆུད་པར་བྱའོ། །དེ་དག་དང་མ་འབྲེལ་བའི་སོ་སོ་སྐྱེ་བོའི་བློས་ཅི་ཙམ་བརྟགས་ཀྱང་ཁོང་དུ་མི་ཆུད་པའི་ཕྱིར། རྟོག་གེའི་བློའི་སྤྱོད་ཡུལ་མ་ཡིན་པ་དང་བསམ་གྱིས་མི་ཁྱབ་པ་ཞེས་ཀྱང་བྱ་ཞིང་། དེ་རྟོགས་པའི་སྐལ་བ་དང་མི་ལྡན་པ་ལ་སྣོད་དུ་མ་གྱུར་པ་ཞེས་ཀྱང་བྱའོ། །
这只有与密续有关的方便道(和合往生法)教授,以及与加持有关的耳传法教授来领悟其要点。除此之外,凡夫的分别心无论怎样判断,不可能领悟到其境界。因此,这并非推理者的行境,而是为不可思议之境界。对此法没有机会证悟的人,则称之为根器尚未成熟之人。
དེ་ལ་འདི་སྙམ་དུ། ལམ་འདི་ནི་བྱ་རྩོལ་དང་བྲལ་བ་ཡིན་ན། བྱེད་ལས་ཀྱི་སྒོ་ནས་གྲུབ་པ་ཞེས་བྱ་བའི་དོན་དུ་མི་འགྱུར་རོ་སྙམ་ན། འབད་པ་མེད་པར་ལྷུན་གྱིས་གྲུབ་པ་ཉིད་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ་སྟེ། སྒྲ་ཇི་བཞིན་མ་ཡིན་པས། དོན་ཐུན་མོང་མ་ཡིན་པ་གཏན་ལ་འབེབས་པའི་སྐབས་འདི་དག་ཏུ། གང་ཟག་དང་། འདྲ་བའི་དོན་དང་། རྣམ་པར་ཤེས་པ་དང་། རྣམ་ཤེས་དང་། ཚིག་ལ་མི་རྟོན་ཞིང་། ཆོས་ཉིད་ཀྱི་རིགས་པ་འབའ་ཞིག་གིས་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་རྟོན་པ་བཞི་དང་ལྡན་པར་རྟོན་པ་ཡིན་ནོ། །
对此,如果你认为,此道若是远离造作的道,那么其作用的门中岂不成了有造作的吗?无劳而自成性称之为成所作智,这是非如实之音。抉择不共意义时,不依于补特伽罗、不了义、心识、词语,而是仅仅以法性的明智来四依于真实性方面。
འདིར་ནི་རྒྱུ་མཚན་ཅན་གྱི་སྒྲ་དང་། འདོད་རྒྱལ་གྱི་སྒྲ་ལའང་ཁྱད་པར་མེད་ཅིང་། གསུང་རབ་ཀྱི་སྒྲ་དང་ཕལ་པའི་ཚིག་ལའང་ཁྱད་པར་མེད་དེ། འགྲེལ་པ་དྲི་མ་མེད་པའི་འོད་ལས། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དབྱེ་ཆེན་པོ་མེད། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ཡུལ་ལ་རྟག་ཏུ་འཇུག། ཅེས་པ་དང་། ཡུལ་གྱི་སྒྲ་རྣམས་ཀྱིས་ཀྱང་དོན་ཤེས་ན། །དེ་ལ་བསྟན་བཅོས་སྒྲ་ཡིས་ཅི་ཞིག་བྱ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་སྟེ། །ངང་པས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །ཅེས་པས་ཐབས་ལ་མི་མཁས་པའི་སྐྱེས་བུས་ཆུ་དང་འོ་མ་ཇི་ཙམ་འབད་ཀྱང་ཕྱེད་པར་མི་འགྱུར་ཞིང་། ངང་པའི་རྒྱལ་པོའི་མཆུ་དང་རབ་ཏུ་མཚུངས་པའི་བླ་མ་བརྒྱུད་པའི་བྱིན་རླབས་དང་། བརྡ་ཐབས་ཀྱིས་མན་ངག་གི་རིམ་པ་ཁོ་ན་ལས་རྟོགས་པར་བྱེད་དགོས་སོ། །
在此,有理的词语和无理的词语无有区别,同样,经典的词语和世俗的词语也无有区别。如《无垢光疏》(时轮金刚)云:“对希求遍智道的人而言,有理之语和无理之语没有太大区别,即便是各种方言也有其大用之处。”又云:“方言能表义,何需另论词,牛奶入水中,鹅王能取用。”所以,没有善巧方便的人再怎么努力,也无法享用水中的牛奶。而是要如同鹅王嘴唇一般的传承上师加持,以及表法密诀之次第来证悟其义。
གཉིས་པ་ཞིང་རྣམ་པའི་སྒོ་ནས་ལོངས་སྐུར་སྦྱོང་ཚུལ་ནི། རང་བཞིན་ཆོས་སྐུ་ཡིན་ན་དེའི་རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུ་འོས་མེད་དེ། གང་བརྟན་གཡོའི་དངོས་པོ་ཐམས་ཅད་བདེ་བ་ཆེན་པོར་རྫོགས་པར་ལོངས་སྤྱོད་པར་མཛད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་ཡིན་ཏེ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་སོགས་གསུངས་པ་ལྟར། རྣམ་འགྱུར་མཐའ་དག་བདེ་བར་ལོངས་སྤྱོད་པ་ནི་སྔགས་ཀྱི་ཐེག་པའི་ཁྱད་ཆོས་ཡིན་ཞིང་། ཐེག་པ་འོག་མ་རྣམས་ལ་འདི་མི་འབྱུང་སྟེ། དེ་རྣམས་སུ་འབྲས་བུ་ལམ་དུ་བྱེད་པའི་ཐབས་མི་འབྱུང་བའི་ཕྱིར་དང་། དེའི་རྒྱུ་མཚན་གྱིས་བདེ་བ་དངོས་ཡུལ་དུ་བྱེད་པའི་ཐབས་སྟོན་པ་སྐབས་སུ་བབ་པའི་ཕྱིར་དང་། དེ་ཡང་སྐལ་པ་མཆོག་དམན་གྱི་སྒོ་ནས་ལམ་དེ་ལ་མི་དབང་བའི་ཕྱིར་ཏེ། ལམ་དང་འབྲས་བུ་ལྷན་ཅིག་ཏུ་དམིགས་པ་འགལ་བར་སེམས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་རྨོངས་པའི་ཕྱིར་རོ། །
乙二、以形相的门中刹土净修为报身佛的方法:
既然一切法的本体是法身佛,那么其形相自然是圆满报身佛。一切器情法,在大乐中圆满地享用福报,故而称之为圆满报身佛。如云:“谓大乐即一,一姿多游舞。”一切现象享用为大乐是金刚乘的特点,其它下乘中不会出现这种修法,因为下乘中没有转果为道用的修法,所以宣讲大乐实境修法的时机已成熟。
有的人不适合修持此道,是因为每个人的善根福德不一样的缘故。有的人认为同时修炼道和果是矛盾的,这是因为此人愚昧于俱生智慧之缘故。
