Appearance
Appearance
༄༅། །མཉམ་མེད་དྭགས་པོའི་ཆོས་བཞིའི་ཞལ་གདམས་བཞུགས་སོ།།
རྒྱལ་དབང་ཀུན་དགའ་དཔལ་འབྱོར་གྱིས་མཛད།
嘉旺棍嘎巴觉 著
ན་མོ་མ་ཧཱ་མུ་དྲཱ་ཡ།
顶礼大手印!
དཀར་བརྒྱུད་ཀུན་གྱི་གཙུག་རྒྱན་སྒམ་པོ་པ། །
སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཙཱ་རི་བ། །
དོན་བརྒྱུད་གདམས་པའི་མངའ་བདག་འབྲུག་པའི་ཞབས། །
རྣམ་གསུམ་དབྱེར་མེད་ཆོས་རྗེའི་ཞབས་ལ་འདུད། །
一切噶举顶严冈波巴,实修传承砥柱扎日瓦,
了义秘传教主竹巴尊,顶礼三尊不二曲吉杰。
དུས་གསུམ་རྒྱལ་བའི་དགོངས་པ་རྫོགས་པ་དང༌། །
མ་རྣམས་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །
དཔལ་ལྡན་བླ་མ་རྒྱལ་དབང་ཆོས་ཀྱི་རྗེའི། །
བཞེད་པའི་དོན་རྣམས་མ་ལུས་འགྲུབ་པར་ཤོག །
为满三世一切佛所愿,为度三界苦海诸有情,
具德上师嘉旺曲吉杰,祈愿事业无余皆成就。
དེ་ཡང་མཉམ་མེད་ལྷ་རྗེའི་ཞལ་ནས། བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་དང་བཞི་ཡོད་པ་ལས།
无等达波拉杰云:“心趋入法,法趋入道,道除迷乱,迷乱转智。”
一、心趋入法
དང་པོ་བློ་ཆོས་སུ་འགྲོ་བའི་རིམ་པ་ནི། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པས། དེ་ལ་བྱུར་དུ་མཐོང་བའི་སྤོང་སེམས་ཞིག་དགོས། ཚེ་འདིའི་ཆེ་ཐབས་གང་གིས་ཀྱང་མི་ཕན་པས། དེ་ལ་སྐྱོན་དུ་མཐོང་བའི་ཞེན་ལོག་ཅིག་དགོས། དལ་འབྱོར་གྱི་ལུས་སྤྲིན་བར་གྱི་ཉི་མ་དང་འདྲ་བས། དེ་ཆུད་ཟོས་ལ་མི་གཏོང་བའི་ཞེ་བཅད་ཅིག་དགོས། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་ཅིང༌། བྱེ་བྲག་ཏུ་སྐྱེས་པའི་རྟིང་ལ་འཆི་བ་ལས་མ་འདས་པས། རྟག་འཛིན་གྱི་བསམ་པ་མེད་པ་ཞིག་དགོས། འཆི་བ་ལ་དམ་པའི་ཆོས་མིན་པ་གང་གིས་ཀྱང་ཕན་མི་ཐོགས་པས། ཆོས་ཕྱོགས་སུ་ལུས་སྲོག་འདོར་ནུས་པའི་གོ་ཆ་ཞིག་དགོས་སོ། །
次第即:一切轮回即是痛苦,因此,应当认识其中的祸害,并且要从中建立脱离之心。
今世的任何名利均无实义,因此,应当认识当中的过患,并且需要对此有厌烦之心。