བླ་མ་དམ་པའི་དྲིན་ལས་དབང་བཞིའི་རྟོགས་པ་བརྡ་དོན་འཕྲོད་པའི་གང་ཟག་གིས་སེམས་ཉིད་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་དུ་ཡོངས་སུ་ཤེས་པ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་དེའི་རྣམ་པའམ་རང་འོད་ཀྱི་ཚུལ་དུ་མཐོང་བར་འགྱུར་བས། མཐོང་བ་ཐམས་ཅད་རང་ལས་གཞན་མ་ཡིན་པ་ཉིད་དུ་མཐོང་བས་དེ་ཁོ་ན་ཉིད་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་ལ། དེར་མཐོང་བ་དང་རྟོགས་པའི་རྣམ་པ་ཐམས་ཅད་ལ་སྣང་བ་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། དེ་སྐད་དུ་ཡང་། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་ཀུན་རང་བཞིན་རྙོག་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་གསུངས་པ་ལྟར་ཡིན་ཞིང་།
承蒙殊胜上师的恩德,获得四灌顶智慧表义的补特伽罗,彻底了悟俱生空性智慧,故而,看到一切轮涅法皆是俱生智慧的形相或显现出来的自我光明。因而领悟所看到的一切,除了自心以外不是别的,故而称之为空性或俱生智慧。而所看到的,领悟到的一切形相,则称之为现象俱生。如云:“万物如何现,主乃自本尊,诸法性无浊,应观佛智慧。”
དེ་ལྟ་བུའི་འགྲོས་ཀྱིས་སྣང་བ་ལྷ་སྐུར་འཆར་བ་ཡང་། ཧེ་བཛྲ་ལས། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། །རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག། ཅེས་པའི་རང་གཟུགས་དང་ལོངས་སྐུ་ནི་དོན་གཅིག་པ་ཡིན་ནོ། །དེ་ལྟར་ཡིན་པ་ལ་ཡིན་པར་སྦྱོང་བར་བྱེད་པ་ནི། ལམ་རིམ་པ་གཉིས་ཀྱི་སྒོ་ནས་སྦྱོང་སྟེ། ཇི་ལྟར་སྦྱོང་བ་དེ་ལྟར་བྱང་ཆུབ་པ་ན། གོམས་པ་མཐར་ཕྱིན་པ་མི་སློབ་པའི་ཟུང་འཇུག་གི་ལམ་ཞེས་བྱ་སྟེ། རིམ་པ་གཉིས་ཀྱི་བཟོད་པ་མཐར་ཕྱིན་པར་བྱས་པ་ཡིན་ནོ། །
如此之方式,将现象显现为佛身,如《喜金刚》云:“俱生所生法,谓自性俱生,一切相总体。”所谓的自我形相和报身佛即是一。
如此之理,如实地净修,应以二次第的门中净修。在净修如实获得娴熟时,则称之为究竟圆满地串习无学双运之道,即圆满证得了二次第之忍。
དེ་ལ་རིམ་གཉིས་ཟུང་འཇུག་གི་ངོ་བོ་ཉིད་ན་ཡང་ལམ་རིམ་གྱིས་པའི་དབང་དུ་བྱས་ནས་གོ་རིམ་གསུམ་དུ་འགྱུར་ཏེ། བསྐྱེད་རིམ་གཙོ་བོར་གྱུར་པའི་སྐབས་དང་། རྫོགས་རིམ་གཙོ་བོར་གྱུར་པའི་སྐབས་དང་། རིམ་པ་གཉིས་མཉམ་པར་གནས་པའི་སྐབས་ཞེས་བྱའོ། །འདི་གསུམ་ལ་སྤྲོས་བཅས་ཀྱི་རྣམ་འབྱོར། སྤྲོས་མེད་ཀྱི་རྣལ་འབྱོར། ཤིན་དུ་སྤྲོས་མེད་ཀྱི་རྣལ་འབྱོར་ཞེས་བྱ་ཞིང་། དེ་ཡང་ཧེ་བཛྲ་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་གསུངས་པས། མ་དག་པ་འཁོར་པའི་ཆོས་བདེན་པར་འཛིན་པ། སྡུག་བསྔལ་དུ་འཛིན་པ། ཐ་མལ་དུ་ཞེན་པ་གསུམ་གྱི་འཁོར་ལོ་ལྷན་ཅིག་ཏུ་གཅོད་པར་བྱེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནི། ཆེད་དུ་དམིགས་པའམ་བསྐྱེད་པའི་རིམ་པ་ཡིན་ནོ། །
这二次第双运之本体,如果以渐悟者而言,可分为三种次第,即生起次第为主的时候、圆满次第为主的时候、生圆二次第同修的时候。此三种次第也称之为有戏论之瑜伽,无戏论之瑜伽,极无戏论之瑜伽。《喜金刚》云:“生起次第瑜伽士,戏论观如梦之境,戏论亦转无戏论。”因此,将不净的轮回法执着为实有、执着为痛苦、执着为平凡等三轮执着,能一起断除之坛城轮,则是特别之所缘或生起次第。
དེས་ན་བསྐྱེད་རིམ་གྱི་མི་མཐུན་ཕྱོགས་ལ། ཐ་མལ་གྱི་ཆ། སྣང་བའི་ཆ། ཞེན་པའི་ཆ་གསུམ་དུ་ཡོད་པས། ཐ་མལ་སྣང་ཞེན། ཞེས་བསྡོམས་ནས་བརྗོད་པ་ཡིན་གྱི། ཐ་མལ་དུ་ཞེན་པའི་ཞེས་འབྲེལ་བ་མེད་པའི་ཚིག་གིས་གོ་བསྒྲིབ་པར་མི་བྱའོ། །ཐ་མལ་གྱི་སྒྲས་དམན་པ་དང་། སྣང་བའི་སྒྲས་རྣམ་རྟོག་གམ་འཁྲུལ་སྣང་དང་། ཞེན་པའི་སྒྲས་དེ་མ་ཡིན་པ་ལ་ཡིན་པ་དེར་འཛིན་གྱི་དམིགས་གཏད་རྣམས་བསྐྱེད་རིམ་པའི་མ་དག་པའི་སྣང་བའི་ཆ་ཡིན་པས། དེ་རྣམས་རིམ་པ་དང་པོ་འདིས་དག་པའི་སྣང་བར་སྦྱོང་ཞེས་པའོ། །
而生起次第的违品有三分,即平凡分、现象分、及贪执分。所谓的“贪执平凡现象”则是不准确的术语,不可以错误的术语去误解真实意义。平凡的词所表达的平庸,现象的词所表达的寻思或迷乱,贪执的词所表达的假的执着为真的所缘等,皆是生起次第的不净现象分。因此,此等现象以生起次第来净修为清净。
དེ་ཡང་ང་རྒྱལ་བརྟན་པས་ནི་ཐ་མལ་དུ་འཛིན་པ་སྦྱོང་བར་བྱེད་ཅིང་། རྣམ་པ་གསལ་བས་ནི་འཁྲུལ་པའི་རྣམ་རྟོག་སྦྱོང་བར་བྱེད་ལ། རྣམ་དག་དྲན་པས་ནི་དེ་མ་ཡིན་ལ་དེར་འཛིན་གྱི་དམིགས་པ་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པར་སྒོམ་པ་ནས། ལྷ་དཔའ་བོ་གཅིག་པའི་བར་གང་སྒོམ་ཡང་། ཆོས་འདི་གསུམ་དང་ལྡན་ན་བསྐྱེད་པའི་རིམ་པར་འགྱུར་ཏེ། རྣམ་པ་ལ་རྒྱས་བསྡུས་སམ་སྤྲོ་བསྡུའི་ཁྱད་པར་མ་གཏོགས་ཁྱད་པར་གཞན་ཅི་ཡང་བརྗོད་རྒྱུ་མེད་ཅིང་། རང་བཞིན་དང་བྱེད་ལས་གཅིག་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །དིང་སང་གི་བསྐྱེད་རིམ་གྱི་ཡན་ལག་གི་སྤྲོས་པ་རྣམས་ལ། བསྐྱེད་རིམ་གྱི་མཆོག་ཏུ་འཛིན་ཞིང་། ཡན་ལག་དེ་དག་གི་ལུས་སམ་རྩ་བ་གང་ཡིན་ངོས་འཛིན་པ་ཙམ་ཡང་མི་བྱེད་པ་མཐོང་ལ།
“佛慢坚固”能净除平庸的实执,“明相”则能净除迷乱的寻思,“真实观”则能净除假的实执为真的所缘。无论是详细地观修坛城轮,还是简易地独修一尊佛,若具此三法(佛慢坚固、明相、真实观)则成了生起次第之修。这除了详略和射收的区别之外,并没有其它区别之说,因为其本体和作用都是一样的。我看到,如今观修生起者,于生起次第分支之戏论执取为生起次第,而其分支的体或根是什么?连辨别都没有。
ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨཀོ྅ཧཾ། ཞེས་པའི་སྔགས་དོན་སྟོང་ཉིད་ཡེ་ཤེས་ཀྱི་རྡོ་རྗེའི་དོན་རྗེས་སུ་དྲན་པར་བྱེད་ན་ཡང་། བསྐྱེད་རིམ་གྱི་སྔོན་དུ་འགྲོ་བའི་ཆོས་སམ། རིམ་པ་འདིའི་ཆ་ཤས་ཕྲ་མོ་ཙམ་ཞིག་ཡིན་པར་བཟུང་ནས། རྣམ་པར་རྟོག་པའི་དགག་རྟགས་དུ་མས་འཚོ་བར་བྱེད་པ་ནི། བསྐྱེད་རིམ་དོན་གཞན་དུ་འགྲོ་བའི་ཉེན་ཆེའོ། །དེས་ན་ལྷའི་དེ་ཁོ་ན་ཉིད་དྲན་པ་རྩ་བར་བཟུང་ནས། དེའི་ཡན་ལག་དུ་མ་ལ་རྩལ་སྦྱོང་བར་བྱེད་པ་ནི་ཐབས་མཆོག་ཏུ་གྱུར་པ་ཡིན་ནོ། །
秀乃达甲那白杂所巴瓦哎玛搞沆!虽然有随念此咒的意义——空性智慧之金刚。但是,如果认为此咒只是生起次第的前行法,或只是生起次第的微小部分,进而产生许多分别心之所破因,若是那样,生起次第之真实意义很容易变质。因此,持念佛的本性为根本,其次修练其它分支便是最殊胜的方法。
སྦྱོང་ཚུལ་ནི་སྐད་ཅིག་དྲན་རྫོགས་དང་། རྡོ་རྗེ་གསུམ་དང་། ཆོ་ག་བཞི་དང་། མངོན་བྱང་ལྔ་དང་། ཡན་ལག་དྲུག་ལ་སོགས་པའི་རིམ་པས་དག་པར་བྱེད་པའོ། །སྦྱང་གཞི་འཁོར་བའི་ཆོས་ཕྱིན་ཅི་ལོག་ཏུ་གནས་པ་ལས། ཡིད་སྐྱོབ་པའམ་འདྲེན་པར་བྱེད་པའི་དོན་གྱིས་ཆོས་ཏེ། དེ་ཡང་ཧེ་བཛྲ་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་ཡིན། །ཞེས་གསུངས། སྒོ་གསུམ་དྲི་མས་རྣམ་པར་མ་དག་པའི་ཆ་དང་། དེ་ཡེ་ཤེས་དང་བཅས་པ་མ་རྫོགས་པའི་ཆ་དང་། མ་དག་པ་དུག་ལྔ་དང་། དེའི་རང་གཟུགས་འབྱུང་བ་ལྔར་ཤར་བའི་འཁོར་རྟེན་ཅིང་འབྲེལ་འབྱུང་རྣམས་མྱ་ངན་ལས་འདས་པའི་རྟེན་འབྲེལ་དུ་གནས་ཡོངས་སུ་གྱུར་པ་དང་། གནས་སུ་དག་པར་བྱེད་པ་དང་། དེའི་ངོ་སྐལ་གྱི་འབྲས་བུ་འགྲུབ་པའི་བག་ཆགས་དང་ས་བོན་དང་། སྐལ་བ་བཞག་པ་རང་ཉམས་སུ་བྱས་པའི་སྒོ་ནས་སྦྱོང་བར་བྱེད་པ་ཡིན་ལ།
而净修的方法,则是以刹那念满生次、三仪轨生次、四金刚生次、五现觉生次、六分支等生次来观修为清净。所净则是处在迷惑颠倒的轮回法当中救度或引导解脱,故为法。《喜金刚》云:“痴故轮回相,无痴净轮回。”三门污垢不净分,五智尚未圆满分,不净五毒烦恼,其本质显现为五大种的所有轮回之缘起,完全转变成获得涅槃果位的缘起,并且当下净修为清净。根据行者的根器而于相续中获得了熟果之习气、种子、及缘分,且自我实修的门中获得了清净。
དེ་ལྟར་སྦྱངས་པ་ན། མཆོག་གི་གོ་འཕང་དང་། རྡོ་རྗེ་གསུམ་དང་། སྐུ་བཞི་དང་། ཡེ་ཤེས་ལྔ་དང་། རིགས་དྲུག་ལ་སོགས་པ་ནས་ཤིན་ཏུ་མཐའ་ཡས་པའི་བར་སྐུ་དང་ཡེ་ཤེས་རྣམས་སྤྲོ་བ་དང་སྡུད་པ་རྣམས་ལ་རང་དབང་དུ་བྱེད་པས། བརྟན་གཡོ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དུ་རྫོགས་པར་ལོངས་སྤྱོད་པ་ལ། མངོན་དུ་བྱེད་པའི་རྣམ་པ་མཐའ་དག་ལམ་དུ་བྱས་པ་ཡིན་ནོ། །
如此清净后,将任运自在地能够射收殊胜的果位、三金刚、四种身、五种智、六方佛,乃至无量无边的佛身和佛智。因此,圆满享用于遍满整个器情世间之本性,而将一切转为道用了。
དེ་ལྟར་རྫོགས་པའི་རིམ་པས་ནི་སྣང་བ་ཐམས་ཅད་དངོས་སུ་བྱེད་པ་ཡིན་ལ། རིམ་པ་འདིས་ནི་བརྒྱུད་ནས་དག་པར་བྱེད་དེ། དཔེར་ན་འབྲས་སཱ་ལུ་བསྐྲུན་པར་འདོད་པ་དག་གིས་རེས་ཤིག་ཁྲེ་ཚེའི་ས་བོན་ཙམ་གྱིས་འབད་པས་ཞིང་ཡོངས་སུ་སྦྱོང་བར་བྱེད་པ་བཞིན་ནོ། །སྦྱང་གཞི་ཐ་མལ་གྱི་སྣང་བ་ཐམས་ཅད་བསྡུ་ན་འདི་ཙམ་དུ་འདུ་སྟེ། གནས་ལ་ཐ་མལ་དུ་འཛིན་པ་དང་། རང་ཉིད་ལ་ཐ་མལ་དུ་འཛིན་པ་དང་། འཁོར་ལ་ཐ་མལ་དུ་འཛིན་པ་དང་། ལོངས་སྤྱོད་ལ་ཐ་མལ་དུ་འཛིན་པ་དང་། བྱ་བ་ལ་ཐ་མལ་དུ་འཛིན་པ་རྣམས་ཡིན་ལ། དེའི་གཉེན་པོའི་ཕྱོགས་ཀྱང་། གཞལ་ཡས་ཁང་དང་། ལྷའི་སྐུ་གསུང་ཐུགས་དང་། ལྷའི་ཚོགས་དུ་མ་དང་། དེ་ཐམས་ཅད་ཀྱང་ཟག་པ་མེད་པའི་བདེ་སྟོང་གི་རྣམ་འགྱུར་དུ་སྦྱོང་བར་བྱེད་པ་དང་། རྣམ་འགྱུར་ཀྱང་མཐའ་ཡས་པ་སྤྱོད་པར་བྱེད་པ་ཡིན་ནོ། །