暇满人身如同云间日,因此,应当要有不再浪费人身之决心。
总的来说,一切有为法皆是无常,尤其是无法摆脱生际必死的下场,因此,应当放下常执之心。
在面对死亡时,除了佛法以外,没有其它的所依,因此,应当要有为了佛法而能抛弃生命的铠甲(坚定信念)。
二、法趋入道
གཉིས་པ་ཆོས་ལམ་དུ་འགྲོ་བ་ལ། འཇིག་རྟེན་ཆོས་བརྒྱད་ཀྱིས་ཀུན་ནས་བསླངས་ན། དུག་དང་འདྲེས་པའི་ཁ་ཟས་བཟང་པོ་དང་འདྲ་བས། ཆོས་བརྒྱད་མགོ་བོ་སྙོམས་པ་ཞིག་དགོས། དུས་གཏན་གྱི་སྐྱབས་གནས་དཀོན་མཆོག་ཡིན་པས། དཀོན་མཆོག་ལ་བློ་ཁེལ་བ་ཞིག་དགོས། ལམ་ཕྱིན་ཅི་མ་ལོག་པར་སྟོན་པ་བླ་མ་ལ་རག་ལས་པས། ཅི་གསུངས་བཀའ་བཞིན་བསྒྲུབ་པ་ཞིག་དགོས། བློ་སྐྱེད་གོང་ནས་གོང་དུ་འདོན་པ་གྲོགས་དགེ་བའི་བཤེས་གཉེན་ལ་རག་ལས་པས། མཆེད་གྲོགས་ལ་དག་སྣང་འབྱོངས་པ་ཞིག་དགོས། འགྲོ་དྲུག་གི་སེམས་ཅན་ཐོག་མེད་ཀྱི་དྲིན་ཅན་ཡིན་པས། བྱམས་པ་དང་སྙིང་རྗེ་རྒྱུན་ཆད་མེད་པ་ཞིག་དགོས། ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བས་ཀྱང་མི་བསླུ་བས། དགེ་སྡིག་ལ་འདོར་ལེན་བྱེད་པ་ཞིག་དགོས། དཀའ་ཐུབ་དང་དཀའ་སྤྱད་སྡིག་སྒྲིབ་ཀྱི་ཕྱགས་ཤིང་ཡིན་པས། ཆོས་ཕྱོགས་སུ་དཀའ་བ་དང་དུ་ལེན་ནུས་པ་ཞིག་དགོས། ལེ་ལོ་དང་སྙོམས་ལས་བདུད་ཀྱི་ཕོ་ཉ་ཡིན་པས། བརྩོན་འགྲུས་མགོ་ལ་མེ་ཤོར་བ་ལྟར་རྩོམ་པ་ཞིག་དགོས། རྣམ་གཡེང་དང་འདུ་འཛི་བསམ་གཏན་གྱི་ཚེར་མ་ཡིན་པས། གང་གི་ཡང་དབང་དུ་མི་གཏོང་བ་ཞིག་དགོས་སོ། །
若以世间八法为修行动机,则如参有毒药之美食,因此,应当平齐世间八法。
最究竟的皈依处就是三宝,因此,应当信赖三宝。
能否走向正确的道路,还得依赖上师,因此,应当依教奉行。
要增长内在的心德,还得依赖善友善知识,因此,应当以清净心对待佛友。
六道有情皆是无始以来的大恩父母,因此,应当不断地发起慈悲心。再细微的业因果也是真实不虚的,因此,应当如实的取舍善恶业。刻苦修行是消除罪障的扫帚,因此,应当要能承受修行上的艰苦。懈怠和懒惰皆是魔王的使者,因此,应当精进修行,犹如扑救头燃之火。懒散和喧嚷皆是禅定的障碍,因此,应当远离这种环境。
三、道除迷乱