如此以圆满次第而言,将一切现象当下就转为道用。但是,生起次第则以次第来清净的,比如说,欲想生产香稻的人们,首先播种糜子的措施,将耕地实施土地整理一样。所净一切平凡现象,如果归纳的话可以归纳为住处执持为平凡,自己执持为平凡,眷属执持为平凡,财富执持为平凡,以及事情持执为平凡。此等的对治法即是观佛的宫殿,观佛的身语意,观诸佛菩萨。而且皆是净修为无漏的乐空形相,其形相也是行于无量无边处。
ཡང་སྦྱང་གཞིའི་རྣམ་པར་རྟོག་པ་ཐམས་ཅད་ཀྱང་བསྡུ་ན། དུག་གསུམ་གྱི་རྣམ་རྟོག་ཏུ་མ་འདུས་པ་མེད་དེ། དེ་དག་གི་གཉེན་པོར་དེ་དག་དང་རིགས་མཐུན་པའི་འདོད་ཆགས་ཀྱི་རྣམ་འགྱུར་སྒེག་པ་ལ་སོགས་པ་སྐུའི་རྣམ་འགྱུར། རྒོད་པ་ལ་སོགས་པ་གསུང་གི་རྣམ་འགྱུར། སྙིང་རྗེ་ལ་སོགས་པ་ཐུགས་ཀྱི་རྣམ་འགྱུར་གྱིས་སྦྱོང་བ་བྱེད་པ་ལྟར། ཞེ་སྡང་གི་རྣམ་འགྱུར་དང་། གཏི་མུག་གི་རྣམ་འགྱུར་ལ་སོགས་པས་དེ་དང་རིགས་མཐུན་པར་སྦྱོང་བར་བྱེད་པ་ཡིན། དེ་སྐད་དུ་ཡང་། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །ཆགས་སེམས་ཅན་ལ་ཆགས་པ་ལྟར་སྟོན་དང་། །གདུལ་བྱའི་དབང་གིས་ཁྲོ་ལ་ཁྲོ་སྟོན་པ། །བྱང་ཆུབ་མཆོག་བརྙེས་དེ་ལ་ཕྱག་འཚལ་ལོ། །
所净一切寻思如果归纳的话,均可归纳为三毒烦恼的寻思中。此等对治法是与此同类的形式,比如,娇媚等贪欲的形相,以身体的形式清净。笑声等形相以语言的形式清净。悲悯等形相以意识的形式清净。同样的,嗔恨的形相和愚昧的形相也是以同类的形式来进行清净。即如同《妙臂请问经》云:“若有菩萨为利益故,于贪欲者示现行欲,乃至于善人恶人实无爱憎之心,以慈悲故方便赞毁。”当下如此将一切寻思转变为道用。
ཞེས་གསུངས་པ་དང་མཐུན་པར་ད་ལྟ་ནས་ལམ་དུ་བྱེད་པ་ཡིན་ནོ། །ཞེས་པའི་རྣམ་པར་རྟོག་པ་ཡང་། སྣང་ཡུལ་ཇི་སྙེད་པའི་རྗེས་སུ་འཇུག་པས་གྲངས་མེད་ཀྱང་། བསྡུ་ན་བདག་གཞན་ཐ་དད་དུ་ཞེན་པའམ་གཉིས་སུ་འཛིན་པ་ཁོ་ནར་ཟད་དེ། དེའི་གཉེན་པོར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་དག་པ་ཡེ་ཤེས་གཅིག་གི་རོལ་པར་ཤེས་པས། བདག་གཞན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པ་ཁོ་ན་ལ་རྩལ་སྦྱོང་བར་བྱེད་པ་ཡིན་ཏེ། དེ་ཡང་ཧེ་བཛྲ་ལས། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང། །ཞེས་པ་དང་། འཆད་པ་པོ་ང་ཆོས་ཀྱང་ང། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་པའི་ཚིག་གི་དོན་ལ་ད་ལྟ་ནས་སློབ་པར་བྱེད་པ་ཡིན་ནོ། །
所谓寻思,虽然随着所现的境而产生了无量无边的寻思。但所有的寻思可以归纳为自他异执或二取之中。其对治法是了知所有所依和能依之坛城,皆是清净智慧的游舞。因此,这仅仅是修持自他不二的智慧而已。如《喜金刚》云:“吾生诸有情,三处亦吾生,皆是吾遍满,未见有情性。”又云:“讲者是吾法亦吾,自之眷属亦是吾。”是当下学习其词义。
གཉིས་པ་རྫོགས་རིམ་གཙོ་བོར་གྱུར་པའི་སྐབས་ནི། བསྐྱེད་པའི་རིམ་པའི་སྤྲོས་པ་དེ་ལྟ་བུ་ལ་མ་ལྟོས་པའི་ཕྱིར། སྤྲོས་མེད་ཀྱི་རྣལ་འབྱོར་ཞེས་བྱ་སྟེ། དགོས་པ་ནི་བདག་གཞན་གྱི་ལུས་དང་སེམས། སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་བདེ་སྟོང་དུ་དངོས་སུ་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ། །སྦྱང་གཞི་ནི། རྩ་དང་རླུང་དང་ཐིག་ལེའི་རིམ་པ་ཡིན་ལ། སྦྱོང་བྱེད་ནི། དེ་དག་དྭངས་མའམ་མི་ཤིགས་པ་ལ་གནད་དུ་བསྣུན་པས་སྙིགས་མ་ཟག་བཅས་ཀྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད། རྣམ་པར་དག་པར་བྱས་ནས་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཤེས་ཤིང་། རྣམ་འགྱུར་ལ་ལོངས་སྤྱོད་བྱེད་པས་བདག་གཞན་གྱི་དོན་ལ་མཉམ་པར་འཇོག་པ་ཡིན་ནོ། །
第二,圆满次第为主的时候,没有依止像生起次第那样的戏论,因此称之为无戏论之瑜伽。其意义则是为自他身心及一切器情世间,在空乐中正式地获得加持。所净则是气脉明点。而能净则是此等精华或不灭之要处进行修练。故而,浊垢有漏之蕴、界和处等均获得了清净,因而了悟身语意的本质,享用其形相,并为了自他而住于平等住。
དེ་ཡང་ལུས་དངོས་པོའི་གནས་ཚུལ་དང་། སེམས་དངོས་པོའི་གནས་ཚུལ་གྱི་སྒོ་ནས་རང་གི་ལུས་དང་སེམས་རང་བཞིན་གྱིས་རྣམ་པར་དག་པས། ཆེད་དུ་བཅོས་པའམ་སྒྲུབ་པའི་རིམ་པ་ལ་མ་བལྟོས་ཤིང་། བཅོས་མིན་ནམ་གྲུབ་པའི་རིམ་པ་ཉིད་ཀྱིས་མངོན་དུ་བྱེད་པ་སྟེ། རང་དང་འགྲོ་བ་འདི་དག་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དང་། རང་བཞིན་གྱིས་ཅིར་ཡང་འཆར་བ་ཉིད་དང་། རང་བཞིན་གྱིས་རྫོགས་པར་གྲུབ་པ་ཉིད་དེ།
身住于自性的门中,心也住于自性的门中。因此,自己的身心自然是清净的。不依特意的有伪或造作的次第,而是依于无伪或成就的次第性来实现的。即自他一切众生自然的清净性,自然地显现各种形相性,自然的圆成性。
དེ་ལྟ་བུའི་ཡིན་ལུགས་ཡོངས་སུ་ཤེས་པ་ན། དག་བྱེད་ཀྱི་ཆོས་ལོགས་སུ་འཚོལ་བའི་བསམ་པ་དང་བྲལ་ཞིང་། རང་གི་རང་བཞིན་ཡོངས་སུ་ཤེས་པ་ལས་བྱུང་བའི་འཁྲུལ་པ་ཆེད་དུ་སྤོང་བའི་འཛིན་པ་དང་བྲལ་ལ། དེའི་ཚེ་རང་གཞན་གཉིས་སུ་ངོ་བོ་ཉིད་ཀྱིས་རྣམ་པར་མི་རྟོག་པས། བདག་གཞན་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེའི་ངང་ལ་ཇི་ལྟར་ཤར་བ་ཐམས་ཅད་ཀྱང། སྣང་བརྙན་གྱི་ཚུལ་དུ་འཆར་བས་འདོད་དགུ་ཐམས་ཅད་རང་ལས་འབྱུང་བ་སྟེ། འཁོར་འདས་ཐམས་ཅད་ཀྱང་བདག་གི་དཔལ་དུ་འགྱུར་ཞིང་། བདག་ཀྱང་འཁོར་འདས་ཐམས་ཅད་ཀྱི་དཔལ་དུ་འགྱུར་ལ། ཡང་བདག་ཐམས་ཅད་ཀྱི་དཔལ་དུ་འགྱུར་ལ། འཁོར་འདས་ཐམས་ཅད་ཀྱང་རང་རང་གི་དཔལ་དུ་འགྱུར་བས། གཞི་སྦྱོང་ཚུལ་འདི་ཉིད་ཀྱི་རིམ་པ་གཉིས་སམ། ཐབས་ཤེས་གཉིས་སམ། བདེན་པ་གཉིས་ལ་སོགས་པ་སླར་བདེན་གཉིས་དབྱེར་མེད། ཐབས་ཤེས་དབྱེར་མེད། རིམ་གཉིས་དབྱེར་མེད་ཅེས་སོགས་ཀྱི་སྒོ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དུ་སྦྱོང་བར་བྱེད་པ་ཡིན་ནོ། །
如此了知真相后,将远离了他处寻找能净法的心思,彻底证悟了自我之自性,由此远离了特意消除迷乱的执着。此时,在自性上不分别自他,故而无有自他之别,而且任运成就。在此境界中所显现的一切现象,皆是以影像的形式显现,故而一切所欲皆是从自己出现。即轮涅一切法成了自己的威德,自己也成了轮涅一切法的威德。自己又成了一切的威德,轮涅一切也成了各自的威德。此净修刹土的方法生圆二次第、方便和智慧、真俗二谛等,又皆是以二谛不二、智悲不二、二次第不二的门中净修为不二之空性智慧。
དགོངས་པ་ལུང་སྟོན་པའི་རྒྱུད་ལས་། སངས་རྒྱས་སྤྲུལ་པ་སྒྱུ་མ་ནི། །ཇི་ལྟ་བུར་ཡང་སྟོན་པར་མཛད། །ཅེས་པ་ལྟར། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བ་ནི་སེམས་ཅན་གྱི་བློས་གཞལ་བར་དཀའ་བའི་ཕྱིར། སྤྲུལ་པའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཞེས་པར་འགྱུར་ལ། ཚུལ་འདི་ནི་མ་དག་པའི་སེམས་ཅན་གྱི་ཁམས་སུ། གང་ལ་གང་འདུལ་གྱི་ཚུལ་གྱིས་ཕྱོགས་རིས་མེད་པར་གདུལ་བྱ་རྣམས་ཀྱི་རང་རང་གི་སྐལ་པ་དང་འཚམ་པར་འཇུག་པས་སེམས་ཅན་བསམ་པའི་དབང་གིས་སྣང་བའི་སྐུ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་སྐུ་དངོས་མ་ཡིན་ལ། ཆོས་ཀྱི་སྐུ་ཉིད་དེ་ལྟར་ཤར་བ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་སྐུ་ལས་གཞན་པ་ཡང་མ་ཡིན་ནོ། །
乙三、以作用的门中刹土净修为化身佛的方法:
如《密意授记续》云:“佛之幻化身,如实能显现。”如来的幻化身是众生的心无法思量的,所以就成为所谓化身无穷的庄严轮。这是在不清净的有情世界里,以相应的方式,无有偏私地,由所化众生各自的善根福德因缘而化现的。因此,这便是由众生的心所显现的身,而并不是佛的真实身。但是,因为化身是法身的显现,因此,化身是除了佛的化身外,也不是别的身。
དེ་ལ་འགའ་ཞིག་འདི་སྙམ་དུ། སེམས་ཅན་གྱི་བསམ་པ་ཁོ་ནའི་དབང་གིས་མཐོང་བའི་སྐུ་ཡིན་ན། སེམས་ཅན་གྱི་བསམ་པ་ལ་སྣང་བའི་ཚོགས་སོགས་ཀུན་ནས་ཉོན་མོངས་ཀྱི་སེམས་དང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། ཚུལ་འདི་ནི་རིགས་པའི་དབང་ཕྱུག་གིས། ནོར་བུ་སྒྲོན་མེའི་འོད་དག་ལ། །ནོར་བུའི་བློ་ཡིས་མངོན་རྒྱུག་པའི། །ལོག་པའི་ཤེས་པར་ཁྱད་མེད་ཀྱང་། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་པའི་ཚུལ་ལ་ནོར་འོད་འཛིན་པའི་ཚུལ་མཐོང་དབང་པོའི་མངོན་སུམ་གྱི་འཇུག་ཡུལ་ནོར་བུ་མི་སླུ་བར་ཐོབ་པ་ལ། ནོར་འོད་འཛིན་པའི་ཚུལ་མཐོང་དབང་པོའི་མངོན་སུམ་གྱི་འཇུག་ཡུལ་ནོར་བུ་ཐོབ་པ་མ་ཡིན་པའི་ཁྱད་པར་ཡོད་པ་ལྟར། ཀུན་རྫོབ་ལ་ཡང་ལོག་གི་ཁྱད་པར་ཐོག་མར་ཡོད་ཅིང་། དེ་བས་ཆེས་ཟབ་པའི་དག་པ་རྣལ་འབྱོར་པའི་ཀུན་རྫོབ་ལ་བདེན་པ་གཉིས་ཀྱི་ཁྱད་པར་ཡོད་པས། སངས་རྒྱས་ཀྱི་སྐུ་གཉིས་ལ་བདེན་པ་གཉིས་ཀྱི་རྣམ་གཞག་དང་། བྱེ་བྲག་ཏུ་གཟུགས་སྐུ་ཉིད་ལ་ཡང་འཕགས་པ་དང་སོ་སྐྱེ་ལ་སྣང་བའི་ཁྱད་པར་གྱིས་བདེན་པ་གཉིས་ཀྱི་ང་ཁྱད་པར་ཡོད་པ་ཡིན་ནོ། །