གསུམ་པ་ལམ་འཁྲུལ་པ་སེལ་བ་ལ། གོ་ཡུལ་གྱིས་ས་ལམ་མི་ཆོད་པས། སེམས་ཐོག་ཏུ་རྡོ་རུས་ཐུག་པ་ཞིག་དགོས། གདམས་ངག་ཟབ་མོ་སྨན་དང་འདྲ་བས་རྒྱུན་ཆད་མེད་པར་ཉམས་སུ་ལེན་པ་ཞིག་དགོས། ཚིག་དང་ཐ་སྙད་ནེ་ཙོའི་འདོན་པ་དང་འདྲ་བས། ཉམས་དང་མྱོང་བ་རྒྱུད་ལ་སྐྱེས་པ་ཞིག་དགོས། ཁ་ཕྱིར་ལྟས་ཀྱི་བྱ་བ་ཐམས་ཅད་བདུད་ཀྱི་ལས་ཡིན་པས། དུས་གཏན་དུ་མཉམ་པར་འཇོག་པ་ལ་བརྩོན་པ་ཞིག་དགོས། སེམས་ཀྱི་རྩ་བ་མ་ཆོད་ན་ཇི་ལྟར་བྱས་ན་ཡང་ཕན་མི་ཐོགས་པས། ལྟ་རྟོག་སེམས་ལ་བྱེད་པ་ཞིག་དགོས། དྲན་པ་དང་ཤེས་བཞིན་གྱི་བྱ་ར་བ་མེད་ན་སྔར་གྱི་ནད་རོ་ལྡང་པས་མ་ཡེངས་དྲན་པའི་བྱ་ར་བྱེད་པ་ཞིག་དགོས། ཉམས་ལེན་གྱི་གནད་མ་ཤེས་ན་རྟོག་པའི་སྤྲོ་བསྡུར་འགྲོ་བས། བློ་རྩེའི་གཏད་སོ་མ་འཆུགས་པ་ཞིག་དགོས་སོ། །
如果只仅仅听闻,将无法圆满地道之功德,因此,应当在心地上认真下功夫。
甚深窍诀如同妙药,因此,应当坚持不断地实修。
只念名词不懂词义,犹如鹦鹉诵经,因此,应当于相续中生起觉受和体验。
有学无修的一切行为皆是魔业,因此,应当恒时精勤于平等住。
如果不能了悟内心的根本,无论怎样行持,皆是徒劳无益,因此,应当观照内心。
如果没有以正知正念来监视,旧病就容易复发,因此,应当以无散正念来监视。
如果不懂修行的要领,将会中断觉心,因此,绝不可错乱内心的所依。
四、迷乱转智
བཞི་པ་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བླ་མའི་མན་ངག་ཡིན་པས། ངོ་སྤྲོད་སེམས་ལ་ཐེབས་པ་ཞིག་དགོས། སྣང་གྲགས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་རང་གཟུགས་ཡིན་པས། ཉམས་ལེན་གྱི་རྩལ་དུ་འཆར་བ་ཞིག་དགོས། མཐར་ཐུག་གི་དོན་ལ་འཁོར་འདས་གཉིས་སུ་མེད་པས། གཉིས་འཛིན་གྱི་མདུད་པ་གྲོལ་བ་ཞིག་དགོས། ཆགས་སྡང་གི་རྩ་བ་སེམས་ལ་ཐུག་པས། གཟུང་འཛིན་གྱི་རྩ་བ་ཆོད་པ་ཞིག་དགོས། འཁྲུལ་ཚུལ་གྱི་མཚང་རིག་ནས་འཁྲུལ་པ་ཡེ་ཤེས་སུ་འཆར་བས། འཁྲུལ་མེད་རང་སོ་ཚུགས་པ་ཞིག་དགོས། གཉུག་མའི་ཡེ་ཤེས་སེམས་ལ་འཆར་བས། སྒྲོ་འདོགས་ནང་ནས་ཆོད་པ་ཞིག་དགོས། དག་བྱེད་ཀྱི་གཉེན་པོ་ལོགས་ན་མེད་པས། འཁྲུལ་པའི་རང་བཞིན་ཤེས་པ་ཞིག་དགོས། རྐྱེན་གང་བྱུང་གཉུག་མའི་གསལ་འདེབས་ཡིན་པས། གང་ཡང་ཆེད་དུ་མི་སྤོང་བ་ཞིག་དགོས།