对此有人认为,如果这仅仅是由众生的心看到的身,那么众生的心所看到的一切现象和烦恼杂染的心没有什么区别了!为此,法称论师(《释量论略解》)云:“如于珠灯光,以珠觉而趣,错知虽无别,于作义有别。”如于珠光与灯光,以珠觉而趣,此二觉属于邪智虽无差别,然于现量获得有作义之珠则有差别故,世俗谛亦有差别。尤其是极为清净的瑜伽士之世俗谛分真俗二谛。因此,佛之二身亦有真俗二谛之别。其中佛之色身,凡夫与圣人所看到的都不一样,所以就有了二谛之差别。
མདོར་ན་འཁོར་འདས་ཀྱི་ལེགས་ཚོགས་ཇི་སྙེད་པ་ནི། སངས་རྒྱས་ཀྱི་མཁྱེན་པ་དང་། ཐུགས་རྗེ་དང་། འཕྲིན་ལས་དང་། མཐུ་སྟོབས་ལས་རབ་ཏུ་ཞུགས་པའི་ཕྱིར། སངས་རྒྱས་ཀྱི་རྣམ་པར་རོལ་པའི་རྣམ་པར་འཕྲུལ་པ་ལས་གཞན་མ་ཡིན་ཞིང་། ལས་ཉོན་གྱི་དབང་གིས་བདག་དང་བདག་གི་བ་དང་། གནོད་པ་དང་སྡུག་བསྔལ་ལ་སོགས་ཀྱི་སྐྱོན་ཇི་སྙེད་པ་ནི་སེམས་ཅན་རང་ཉིད་ཀྱི་ཉེས་པ་ཁོ་ནར་ཟད་དེ། སེམས་ཅན་སྐྱོན་གྱི་རང་བཞིན་ཡིན་པའི་ཕྱིར། སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པའི་སེམས་ཅན་གྱི་སྐྱོན་དེ་དག་ཀྱང་། མ་དག་པའི་སྣང་བ་ལས་གཞན་དུ་བསམ་པར་མི་བྱ་སྟེ། ཆོས་མངོན་པ་ལས། དེ་ལ་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱ་སྟེ། ཞེས་པ་དང་། ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། འཇིག་རྟེན་མ་རིག་རྐྱེན་ཅན་ཏེ། །གང་ཕྱིར་རྫོགས་པའི་སངས་རྒྱས་བཞེད། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཕྱིར་ཅིས་མི་འཐད། །ཅེས་པ་དང་། གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་། །འདི་ནི་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །ཞེས་པ་དང་།
总而言之,这包括轮回与涅槃在内的所有妙汇,皆是由佛的慈悲、事业、威力所生。因此,这一切除了佛的游舞化身之外并不是别的东西。因诸烦恼的缘故,我与我所,违缘和痛苦等一切过患皆是众生各自所造的过患,因为众生的本质即是过患性。要了知,此等痛苦性的众生过患,除了不净心的现象以外没有别的。《大乘阿毗达磨集论》云:“云何苦谛?谓有情生及生所依处。”龙树菩萨(《六十颂如理论》)云:“如是无明缘,佛为世间说,若世无分别,此云何无生。”又云:“金光闪闪殿,盛开百花群,此等无所用,分别心而立。”
རྗེ་བཙུན་ཆེན་པོས། སྣང་བ་དགྲ་རུ་མ་ལངས་ན། །བྲག་སྲིན་དགྲ་རུ་ཅི་ལ་སྡང་། །ཞེས་པ་དང་། རྗེ་གཙང་པ་རྒྱ་རས་ཀྱིས། སྣང་བ་དགྲར་ལངས་ཀྱི་སྒོམ་ཆེན་ལ། །ཞིང་ཁམས་ཐམས་ཅད་སྦྱང་བར་བྱ། །ཞེས་པ་དང་། ཟླ་བ་གྲགས་པས་ཀྱང་། རྟོག་པའི་དབང་གིས་འཇིག་རྟེན་རྣམ་བཏགས་ཏེ། །ཞེས་གསུངས་ཤིང་། དག་པའི་སྣང་བ་ཞེས་པ་ཡང་། རང་བཞིན་ཆོས་ཀྱི་སྐུར་དག་པ་དང་རྣམ་འགྱུར་གཟུགས་སྐུར་དག་ཚུལ་ཉིད་ལས་ལྷག་པའི་དག་ཚུལ་ནི། མངོན་པར་སངས་རྒྱས་པའི་ཚེ་ནའང་མེད་ལ། རང་བཞིན་དང་རྣམ་འགྱུར་ངོ་བོ་ཉིད་ཀྱིས་སྐྱོན་མེད་པ་ནི། འཁྲུལ་པར་སྣང་བདོ་བའི་དུས་ན་ཡང་ཡོད་པས། ངོ་བོ་གཞན་དུ་མི་འགྱུར་ཞིང་རྣམ་པ་ཅིར་ཡང་འཆར་བའི་ཚུལ་ལས། འཁོར་འདས་གཉིས་ཀ་འདའ་བ་མེད་པས། འཁོར་འདས་ཕྱོགས་དང་རིས་སུ་མ་ཆད་པ་ཡིན་ནོ། །
米拉日巴尊者亦云:“如若现象不起敌,怎会岩叉女成敌。”藏巴甲热云:“现象起敌之禅师,应当净修诸刹土。”月称菩萨亦云:“分别心故谓世间。”所谓的清净心,即是自性清净于法身,形相清净于色身。除此之外,成佛时也没有更好的清净方法。本体和形相的自性本来是清净的,当迷乱显现时也是如此。因为,其本质始终都是无有变化,只是显现上有了轮回和涅槃两种现象而已。因此,轮回和涅槃并没有差别。
དེ་སྐད་དུ་ཡང་། ། ཧེ་བཛྲ་ལས། ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པར་བརྗོད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པར་རྟོགས་མི་འགྱུར། །ཞེས་དང་། རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོགས་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། འཁོར་བ་ཡོངས་སུ་སྤངས་པ་ཡི། །མྱ་ངན་འདས་ཁྱོད་མི་བཞེད་ཀྱི། །འཁོར་བ་མི་དམིགས་པ་ཡི་ནི། །གཞི་ནི་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་པ་ཡིན་ནོ། །
对此《喜金刚》云:“此乃谓轮回,此曰入涅槃,舍弃此轮回,另无得涅槃。”又云:“清净智慧体,轮回分别心,丝毫无差别。”龙树菩萨云:“彻底弃轮回,未说入涅槃,轮回无所缘,基由怙主说。”
འཁོར་འདས་གཉིས་ལ་རང་བཞིན་ལ་དབྱེ་བ་མེད་པས་རང་བཞིན་དག་པར་མཚུངས་ཀྱང་། རྣམ་པ་སྣོད་བཅུད་མ་དག་པར་སྣང་བ་སེམས་ཅན་གྱི་གནས་སྐབས་དང་། དག་པ་ཕྱོགས་རེ་བར་སྣང་བ་རྣལ་འབྱོར་པའི་གནས་སྐབས་དང་། དག་པ་རབ་འབྱམས་འབའ་ཞིག་ཏུ་སྣང་བ་སངས་རྒྱས་པའི་གནས་སྐབས་དང་གསུམ་ཡོད་དེ། དེ་སྐད་དུ་ཡང་། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་ཤིང་།
虽然轮回和涅槃两者本质上无有区别,两者的自性同样是清净,但是,其形相上却有三种不同时段的区别,即:对器情世间只看到不清净的众生时段;有些事有时候看到清净的瑜伽士时段;一切只看到无量清净的成佛时段。如《宝性论》云:“有不净有净,及以善净等,如是次第说,众生菩萨佛。”
རྟེན་གྱིདབང་གིས་རིགས་ཅན་གསུམ་གྱི་སྣང་བ་དང་། རྟོགས་ཚུལ་གྱི་དབང་གིས་སྐུ་གསུང་ཐུགས་ཀྱི་སྣང་བ་རྣམས་ཆོས་དབྱིངས་ཀྱི་རྣམ་འཕྲུལ་ཁོ་ན་ཡིན་ནོ། །སོ་སོ་སྐྱེ་བོ་ཉིད་ལ་ཡང་མཆོག་དང་དམན་པའི་ཁྱད་པར་གྱིས། མཆོག་གི་སྤྲུལ་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་པ་དང་། སྐྱེ་བའི་སྤྲུལ་པ་བྱ་དང་རི་དྭགས་ལ་སོགས་པར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་དང་། འགའ་ཞིག་ནི་བཟོའི་སྤྲུལ་པ་གྲུ་དང་ཟམ་པ་ལ་སོགས་པར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་ལ། ལས་ཉོན་གྱི་དབང་གིས་སྲིད་པར་སྐྱེ་བ་སྤངས་པའི་བྱང་ཆུབ་སེམས་དཔའ་དག་ཀྱང་བསམ་བཞིན་དུ་སེམས་ཅན་གྱི་དོན་ལ་འཇུག་པ་ན། རང་གི་སྐལ་བ་དང་མཉམ་པའི་གཟུགས་སུ་སྣང་བར་བྱེད་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་ལྟ་སྨོས་ཀྱང་ཅི་དགོས།
因根器的差别所出现的三种种性现象,因心智的差别所出现的身语意等现象,皆是法界之游舞。因优劣之差别,在凡夫的面前,根据各自不同的福报而出现了不同的现象。比如,有的以殊胜化身十二相成道的方式利益众生;有的以受生化身变化鸟类和兽类等形相利益众生;有的以事业化身变化船只和桥梁等形相利益众生。就这样,早已摆脱业和烦恼身的诸菩萨也是有意地利益众生,何况是无上正等正觉。
དེས་ན་དེ་དག་གི་མཛད་པ་ལ་ད་ལྟ་ནས་སློབ་པར་བྱེད་པ་ནི། སྤྲུལ་པའི་སྐུའི་སྣང་བ་ལམ་འཁྱེར་རམ། མངོན་སུམ་ལམ་དུ་བྱེད་པ་ཡིན་ལ། དེ་སོ་སོ་ཐར་པའི་སྐབས་སུ། ཉན་ཐོས་རྣམས་ཀྱིས་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པའི་བཅས་པ་དང་། རང་གི་ཇི་སྙེད་མཐོང་བའི་སྐུའི་མཛད་པ་དང་རྣམ་པ་དག་པ་ལ་སློབ་པར་བྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར། བྱང་ཆུབ་སེམས་དཔའི་སྤྱོད་པ་རྫོགས་པར་བྱེད། རིག་པ་འཛིན་པའི་སྡོམ་པའི་སྐབས་སུ་ཧེ་རུ་ཀའི་བརྟུལ་ཞུགས་ཀྱི་རྗེས་སུ་སློབ་པར་བྱེད་པ་སྟེ། ཚུལ་འདི་དག་གི་སྒོ་ནས་བྱ་བ་དང་སྤྱོད་པ་ཐམས་ཅད་ཀྱང་། དག་པའི་སྤྱོད་པ་འབའ་ཞིག་ལ་སློབ་པ་དང་། ཕལ་ཆེར་དག་པ་ལ་སློབ་པ་དང་། ཡང་དག་པའི་མཐའ་ལ་སློབ་པ་སྟེ། དེ་ལྟར་རྟོགས་ནས་སྤྱོད་པ་ལ་དོན་དུ་མི་འགྱུར་བ་གང་ཡང་མེད་དོ། །
因此,现在就学习此等诸佛菩萨的事业,也就是所谓化身之现象转为道用,或现象真实地转为道用。别解脱时,众声闻如实学习如来所说之法,以及自己所见佛身之清净事业。诸菩萨者,如云:“佛子菩萨众,无一事不学,”如此圆满地行菩萨道。而持明者,行持三昧耶戒时随学于嘿如嘎禁行。此等的门中一切事、一切行,仅仅修学于清净行,大多数修学于清净行,彻底圆满修学于清净行。如此了知后就没有任何无所意义的行为了。
འདི་དག་གི་དབང་དུ་མཛད་ནས་དག་སྣང་ཞིང་སྦྱོང་གི་ཁྲིད་ཀྱི་ཡན་ལག། མིག་ར་དང་། སྒོམ་ཐག་དང་། གཉེན་པོ་དུང་ཆོས་དང་། བགྲང་ཕྲེང་ལ་སོགས་ཁྲིད་དུ་མཛད་པ་ནི་རྣམ་དག་རྗེས་སུ་དྲན་པའི་ཚུལ་གྱིས། རང་གི་ལུས་ཀྱི་ཉེར་སྤྱད་ལ་སོགས་པ་འཆང་བ་ཡང་ཐ་མལ་པར་མི་འགྱུར་ཞིང་། དགོས་པ་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་ལམ་གྱི་ཆ་ཤས་མི་ཉམས་ཤིང་རྫོགས་པར་བྱེད་པ་དང་། གང་ཡང་གྲོལ་བའི་རྒྱུར་མཐོང་ནས་འཆིང་བྱེད་ཀྱི་དངོས་པོ་གཞན་དུ་མ་དམིགས་པར་ལྟ་བའི་དོན། རྨད་དུ་བྱུང་ཞིང་གཞན་གྱིས་བསམ་པར་དཀའ་བའི་མཛད་པ་ཡིན་ནོ། །དཔེར་ན་བྱང་སེམས་ལ་སློབ་པའི་དུས་སུ། སྐས་ལ་འཛེག་པ་ན་ཐར་པའི་ལམ་ལ་འཛེག་པ་དང་། སྐེ་རགས་འཆིང་བའི་ཚེ་དམ་ཚིག་དང་སྡོམ་པའི་སྐེ་རགས་བཅིང་བར་བགྱིའོ། །ཞེས་སོགས་དང་མཐུན་པ་ཡིན་ནོ། །སྔགས་པ་དག་གིས་ལས་རབ་འབྱམས་སྒྲུབ་པའི་དུས་སུ་དེ་དག་རིགས་མཐུན་པའི་ཡོ་བྱད་རྗེས་གནང་བྱེད་པ་དང་ཀུན་ཏུ་མཚུངས་སོ། །
就因为如此,净修刹土引导文分支,眼罩、禅带、小螺、念珠等也做了解释,这是为了随念清净的方式,在自己身上所戴用品也不变成平凡之物。而且这具有特殊的意义,即圆满所有修道分支,一切都视为解脱之因,而无所能缚之物,这便是一般人难以想象的奇妙之修行方法。比如说,修学菩提心时,踏上楼梯时观想正在踏上解脱道;绑腰带时观想绑的就是戒律和誓言的腰带。同样,密宗咒士们行持广大的事业时,所赐予的同类物品也有与此相同的含义。