一切经续的精华即是上师的秘诀,因此,应当于内心上得到上师的引导。
一切见闻之法皆是内心所现,因此,应当将其转变为修行上的技巧。
在究竟的意义上轮涅是无二无别,因此,应当解开二取的结子。
贪嗔的根本在于心,因此,应当断除能取和所取的根本。
得见迷乱的过失后,将迷乱转变为智慧,因此,应当要具备无有迷乱的见谛把握。
原始慧显现于心,因此,应当于内解除增益。能净的对治法不在他处,因此,应当了知迷乱的本性。
一切外缘皆是原始慧的启示,因此,应当无需特意去断除一切外缘。
སྣང་སྲིད་སྐུ་གསུམ་གྱི་རང་བཞིན་ཡིན་པས། གང་ཡང་ཆེད་དུ་མི་སྒྲུབ་པ་ཞིག་དགོས། སྐྱོན་ཡོན་གྱི་འཛིན་པ་གཤིས་ལ་མི་གནས་པས། སྒྲོག་རང་སར་གྲོལ་བ་ཞིག་དགོས། ཡང་དག་གི་དོན་ལ་བསལ་བཞག་མེད་པས། གཉིས་མེད་ཀྱི་རང་ཞལ་ལྟ་བ་ཞིག་དགོས། གནས་ལུགས་ཀྱི་དོན་ལ་བཅོས་རྒྱུ་མེད་པས། བློ་འདས་ཀྱི་རྟོགས་པ་སྐྱོང་བ་ཞིག་དགོས། ཅིར་སྣང་ཆོས་སྐུའི་རོལ་པ་ཡིན་པས། གང་ཤར་ལ་སྤང་བླང་མེད་པ་ཞིག་དགོས། སེམས་ཉིད་ཀྱི་རང་འོད་ལ་འགག་པ་མེད་པས། རྒྱ་ཡན་ལྷུག་པར་འཇོག་པ་ཞིག་དགོས། མཐོ་དམན་གྱི་ཉམས་ལ་རྩིས་གདབ་མེད་པས། གང་ཤར་སྒོམ་དུ་འཆར་བ་ཞིག་དགོས། ཆོས་ཉིད་ཀྱི་རྩལ་ལ་བཟང་ངན་མེད་པས། གང་བྱུང་ལམ་དུ་སློངས་པ་ཞིག་དགོས། སྐྱེ་མེད་ཀྱི་གདངས་ལ་ཅིར་ཡང་འཆར་བས། ཅིར་སྣང་རྒྱན་དུ་འཁྱེར་བ་ཞིག་དགོས། ལྷན་སྐྱེས་ཀྱི་ཡེ་ཤེས་ལ་རྒྱུན་ཆད་མེད་པས། རང་སར་རང་ངོ་ཤེས་པ་ཞིག་དགོས། དགོས་དགུ་རང་ལ་ལྷུན་གྱིས་གྲུབ་པས། གདེང་ཚད་སེམས་ལ་འཆར་བ་ཞིག་དགོས། ཞེས་པ་འདི་ཉིད་ཙ་གོང་དུ་གསུངས་སོ།།
器情即是三身,因此,应当无需特意去求取。本性当中无有功过之执,因此,应当在原处解除锁链。
真实义无有所破所立,因此,应当观照无二之本面。真理之义无所改变,因此,应当持有离心之觉性。
一切现象皆是法身的游舞,因此,应当于所现无所取舍。自性光芒无有坏灭,因此,应当放任自流而住。
觉受的高低无所挑选,因此,应当将一切所受显现为观修。法性之现象无有好坏,因此,应当将一切所现转为道用。
无生之法能现种种现象,因此,应当将一切所现转为庄严。俱生智慧无所断流,因此,应当在原处认识本来面目。一切所需自我任运圆成,因此,应当于心生起如此把握。
于扎贡讲述此言教。古普·钦哲仁波切翻译,陈润泽居士校对汉文。