甲二、以共同乘的方法逐步净修刹土分三:乙一、刹土净修为幻化身的方法;乙二、刹土净修为空性的方法;乙三、刹土净修为悲空不二的方法。
ཐུན་མོང་གི་ཐེག་པར་ཞིང་སྒྱུ་མར་སྦྱང་བ། ཞིང་སྟོང་ཉིད་དུ་སྦྱང་བ། ཞིང་སྟོང་ཉིད་དང་སྙིང་རྗེ་གཉིས་སུ་མེད་པར་སྦྱང་བ་དང་གསུམ་ལས། ཞིང་སྒྱུ་མར་སྦྱང་ཚུལ་ནི། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་གསུངས་པའི་དོན་གྱི་རིམ་པ་སྟེ། ཆོས་དྲུག་གི་སྒྱུ་ལུས་ཀྱི་སྐབས་སུ་བསྟན་ཟིན་ཞིང་།
乙一、刹土净修为幻化身的方法:
如佛说:“一切有为法,如梦幻泡影。”具体修法次第在《那洛六法》之幻身瑜伽时已解释了。
ཞིང་སྟོང་ཉིད་དུ་སྦྱང་བའི་རིམ་པ་ནི། བཅོམ་ལྡན་འདས་ཀྱིས་གཟུགས་རྣམ་པར་དག་པས་ཚོར་བ་རྣམ་པར་དག་པ་ཞེས་སོགས་རྣམ་མཁྱེན་གྱི་བར་ཏུ་སྦྱར་ཏེ་གསུངས་པ་ཡང་། ཞིང་ཆོས་སྐུར་སྦྱོང་བའི་ཡན་ལག་ཏུ་ཕྱོགས་མཐོང་བར་སྨོས་པ་ཡིན་ནོ། །
乙二、刹土净修为空性的方法:
佛陀说:色清净故受清净……,以此清净至成佛为止。这便是简单的净修刹土方面的教言。
ཞིང་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པར་སྦྱོང་བ་ཡང་། སྟོང་ཉིད་ཀྱི་རྩལ་སྙིང་རྗེར་འཆར་བ་ཞེས་པ་སྟེ། འཆར་བའི་སྙིང་རྗེ་ནི་ཁྲིད་ཡིག་སྔ་མ་རྣམས་སུ་ཞིང་ཕ་མར་སྦྱང་བ་ཞེས་པའི་རྣམ་གཞག་མཛད་ནས་སྡུག་བསྔལ་བྱང་ཆུབ་ཀྱི་སེམས་སུ་བློ་སྦྱོང་བའི་མན་ངག་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་གསུངས་པ་སྟེ། བྱམས་ཁྲིད་དུ་བལྟ་ཞིང་། དེའི་རང་བཞིན་ནི་བཅོམ་ལྡན་འདས་ཀྱིས། སྙིང་རྗེ་པད་མ་དཀར་པོ་ལས། བདག་གཞན་གཉིས་སུ་མེད་པ་ནི་སྙིང་རྗེ་ཆེན་པོའོ། །ཞེས་དམིགས་པ་མེད་པའི་སྙིང་རྗེ་ལ་གསུངས་པས། འདི་ལས་དང་པོ་པས་མཉམ་རྗེས་རེས་འཇོག་གི་ཚུལ་དུ་གོམས་པར་བྱེད་ཀྱང་། རྣལ་འབྱོར་པས་ཟུང་འཇུག་གཉིས་མེད་དུ་གོམས་པར་བྱེད་པ་སྟེ། དེའི་སྦས་དོན་ནི་སྔགས་ཀྱི་ཐེག་པ་ལ་རག་ལས་པ་ཉིད་དོ། །
乙三、刹土净修为悲空不二的方法:
这也称做空性力显现于悲心,而所显现的悲心在之前的引导文当中作了刹土净修为父母的方法。文中说道:“转痛苦为菩提心的修心秘诀是世俗菩提心的修法。”有关这方面的具体修法学习《慈悲菩提心引导文》便可。对此佛陀在《大悲白莲花经》云:“自他不二乃大悲心也,”如此,佛陀所讲的是无缘大悲。此法,初学者虽然也有定中和定后轮流的方式熟练,但瑜伽士则熟练于双运无二无别的方式,其修法的密义,就依赖于你是否熟悉无上密乘法。
ཡང་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། ལམ་མཆོག་ཟབ་མོ་བླ་མའི་བསྙེན་སྒྲུབ་ལ། །ཡུན་དུ་བསྲིངས་ཤིང་འབད་འབུངས་མ་བཏོན་ན། །བསྐྱེད་རྫོགས་ལ་སོགས་བྱ་བ་མང་པོས་ཀྱང་། །དག་པའི་སྣང་བ་དུས་སུ་འབྱོངས་པ་དཀའ་། །ཞེས་གསུངས་པ་ལྟར། ལམ་གྱི་རིམ་པ་ཐམས་ཅད་དང་འཁོར་འདས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་འབྱུང་གནས་དཔལ་ལྡན་བླ་མ་དམ་པ་ཡིན་ལ། ཞིང་བླ་མར་སྦྱང་བ་ཞེས་གོང་མའི་ཁྲིད་ཡིག་ལས་འབྱུང་བའི་དོན་བླ་མ་མོས་གུས་ཀྱི་སྐབས་སུ་བསྟན་པ་ལྟར་ཡིན་ནོ། །
《阿勒嘎勒大河续》云:“深道上师瑜伽修,若无经常去精进,生圆次第等杂事,如期难起清净心。”一切道次第和轮涅所有福慧源自殊胜的具德上师。在传承上师的引导文当中出现刹土净修为上师的修法,其意义是如《恭敬上师之引导》所讲的一样。
ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློས་མངོན་པར་ཁྱབ་ཅིང་རབ་རིབ་མིག་ལ་སྐྲ་ཤད་འཛག་པར་སྣང་བ་དང་། །
饿鬼将河流当脓血翳障眼见乱发,
ཉ་ཕྱིས་ཉིད་ལ་དངུལ་དུ་རྣམ་པར་སྣང་ཞིང་ཐག་པ་ཉིད་ལ་ལྟོ་འགྲོའི་ཕུང་པོར་མཐོང་བས་འཇིགས་ཤིང་འབྲོས་པར་རྩོམ། །
贝壳当白银绳子看成蛇蕴而吓跑,
མིག་ཡོར་དག་ལ་སྐྱེས་བུར་འཛིན་སོགས་ཐོག་མ་ཉིད་ནས་འཁྲུལ་པའི་བློ་ཡིས་ཚུལ་མ་ཡིན་པར་བསླད་པ་གང་། །
草人执真人等本非理迷乱心假象,
དེ་དག་ཐམས་ཅད་དག་པའི་གཟུགས་ལ་དག་པའི་མིག་གིས་མངོན་པར་བལྟ་བའི་དགའ་སྟོན་འདི་ཡིས་ཚིམ་པར་བྱོས།
故当依此法以净眼观修一切净相。
ཞེས་པ་འདི་ནི་གངས་ལྗོངས་ཀྱི་གྲུབ་པའི་རིང་ལུགས་པ་ཆེན་པོ་འབྲུག་པ་རིན་པོ་ཆེ་རྒྱལ་དབང་ཆོས་རྗེས་ཙ་གོང་ཀི་གསང་བའི་ཕུག་པ་ཞེས་བྱ་བར་སྦྱར་བའི་ཡི་གེ་པ་ནི་ཤར་པོ་འབོར་གྱི་སྡེ་སྣོད་འཛིན་པ་སངས་རྒྱས་འབུམ་མོ། །། །
此《净修刹土之引导文》由雪域之成就者大传承竹巴仁波切嘉旺棍嘎巴觉讲解于杂工空行密岩洞中,来自东边绷波冈的持三藏者·桑杰邦笔录。古普·钦哲仁波切译,陈润泽居士和朱红霞居士校对汉文。